གསེར་རྟ་བླ་རུང་དགོན་པའི་བཙུན་མའི་གླིང་དུ་མེ་སྐྱོན་བྱུང་སྟེ་བཞུགས་ཤག་མང་པོ་མེར་འཚིགས་ཡོད་པའི་གནས་ཚུལ་འཐོན་བཞིན་འདུག
ད་ལྟ་རང་གནས་ཚུལ་འཐོན་བཞིན་པ་ལྟར་ན། དོ་ནུབ་བོད་ནང་གི་ཆུ་ཚོད་ ༨།༠༠ ཙམ་ལ་གསེར་རྟ་བླ་རུང་ལྔ་སྒར་དུ་མེ་སྐྱོན་ཆེན་པོ་ཞིག་བྱུང་སྟེ་བཙུན་མའི་གླིང་གི་བཞུགས་ཤག་ ༥༠ནས་ ༨༠ ཙམ་མེ་འཚིགས་ཡོད་པ་དང་། སྐབས་དེར་དགོན་པའི་གྲྭ་བཙུན་དང་མང་ཚོགས་ཚོས་མེ་གསོད་ཐབས་བྱས་ཡོད་ཀྱང་། བཙུན་མའི་བཞུགས་ཤག་ཁག་མཉམ་འདུས་སུ་གནས་ཡོད་པ་དང་མཚན་མོའི་རླུང་གི་རྒྱུ་ཕྱོགས་བཅས་ལ་བརྟེན་ཏེ་མེ་གསོད་མ་ཐུབ་པར། ད་དུང་མེ་ཤུགས་ཆེན་པོ་འབར་བཞིན་པའི་སྒང་ཡིན་འདུག
ཉེ་ལམ་ལི་ཐང་དགོན་ཆེན་ལ་མེ་སྐྱོན་བྱུང་སོང་། ད་རེས་བླ་རུང་སྒར་ལ་མེ་སྐྱོན་བྱུང་སོང་། ད་ལྟའི་དགུན་ཁའི་དུས་སུ་ཚང་མས་མེ་སྐྱོན་ལ་གཟབ་གཟབ་གནང་གལ་ཆེ། གང་ཡིན་ཟེར་ན་གནམ་གཤིས་གྲང་མོ་ཆགས་པ་དང་མཉམ་དུ་མེ་བཀོལ་སྤྱོད་ཇེ་མང་དུ་ཕྱིན་ཏེ་མེ་དགྲའི་འཇིགས་པ་ཧ་ཅང་ཆེན་པོ་ཆགས་ཡོད།
འདི་གཅིག་བྱས་ན་རྒྱ་ནག་གཞུང་གིས་ཆེད་དུ་བཟོས་པ་ཞིག་ཡིན་སྲིད། གང་ཡིན་ཟེར་ན་སྔོན་མ་ནས་བླ་རུང་ཆོས་སྒར་འདི་རྒྱ་ནག་གཞུང་གི་མིག་ནང་གི་ཚེར་ལ་ཆགས་བསྡད་ཡོད་པ་རེད། དགོན་པ་རྒྱ་ཇེ་ཆུང་དང་གྲྭ་བཙུན་ཉུང་འཕྲི་བྱེད་པའི་ཐབས་ཤེས་སྣ་ཚོགས་བྱས་པ་རེད། ལོ་བཅུ་གྲངས་གོང་ལ་རྒྱ་ན་གཞུང་གི་དམག་མི་དང་ལས་བཟོ་བ་སྟོང་ཕྲག་ཁ་ཤས་ཡོང་སྟེ་དགོན་པའི་གྲྭ་བཙུན་ཚོའི་བཞུགས་ཤག་གཏོར་བ་རེད།