མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༤ ལོའི་ཕྲུ་གུ་དང་པོ་བོད་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

༢༠༡༤ ལོའི་ཨ་རིའི་ནང་ཕྲུ་གུ་སྐྱེས་པ་དང་པོ་དེ་བོད་ནས་ཡོང་བའི་བོད་པའི་བཟའ་མི་གཉིས་ལ་སྐྱེས་འདུག་ཟེར། 

དེ་རིང་ཨ་རིའི་ནེའུ་ཡོག་ཆ་འཕྲིན་སོགས་གསར་ལམ་ཁག་ཅིག་ནང་གནས་ཚུལ་སྤེལ་བར། ཟླ་སྔོན་མའི་ཚེས་ ༣༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཟིན་ཏེ་སྐར་ཆ་ ༡ གི་སྟེང་། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་སྨན་ཁང་ཨེམ་ཧཱ་སི་ཊི་(Elmhurst Hospital Center in Queens) ཞེས་པའི་ནང་། བོད་པའི་བུ་མོ་མེ་ཏོག་སྒྲོལ་མ་དང་སྐྱེས་པ་ཆོས་རྒྱལ་རྡོ་རྗེ་ཞེས་པ་གཉིས་ལ་བུ་མོ་ཞིག་སྐྱེས་པ་དེ་གཞུང་འབྲེལ་རང་བཞིན་ཐོག་ཨ་རིའི་ནང་གི་ ༢༠༡༤ ལོའི་ཕྲུ་གུ་དང་པོ་དེ་ཆགས་ཡོད་འདུག

ཕྲུ་གུ་དེར་ལྕི་ཚད་ཀཱེ་ལོ་ ༥ མ་ཟིན་ཙམ་ (6 pounds, 11 ounces) ཡོད་འདུག་ལ། བུ་མོ་དེའི་མིང་ལ་བསྟན་འཛིན་ཆོས་མཚོ་ཞེས་བཏགས་ཡོད་འདུག གནས་ཚུལ་ནང་བཀོད་པར་བོད་པའི་ཁྱོ་ཤུག་དེ་གཉིས་ཀྱི་འབྱུང་ཁུངས་བོད་ནས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༨ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 10

  1. བར་ཕུ་ཕུན་ཚོགས། says:
    ལོ་ 13 སྔོན།

    བོད་རིགས་བུ་མོ་བསྟན་འཛིན་ཆོས་མཚོ་དང་ཕ་མ་གཉིས་ལ་བཀྲིས་བདེ་ལེགས་ཞུ་བ་མ་ཟད། ཁོ་མོ་ནི་སྟོབས་ཆེན་ཨ་རིའི་ནང་ཕྱི་ལོ་༢༠༡༤ལོར་བཙས་པའི་མི་རིགས་དང་པོ་དེ་ཡིན་པས་གཞན་དང་མ་འདྲ་བའི་ཁྱབ་བསྒྲགས་དམིགས་བསལ་དང་དགའ་བསུ་དམིགས་བསལ་བྱེད་མི་ནི་བོད་རིགས་ཡིན་པས་བོད་པས་བོད་པར་དགའ་བསུ་དང་ཡིད་ཆེས་བྱེད་པ་དང་འདྲ་བར་མི་རིགས་གཞན་གྱིས་བྱེད་པ་ཧ་ཅང་དཀོན་པོ་རེད། དེས་ན་མོ
    རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་རིགས་ལ་ཕན་པའི་མི་ཞིག་དང་བོད་ལ་དུང་བའི་བུ་མོ་ཞིག་ཆགས་པ་བྱ་རྒྱུ་དེ་མོ་རང་གི་ལས་དབང་ཡིན་ལ་ཕ་མས་ཀྱང་སློབ་གསོ་གནང་གལ་ཆེ་བ་ལགས།

    Reply
  2. བསོད་ནམས་ཕུན་ཚོགས། says:
    ལོ་ 13 སྔོན།

    གོང་གི་གནས་ཚུལ་དང་འོག་གི་པར་འགོད་སྟངས་སོགས་ལ་སྒྱུ་རྩལ་གྱི་ཆ་ལྡན་འདུག ཆབ་བྲག་གིས་གསར་འགྱུར་ཡིན་མིན་ཞིག་བཤད་པ་དེ་རྗེས་ལུས་དང་སྒེར་གཤིས་ཤིག་གི་དབང་གིས་རེད་དྲན་གྱི་འདུག ཐེངས་འདིའི་གནས་ཚུལ་དེ་དང་འབྲེལ་ནས་ཨ་རིའི་མི་མང་གིས་དེང་སྐབས་ཨ་རིའི་ནང་བོད་པ་ག་ཚོད་ཅིག་ཡོད་ན། བོད་པའི་མི་འབོར་གྱིས་ཨ་རིའི་ནང་ཤུགས་ཆེན་པོ་ཆགས་ཡོང་གི་ཡོད་པ་མིན་འགྲོ་བསམ་སྲིད་པ་རེད།

    Reply
  3. བློ་དར། says:
    ལོ་ 13 སྔོན།

    ང་ཚོས་བཀྲ་ཤིས་བདེ་ལེགས་ཞུ་དགོས་པའི་དོན་བཟང་ཞིག་རེད། ཡིན་ནའང་ཨ་རིའི་མི་མང་གིས་གནས་ཚུལ་གཞན་ཞིག་དྲན་སྲིད་པ་རེད། གནད་དོན་གཞན་ཞིག་ནི། གསར་འགྱུར་ནང་བོད་པ་དེ་གཉིས་ཀྱི་འབྱུང་ཁུངས་བོད་རེད་ཟེར་བ་དེ་ག་རེ་ཡིན་ནམ། ཁོང་གཉིས་རྒྱ་གར་སོགས་སྐྱབས་བཅོལ་ཞིག་གི་ངོ་བོའི་ཐོག་ནས་ཨ་རིར་ཡོང་བ་ཞིག་ཡིན་ནམ། ཡང་ན་བོད་ནས་ཐད་ཀར་ཨ་རིར་ཡོང་བ་ཞིག་ཡིན། སྤྱིར་བཏང་དབྱིན་ཡིག་གི་འགྲོ་སྟངས་ལྟར་ན་བཤད་ན་ཚིག་འདི་དོན་དག་གི་ཆ་ནས་གསལ་བོར་གོ་མི་ཐུབ་པ་ཞིག་རེད།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཧ་ཧ་ཧ་ཧ་་་འདི་ཡང་གསར་འགྱུར་རེད་དམ། འདི་ཡང་སྐད་གྲགས་རེད་དམ། འཛམ་གླིང་ལ་སྐད་གྲགས་འཇོག་སྟངས་མང་ག འོ་ན་ད་ལོའི་འཁྲིག་སྤྱོད་ཐོག་མ་གནང་མཁན་དེ་སུ་ཡིན་ནམ། ཧཧཧཧཧཧཧཧ
    ཀུ་རེ་ཡིན། གལ་ཏེ་ང་ཡིན་ན་་བུ་གུ་དེའི་མིང་ལ། ཚེ་གཅིག་ཚེ་རིང། ལོ་གསར་སྐྱེས། ༢༠༡༤ཨང་དང་པོ། ད་དུང་ག་རེ་བཏགས་ན་འོས་མིན་ལ་བསམ་བློ་གཏོང་ས་རེད།

    Reply
  5. སྣང་གསལ། says:
    ལོ་ 13 སྔོན།

    ལ་སོའོ་རྟེན་འབྲེལ་བཟང་པོ་རེད་ད་ལོའི་ཨ་རིའི་རྒྱལ་ཡོང་འཕྲུ་གུ་དང་པོ་དེ་བོད་མི་་ཞིག་ཡིན་འདུག་ཧ་ཅང་དགའ་བའི་ངང་ཁོང་རྣམས་གསུམ་ལ་འཚམས་དྲིན་བཀྲ་ཤིས་བདེ་ལེགས་ཞུ་་་་་།

    Reply
  6. མིག་དམར། says:
    ལོ་ 13 སྔོན།

    སྦྲ་དཔལ་ལྡན་ལགས། སྒང་གི་གསར་འགྱུར་ནང་དུ་ ‘ནེའུ་ཡོག་ཆ་འཕྲིན།’ཞེས་པ་དེར་གསར་འགྱུར་གྱི་ཁུངས་གང་ཡིན་གྱི་དྲ་ཐག་འབྲེལ་མཐུད་བྱས་ཡོད་པ་ལ་དོ་སྣང་བྱུང་མ་སོང་ངམ།

    Reply
  7. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    སྦྲ་དཔལ་ལྡན་ལགས་སུ་ཕྱི་ལོ་གསར་པར་འཚམས་འདྲི་དང་སྦྲགས། གནས་ཚུལ་དེ་དབྱིན་ཡིག་གི་བརྒྱུད་ལམ་མང་པོ་ཞིག་ཏུ་བསླེབས་འདུག་ཀྱང་། ངས་གཞི་འཛིན་ས་དེ་དྲ་ཐག་འདི་གཉིས་ཡིན།

    ༡) ནེའུ་ཡོག་ཆ་འཕྲིན། http://nypost.com/2014/01/01/first-ny-baby-of-2014-born-at-120005-a-m/
    ༢ ) ནེའུ་ཡོག་ཉིན་རེ་གསར་འགྱུར། http://www.nydailynews.com/new-york/dalai-lama-names-nyc-babes-2014-article-1.1563921

    Reply
  8. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    དུས་བབས་གསར་འགོད་པ་ལགས། གོངགི་གསར་འགྱུར་དེ་དྲ་འབྲེལ་གང་ཞིག་ཏུ་ཡོད་ན་ གཤམ་དུ་དྲ་འབྲེལ་ཞིག་གནང་རོགས་ཞུ།

    Reply
  9. ཚེ་རིང་ལྷ་མོ། says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ད་ལོའི་བྱིས་པ་སྐྱེ་མགོ་དེ་བུ་མོ་ཞིག་ཡིན་པ་ལྷག་པར་དུ་དགའ་སྤྲོ་འཕེལ་བ་ཞིག་རེད། མ་འོང་པ་ན་རླབས་ཆེན་གྱི་བུད་མེད་ཅིག་ཆགས་ངེས་རེད།

    Reply
  10. ངག་དབང་ཕུན་ཚོགས། says:
    ལོ་ 13 སྔོན།

    བུ་མོ་མེ་ཏོག་སྒྲོལ་མ་དང་ཕོ་སར་ཆོས་རྒྱལ་རྡོ་རྗེ་གཉིས་ཀྱི་བརྩེ་དུང་ལ་འབྲས་བུ་སྨིན་ཏེ་འཛམ་གླིང་ཐོག་སྐད་གྲགས་བཞག་པ་འདི་ལ་བཀྲ་ཤིས་བདེ་ལེགས་ཞུ། ཡིན་ནའང་འདི་གནས་ཚུལ་ཆེན་པོ་ཆགས་པ་དེས་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཡོང་ངམ་དྲན་ཏེ་སེམས་འཚབ་ཅིག་ཀྱང་སྐྱེ་ཡོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese