མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་བྱས་ན་རོཊ་དངུལ་མང་དུ་གཏོང་གི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་ལ་ལྐོག་ནས་བསྒྲུབ་རྒྱུ་དང་ཁ་ནས་བཤད་རྒྱུ་གཉིས་ཡོད་སྟབས། དེང་སང་རང་ལུས་མེར་བསྲེགས་ཀྱི་གནད་དོན་བྱུང་སྐབས་འཛུགས་སྐྲུན་བྱེད་རྒྱུ་དང་རོགས་དངུལ་སྦྱིན་རྒྱུ་ཇེ་མང་དུ་གཏོང་གི་འདུག་ཟེར།

རྒྱ་གཞུང་གིས་བོད་པའི་དགོན་པ་ཁག་ཏུ་གྲྭ་བ་ཚོད་འཛིན་བྱེད་ཀྱིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་མཐར། བོད་ནང་སྡོད་མ་ཐུབ་པར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཡོད་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བ་མིང་བརྗོད་འདོད་མེད་མཁན་ཞིག་གིས་གསར་འགོད་པར་ངོ་སྤྲོད་གནང་བ་ལྟར་ན། ༢༠༡༡ ལོར་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་ཡོངས་ནས་རྒྱ་གཞུང་གི་གྲྭ་བའི་གྲངས་འབོར་ཚོད་འཛིན་བྱས་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་སྐོར་བརྗོད་དོན། “ སྤྱིར་བཏང་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གིས་གྲྭ་བའི་ཐོབ་ཐང་ལག་ཁྱེར་ཞིག་བཟོས་ཏེ། གཞུང་གི་ལས་བྱེད་དང་དམག་མི་མང་པོ་ ‘ལས་དོན་རུ་ཁག’ དགོན་ནང་ཡོང་ནས་ རང་ལོ་ ༡༨ མ་སོན་པའི་གྲྭ་གཞོན་དང་། ལོ་ ༦༠ བརྒལ་ཡོད་པའི་རྒན་པ་ཚོར་ཚོགས་སྐལ་སྤྲོད་མི་ཆོག་པ་དང་། དགོན་ནང་དུ་སྡོད་ཀྱང་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་མང་པོ་ཞིག་ཕྱིར་འཕུད་བཏང་ཡོད་ཀྱང་། ལས་དོན་རུ་ཁག་ཟེར་བ་དེ་ཕྱིར་ལོག་རྗེས་གྲྭ་བ་ཚང་མ་བསྐྱར་དུ་དགོན་ནང་དུ་བསླེབས་ཡོད། ༢༠༡༡ ལོར་གྲྭ་བ་ཚོར་ཁྲིམས་ལུགས་གོ་རྟོགས་སྐྱོ་ཚུལ་བརྗོད་དེ་རང་ལོ་ ༡༨ ནས་ ༣༠ བར་གྱི་གྲྭ་བ་ ༡༠༠༠ ཙམ་ཁྲིམས་ལུགས་སྦྱོང་ས་ཞིག་ཏུ་འཁྲིད་རྒྱུ་ཡིན་སྐོར་ཞིག་གྲག་ཀྱང་རྗེས་སུ་ལག་བསྟར་བྱས་མ་སོང་ཡང་། སྐབས་དེར་དགོན་པའི་ནང་ཆབ་སྲིད་སློབ་གསོ་གཏོང་མཁན་ ༦༠༠ ཙམ་གྲྭ་ཤག་ཁང་ཤར་རེ་རེ་བྱས་ནས་གཏན་སྡོད་བྱས་ཡོད་པ་རེད” ཅེས་བརྗོད་བྱུང་།

གྲྭ་བ་དེས་སྐབས་དེའི་དོན་རྐྱེན་བྱེ་བྲག་པ་ཞིག་གི་སྐོར་བརྗོད་དོན། “ ལོ་དེའི་ཕྱི་ཟླ་ ༤ ཚེས་ ༢༡ ཉིན་མུན་རུབ་གྲབས་ཡོད་སྐབས་གྲྭ་བ་ཡོངས་རྫོགས་དགོན་པའི་སྒོ་ཆེན་མདུན་དུ་ཕྱིན་ཏེ། ང་ཚོར་སློབ་གསོ་རྒྱག་དགོས་ན་དགོན་པའི་ནང་དུ་རྒྱག་རོགས། ང་ཁྱིམ་དང་ཁ་གྱེས་ཏེ་ཐར་བ་དོན་དུ་གཉེར་ཆེད་དགོན་ནང་དུ་ཡོང་བ་ཡིན། དགོན་པ་ནི་ང་ཚོའི་ཁྱིམ་ཚང་ཡིན་སྟབས་གཞན་གང་དུའང་འགྲོ་ས་མེད་ལ། འགྲོ་རྒྱུའང་མིན་ཞེས་སྐད་འབོད་བྱེད་སྐབས། དྲག་ཆས་ཉེན་རྟོག་པ་མང་པོས་དགོན་པའི་མཐའ་སྐོར་ཞིང་། ཞིང་ཆེན་དང་ཁུལ། རྫོང་སོགས་ཀྱི་མགོ་ཁྲིད་དང་། དགོན་པའི་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ་སོགས་འབྱོར་ཏེ་སློབ་གསོ་བརྒྱབ་སོང་། ཡིན་ནའང་གྲྭ་བ་ཚོས་སློབ་གསོར་ཉན་རྒྱུ་ཕར་ཞོག་ཁོ་ཚོའི་ཁྲོད་བོད་རིགས་ཁ་ཤས་ཡོད་པ་དེ་ཚོར། ཁྱོད་ཚོ་རྒྱ་ནག་གི་རྒྱུག་ཁྱི་བྱས་ཏེ་མི་རིགས་ཀྱི་ཞབས་འདྲེན་རེད་ཟེར་པ་སོགས་ལབ་སོང་། ཅུང་ཙམ་རྗེས་རྔ་པ་ཁུལ་གྱི་ཁུལ་དཔོན་གྱིས་གྲྭ་བ་གཅིག་ཀྱང་ཁྲིད་རྒྱུ་མིན་ཞེས་ཡི་གེ་བྲིས་ཏེ་མིང་རྟགས་བཀོད་སོང་།

འོན་ཀྱང་ཉིན་དེའི་མཚན་གྱི་ཆུ་ཚོད་ ༡༢ ཙམ་ལ་གློ་བུར་དུ་དམག་མིས་དགོན་པའི་གྲྭ་ཤག་རེ་རེ་བཞིན་སྔོག་བཤེར་བྱས་ཤིང་། ༸རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་བོད་དོན་དང་འབྲེལ་བའི་ཅ་དངོས་ཡོད་པ་ཚང་མ་འཕྲོག་སོང་། ཕྱི་ཉིན་ཞོགས་པར་ལས་བྱེད་ཅིག་ཡོང་སྟེ ‘མདང་དགོང་གི་གནས་ཚུལ་དེ་ཕྱི་ལོགས་སུ་མ་བཤད། ཁྱེད་རང་ཚོ་ལྷོད་ལྷོད་བྱས་ནས་སྡོད། སྐྲག་དགོས་པ་མ་རེད། ད་ཚང་མ་འགྲིག་སོང’ ཟེར། ཕྱིས་སུ་ཤེས་རྟོགས་བྱུང་བར་མཚོ་སྔོན་དང་ཡུལ་ཤུལ་སོགས་ཞིང་ཆེན་གཞན་ནས་ཡོང་བའི་གྲྭ་བ་ ༣༠༠ ལྷག་མཚན་མོ་དེར་འཛིན་བཟུང་བྱས་འདུག དེ་དག་ཟླ་གཉིས་ལྷག་ལ་བཀག་ཉར་གྱིས་ཆབ་སྲིད་སློབ་གསོ་སྤྲད་རྗེས་སོ་སོའི་ཕ་ཡུལ་དུ་བསྐྱལ་ནས་ཕྱིར་ཡོང་མི་ཆོག་པ་བཟོས་འདུག དེ་ནས་དགོན་པར་ལྷག་ཡོད་པའི་རང་ལོ་ ༡༨ མ་ལོན་པའི་གྲྭ་བ་ཚང་མ་སློབ་གྲྭར་འགྲོ་དགོས་པ་དང་། གལ་སྲིད་སློབ་གྲྭར་མ་སོང་ན་རོགས་དངུལ་མེད་པར་གཏོང་རྒྱུ་དང་། དངུལ་གྱི་ཉེས་ཆད་གཅོད་རྒྱུ། ཁྱིམ་ཚང་དེར་སློབ་མ་ཡོད་ན་སློབ་གྲྭར་འགྲོ་མི་ཆོག་པ་བཟོ་རྒྱུའི་འཇིགས་སྐུལ་བྱས་སོང་། ”ཞེས་བརྗོད་བྱུང་།

རྒྱ་གཞུང་གིས་རང་ལུས་མེར་བསྲེགས་བྱུང་བའི་ཁྱིམ་ཚང་དང་སྡེ་བ་ལ་སྔར་ལས་རོགས་སྐྱོར་དང་འཛུགས་སྐྲུན་བྱས་ཏེ་བསླུ་བྲིད་གཏོང་གི་ཡོད་སྐོར་ལ་ཁོང་གིས། “དང་ཐོག་རྒྱ་གཞུང་གིས་སྡེ་བ་དང་ཁྱིམ་ཚང་ཞིག་གི་ནང་རང་ལུས་མེར་བསྲེགས་གནད་དོན་བྱུང་ཚེ། གཞུང་གི་རོགས་དངུལ་མེད་པ་བཟོ་རྒྱུ་ཡིན་ཞེས་དྲག་པོ་བཤད་ནས་ཚོད་ལྟ་བྱས་པ་རེད། ཡིན་ནའང་། རྒྱ་གཞུང་ལ་ལྐོག་ནས་བསྒྲུབ་རྒྱུ་དང་ཁ་ནས་བཤད་རྒྱུ་གཉིས་ཡོད་སྟབས། ཡིན་ནའང་དེང་སྐབས་གྲོང་པ་ཞིག་ལ་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཞིག་བྱུང་མ་ཐག གྲོང་པ་དེར་འཛུགས་སྐྲུན་དང་རོགས་དངུལ་སོགས་སྔར་ལས་མང་དུ་གཏོང་གི་འདུག” ཅེས་སོགས་བརྗོད་བྱུང་།

རང་ལུས་མེར་བསྲེགས་ཀྱི་འབྱུང་རྐྱེན་སྐོར་ལ་ཁོ་རང་སྒེར་གྱི་བསམ་ཚུལ་བརྗོད་དོན།  “དགུ་བཅུ་གོ་གྲངས་ནས་བཟུང་ཀིརྟི་དགོན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་མགོ་བརྩམས་ཏེ། ལོ་རེ་བཞིན་དམ་དྲག་ཤུགས་ཆེ་རུ་ཕྱིན་ཏེ་བོད་མི་ཚོའི་སེམས་ཀྱི་རྨ་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་བོད་མི་རྒན་གཞོན་དབྱེ་བ་མེད་པར་སེམས་སུ་ནོར་བུ་ཞིག་ཡོད་པ་༸རྒྱལ་བ་ཡིད་བཞིན་ནོར་བུ་རེད། ཁོང་དགུང་ལོ་བདུན་ཅུ་དོན་གྲངས་སུ་ཕེབས་ཟིན་པ་དང་། ནམ་ཞིག་མིའི་གཟུགས་ཀྱིས་དགོངས་པ་གཞན་དོན་དུ་གཤེགས་འགྲོ་རྒྱུ་ཡིན་སྟབས། གཞིས་ལུས་བོད་མི་ཚོའི་སེམས་སུ་ཁོང་གི་ཞལ་མཇལ་བ་དང་གསུང་ཐོས་པའི་སྐལ་བ་ལྡན་རྒྱུ་མ་རེད་བསམ་ནས་ཆུ་ཚོད་སྐར་མ་རེ་རེ་བཞིན་དུ་སེམས་སྡུག་ཆེ་རུ་འགྲོ་བཞིན་ཡོད་པ་རེད། རང་ལུས་མེར་སྲེག་མཁན་ཚང་མའི་འབོད་སྒྲ་དང་པོ་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་དེ་ཡིན་ལ། དེ་ནས་ཆོས་ལུགས་དང་སྐད་ཡིག སྨྲ་བརྗོད་བཅས་རང་དབང་དགོས་ཟེར་གྱི་ཡོད་པ་རེད”ཅེས་བརྗོད་སོང་།

ཡང་ཁོང་གིས་རྒྱ་གཞུང་གིས་རྔ་པ་རྫོང་ཁོངས་ཀྱི་འབྲོག་པ་མང་པོ་ཞིག་གྲོང་རྡལ་ཅན་དུ་སྒྱུར་བཞིན་པའི་ཁར། མང་པོ་ཞིག་གིས་རང་འགུལ་ཐོག་སྒོ་ཕྱུག་རྟ་ནོར་ལུག་གསུམ་སྡེབ་ཚོང་བྱས་ཏེ་གྲོང་ཁྱེར་དུ་གནས་སྤོར་བྱས་ཏེ། མི་རབས་དང་དུས་རབས་མང་པོ་བརྒྱུད་པའི་འབྲོག་པའི་རིག་གནས་འཚོ་བ་རྩ་མེད་ཆགས་ཀྱི་ཡོད་པ་དང་། གནས་སྤོར་བྱས་པའི་འབྲོག་པ་དེ་དག་གྲོང་ཁྱེར་དུ་བསླེབས་རྗེས་ཤེས་ཡོན་དང་སྐད་ཡིག་གང་ཐད་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། འཚོ་བའི་གནས་སྟངས་ཀྱང་སྔར་ལས་ཇེ་ཞན་དུ་ཕྱིན་ཏེ་ན་གཞོན་མང་པོ་ལས་མེད་ཆགས་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་། 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 2

  1. གཅེན་པོ། says:
    ལོ་ 13 སྔོན།

    ༼དང་ཐོག་རྒྱ་གཞུང་གིས་སྡེ་བ་དང་ཁྱིམ་ཚང་ཞིག་གི་ནང་རང་ལུས་མེར་བསྲེགས་གནད་དོན་བྱུང་ཚེ། གཞུང་གི་རོགས་དངུལ་མེད་པ་བཟོ་རྒྱུ་ཡིན་ཞེས་དྲག་པོ་བཤད་ནས་ཚོད་ལྟ་བྱས་པ་རེད། ཡིན་ནའང་། རྒྱ་གཞུང་ལ་ལྐོག་ནས་བསྒྲུབ་རྒྱུ་དང་ཁ་ནས་བཤད་རྒྱུ་གཉིས་ཡོད་སྟབས། ཡིན་ནའང་དེང་སྐབས་གྲོང་པ་ཞིག་ལ་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཞིག་བྱུང་མ་ཐག གྲོང་པ་དེར་འཛུགས་སྐྲུན་དང་རོགས་དངུལ་སོགས་སྔར་ལས་མང་དུ་གཏོང་གི་འདུག ༽ དེ་འདྲ་ཟེར་བ་ཡིན་ན་རང་ལུས་མེར་བསྲེགས་བྱེད་དགོས་པའི་བསྐུལ་སློང་བྱེད་མཁན་རྒྱ་ནག་གཞུང་རེད་པས།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    དངུལ་རེག་མིན་དེ་གནད་དོན་མ་རེད། བོད་ནང་མ་གཏོགས་ རྡ་སའང་དངུལ་རེག་གི་ཡོད་པ་རེད། ཡིན་ནའི། ལས་ཀ་སུཞིག་གིས་ལས་ཐུབ་བམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese