རྡོ་རྗེ་དོན་གྲུབ།
གསེར་རྟའི་རྙོག་གླེང་དང་འབྲེལ་ནས། ཡང་ན་གསེར་རྟ་མདོ་སྨད་ཡིན་པའི་དཔང་རྟགས་སུ། གསེར་རྟའི་མི་ཞིག་སྤྱི་འཐུས་ནང་འོས་འཕེན་པ་དེ་ནོར་འཁྲུལ་རེད། དེ་བཞིན་མདོ་སྟོད་ཡིན་པའི་སྒྲུབ་བྱེད་དུ་འོས་བླུགས་ཏེ་སྤྱི་འཐུས་ཆགས་ཐབས་བྱེད་པ་དེའང་ནོར་འཁྲུལ་རེད། འདི་རིགས་ནི་ཞེན་ཁོག་བྱེད་མ་ཤེས་པ་དང་། ཤེས་ཡོན་མེད་པའི་ཞེན་ཁོག་བྱེད་སྟངས་ཤིག་རེད། ད་ལྟའི་སྐབས་ང་ཚོ་བོད་གངས་ཅན་པ་ཚོར་གསེར་རྟ་རྩོད་པའི་དུས་ཚོད་ཅིག་ཏུ་ཁྱོན་ནས་སླེབས་ཡོད་པ་མ་རེད། མ་གཞི་ནས་གསེར་རྟ་གང་དུ་གཏོགས་མིན་གྱི་བདེན་དཔང་ངོ་མ་ལོ་རྒྱུས་ཁོ་ནས་བྱེད་པ་མ་གཏོགས། དཀོན་མཆོག་གིས་བདེན་དཔང་བྱེད་ཐུབ་ཀི་མ་རེད་ལ། དཔོན་པོས་ཀྱང་བྱེད་ཐུབ་ཀི་མ་རེད། གསེར་རྟ་གང་དུ་གཏོགས་མིན་ནི་ལོ་རྒྱུས་རང་གིས་ཐག་གཅོད་དགོས་པ་འདི་ཚང་མས་སེམས་ལ་ཉར་རོགས།
མདོ་སྟོད་ཁོངས་གསེར་རྟ་མདོ་སྟོད་ཡིན་ཚུལ་གྱི་སྤྱི་འཐུས་ཤིག་གྲོས་ཚོགས་ནང་སླེབས་ཡོད་ན། མདོ་སྨད་ཀྱིས་ཀྱང་དེ་ལྟར་གནང་དགོས་དོན་གཏན་ནས་མི་འདུག་སྙམ། སྔ་མོར་དེ་ལྟར་གནང་བ་རེད། གནང་བས་མདོ་སྟོད་སྨད་གཉིས་ལ་ཕན་འབྲས་གང་ཡང་ཐོན་མེད་ཁར། བོད་སྤྱི་ལ་དེ་བས་ཀྱང་ཕན་འབྲས་གང་ཡང་ཐོན་མེད། རང་གི་བསམ་བློའི་ནང་གསེར་རྟ་རྩོད་ཀྱི་ཡོད་པའི་བསམ་ཚུལ་ཞིག་འཁྱེར་ནས་ཁ་ནས་ཅང་མ་གསུངས་པར་འོས་བླུགས་ནའང་། ངོ་ཐོག་ཕྱོགས་ཞེན་ཁོ་ན་ཆགས་ཡོད་པ་རེད་ལ། དེ་དྲང་པོ་མ་རེད། ༸གོང་ས་མཆོག་གི་དགོངས་གཞི་ལའང་མཐུན་གྱི་མེད་པ་རེད། གསེར་རྟ་བ་ཞིག་གིས་རང་ཉིད་མདོ་སྟོད་སྨད་གང་གི་ཁོངས་སུ་གཏོགས་མིན་གྱི་རྣམ་འགྱུར་སྟོན་ས་དང་ཐ་ཚིག་སྒྲོག་ས་གྲོས་ཚོགས་རྭ་བའི་སྡིངས་ཆ་འདི་རེད་བསམས་ན་རྣམ་དཔྱོད་མ་རྒྱས་པའི་གླེན་རྟགས་རང་རེད། མིས་ག་རེ་བྱེད་མིན་ལ་མ་བལྟས་པར། རང་རང་སོ་སོས་བླང་དོར་མ་ནོར་པ་བྱེད་དགོས་པ་༸རྒྱལ་བའི་ལམ་སྟོན་རེད། དེའི་ཆ་ནས་གསེར་རྟ་བ་དག་གིས་ཆོལ་ཁུངས་ག་རེ་ཡིན་མིན་སྟོན་ཆེད་བོད་སྤྱི་པའི་འཐུས་མིའི་ས་མིག་འདི་ལ་ལྷད་མ་བཏང་ན་ཡག་པོ་འདུག་བསམས་སོང་།
སྔ་མོར་གསེར་རྟ་ཚུལ་ཁྲིམས་གཉིས་ཀྱིས་རྩོད་པ་མང་པོ་བྱས་པ་རེད། རྩོད་ཀྱིན་རྩོན་ཀྱིན་དོན་དངོས་བཤད་རྒྱུ་ལས་འཁོན་འཛིན་གྱི་རྣམ་པ་ཇེ་ཆེར་སོང་པ་རེད། མ་འོངས་པའང་དེ་འདྲ་ལས་གཞན་ཡོང་རྒྱུ་མེད་པ་དེའང་ཤེས་གསལ་རེད། མཇུག་མཐར་ཕྱོགས་གཉིས་ཀྱི་སྐྱོན་མཚང་སྔོག་རེ་བྱས་ཏེ་ཇོ་འཛིང་རང་བྱས་ཡོད་པ་རེད། དེ་ལྟར་བྱུང་ན་སྤྱི་ཚོགས་ལའང་གནོད་ཀྱི་འདུག་ལ། མི་རབས་གསར་པ་ཚོའི་མཐུན་ལམ་ལ་དེ་བས་ཀྱང་གནོད་ཀྱི་འདུག དེང་སང་རྩོད་གཞི་དེའི་རྐྱེན་འཁོན་འཛིན་གྱི་རྣམ་པ་ག་ཚོད་ཐོན་ཡོད་མེད་ཚང་མས་ཤེས་གསལ་རེད། ད་ཐེངས་མདོ་སྨད་ཀྱི་བར་མའི་འོས་བསྡུ་དང་འབྲེལ་ནས་གསེར་རྟ་བ་ཞིག་གིས་གྲ་སྒྲིག་བྱེད་ཀྱི་ཡོད་པ་འདྲ་ལ། སྤྱི་ཟུར་ལགས་ཀྱིས་རང་གིས་མི་བཟང་པ་རྒྱུ་མཚན་དུ་དྲངས་ཏེ་དགོངས་པ་ཞུས་ཀྱང་། གསེར་རྟ་བ་གཞན་ཞིག་བསླེབ་རྒྱུར་རྒྱབ་སྐྱོར་གང་ཡོང་ཅི་ཡོང་བྱེད་ཀྱི་ཡོད་པ་འདྲ། དེ་ནི་འོས་འཚམས་ཤིག་རེད་དམ། སྤྱི་ཟུར་ཁོང་གིས་ཕྱོགས་རིས་ཀྱི་རྣམ་པ་དེ་གྲོས་ཚོགས་ནང་མ་ཡོང་ན་ཞེས་གསལ་བསྒྲགས་སྤེལ་ཏེ་དགོངས་པ་ཞུས་རྗེས་ཡང་མི་གཞན་ཞིག་བསླེབ་ཐབས་བྱས་ན། དེ་དྲང་པོ་མ་རེད་ལ་ཁ་ཞེ་མ་མཚུངས་པའི་རྟགས་ཀྱང་རེད་འདོད།
མ་གཞི་ནས་གསེར་རྟའི་ལོ་རྒྱུས་ཀྱི་དོན་དངོས་ཞིབ་འཇུག་དང་གསལ་བཤད་སྔ་ན་མེད་པ་ཞིག་གནང་འདོད་ཡོད་ན། གྲོས་ཚོགས་ཀྱི་ཕྱི་རོལ་གྱི་མི་དཀྱུས་མ་ཞིག་གིས་གནང་ན་དེ་ལ་གཟི་བརྗིད་ཆེན་པོ་འདུག་བསམས་ལ། དེ་ལྟར་གནང་ན་ལོ་རྒྱུས་ཀྱི་གནད་དོན་རྐྱང་པ་ཞིག་ཆགས་རྒྱུ་ལས། བོད་མི་ནང་ཁུལ་ལ་འཁོན་འཛིན་འགལ་ཟླར་འགྲོ་གཞི་མེད་པ་རེད། དེ་མིན་རྐྱེན་དེའི་སེམས་རྒྱུད་བརླན། དེ་ནས་གནད་དོན་འདྲ་མིན་སྟེང་གྲོས་བསྡུར་བགྲོ་གླེང་བྱེད་དུས་བསམ་ཤེས་མ་ཐུབ་པ། ཉན་རེ་མི་བྱེད་པ། བརྩི་འཇོག་མི་བྱེད་པ་སོགས་དེ་སྔ་བཞིན་ཡོང་ངེས་སྟབས། མདོ་སྨད་མི་མང་སོ་སོའི་ངོས་ནས་༸གོང་ས་ཆེན་པོའི་ཐུགས་རྗེའི་ལམ་སྟོན་འོག་བོད་སྤྱི་པ་རང་ལ་དགོངས་བཞེས་གནང་ནས་ཕྱོགས་རིས་ཅན་གྱི་འོས་ཤོག་ཅིག་རྩ་བ་ནས་མ་ལྡུགས་རོགས་ཞེས་མ་ཞུ་ཐབས་མེད་ཆགས་སོང་ལ། མདོ་སྟོད་སྨད་སུ་ཞིག་ཡིན་རུང་གསེར་རྟའི་ལོ་རྒྱུས་ཀྱི་དོན་དངོས་ནམ་ཡང་བརླག་མི་ཉན་པའང་ཆབས་གཅིག་ཞུ་ཐལ་ཤོར་སོང་།
༢༠༡༤། ༡། ༡༩། ཉིན།།
བལ་སྡོད་ཨ་མདོའི་གཡོག་པོ་བྱས་པའི་དུས།།
བལ་ཡུལ་མདོ་སྨད་རྒྱུན་ལས་བྱེད་པའི་སྐབས།།
ཨ་མདོ་བ་ལ་མཁོ་བའི་མི་བུ་དེ།།
མདོ་སྟོད་གསེར་རྟ་རེད་ཅེས་ཕུད་མཁན་མེད།།
དེ་རིང་ཁ་རྩང་གཏམ་འདི་ཧ་ཧ།།
ཨ་མདོ་བ་འདི་དོན་དུ་ཁྲེལ་མེད་དམ།།
མདོ་སྨད་བ་ལ་ངོ་མ་ངོ་ཚ་མེད།།
ཟུར་གནས་སུ་ཡིས་ཐོས་ན་ཧོ་ཧོ།།
རང་གི་དྲི་ངན་རང་གིས་མི་ཚོར་བར།།
གཞན་ལ་མཛུབ་མོ་ཀེར་བའི་གཤིས་ཀ་འདིི།།
ཕོ་ངན་མི་ལ་མ་བགོས་ཐུན་མོང་གིས།།
དཔྱོད་ལྡན་མི་ལ་གོས་འདོད་འཁྲུལ་བའི་བློ།།
འདིར་ལ་སྐད་ཅོར་མ་རྒྱག
གསེར་རྟའི་མི་དམངས་འདེམས་ཀ་བྱེད་ཡ་དབང་ཆ་རེད་མ་གཏོགས་དེ་མིན་བྱུས་གཏོགས་མེད།
བོད་རིགས་ནང་ཁུངས་ལ་མ་གཏོགས་གཞན་ལ་སྐད་རྒྱག་ཐུབ་ཀྱི་མི་འདུག་གམ།
སྙིང་རྗེ།
གསེར་རྟ་ཟེར་པ་གང་ན་ཡོད་མེད་མི་ཤེས་ཨེ། གསེར་རྟ་མདོ་སྨད་མགོ་ལོག་ཨ་སྐྱོང་དཔོན་པོའི་མངའ་ཞབས་ཀྱི་ས་ཆ་ཆུང་ཆུང་ཞིག་རེད། ཕྱིས་སུ་མདོ་སྨད་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་སྐབས་༸ཀུན་གཟིགས་བཅུ་པ་ཆེན་པོའི་གཟིགས་སྐྱོང་འོག ཆོས་རིག་གི་བསྟི་གནས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་བཙུགས་ཏེ་དེང་སང་སངས་རྒྱས་ཆོས་དང་བོད་ཀྱི་རིག་གནས་སྐད་ཡིག་གོམས་གཤིས་དང་བཅས་པ་ཕན་རླབས་ངེས་ཅན་ཞུ་ཐུབ་མཁན་གྱི་ས་གནས་ཤིག་ཆགས་རྒྱུའི་སྟ་གོན་བྱས་ཚར་ཡོད་པ་རེད།།
གོམ་ལག་མཛོམས་པའི་རྟ་ཞིག་ང་མེད། །
རྙོག་ལངས་མེད་པའི་ངོ་མ་སྐྱིད་ཀི །
གསེར་རྟ་ཟེར་བ་གང་གི་གང་རེད། །
བོར་བའི་ས་ཞིག་འདི་ན་མི་འདུག །
ལོ་རྒྱུས་ལོ་རྒྱུས་ཟེར་བ་འདི་ཡང་། །
རྒན་པོ་འཁྱོག་དོ་ཞིག་གི་གཏམ་རེད། །
བདེན་པ་བདེན་པ་ཟེར་བ་འདི་ཡང་། །
ཕྱོགས་ཞེན་རྒན་པོ་ཁ་མཁས་ཤིག་རེད། །
སུ་ལ་ཐོབ་པའི་རྒྱ་ཞིག་མ་འཇོག །
གཞུང་ལ་མཁོ་པའི་མི་ཞིག་བཙལ་རོགས། །
རིགས་ལ་གཅེས་པའི་དཔོན་ཞིག་རག་ན། །
དམིངས་ལ་ཕན་པའི་སྨན་ནི་དེ་རེད། །
གནས་ཚང་གིས་ཐུགས་ཁྲལ་མ་གནང།
ཉིད་ནས་གཞན་དཀྲུགས་འདོད་མེད་ཀྱང། རང་འཁྲུགས་ཏེ་སོ་ན་མི་གནས་པའི་གཏམ་འབའ་ཞིག་བཤད་བཞིན་པ་ཤེས་སོང་ན་དེས་ཆོག མ་གཞི་ནས་ཆོས་ཉིད་མི་འགྱུར་བའི་རང་གཤིས་ལྟར། ༸གོང་ས་མཆོག་དང་ལམ་དབུ་མ་སོགས་ལ་སྐྱོན་འདོགས་ཀྱིས། སྲིད་སྐྱོང་ཤོག་སེང་ལ་བསྟོད་བསྔགས་བཏང་པ་དེས་ཁུངས་མི་འཁྱོལ་བ་ཤེས་ཡོད་ན་དེར་དགའ། ཧཧཧཧ
ཀེ་ར་ཀ་ཟེར་བ་འདི་མདོ་སྨད་དཀྲུགས་མཁན་ཤ་སྟག་ཅིག་རེད། འདས་མ་ད་གསུམ་ལ་མདོ་སྨད་པར་ནང་ཟིང་སློང་བསྡད་ཡོད་པས། སུས་ཀྱང་ཉན་འཇོག་གནང་མདོག་ཁ་བོ་མི་འདུག
ལྷོ་ཕྱོགས་ཡུལ་དུ། གསེར་རྟའི་སྤྱི་ཟུར་དང་དེའི་ཕྱོགས་གཏོགས་ཀྱིས་ཤར་ཕྱོགས་ཁུག་རྟ་ལགས། བློ་ཐག་ཆོད་པོ་དང་སྙིང་སྟོབས་ཆེ་ཡ་མང་དྲག་ནས་ཅུང་དྲག་པོའི་རྣམ་པ་འདུག མ་འོངས་པར་རང་བཙན་ཁ་ལ་ཁྱེར་ནས་འདྲ་མིན་བཤད་མཁན་ཚོའི་མགོ་འགྱོག་རྒྱུ་མེད་པ་བཟོ་ཙང། དེའི་སྟབས་ཀྱིས་སྤྱི་ཚོགས་ནང་མ་བདེ་བ་ཡོང་སྲིད། དེ་བས་དེ་ལས་ཞི་འཇམ་པ་ཞིག་བླུགས་ན་དགའ་ཚུལ་བསྒྲགས་ཀྱི་འདུག་ཟེར། འདི་ནི་བཤད་སྟངས་མཁས་པོ་འདྲ་ཡིན་སྲིད་མོད། ད་ལྟའི་གནས་བབ་འདི་དང་སྲིད་བྱུས་ལངས་ཕྱོགས་འདིའི་འོག་དོན་དམ་མདོ་སྨད་ལ་སྤྱི་འཐུས་གང་འདྲ་ཞིག་དགོས་མིན་སྟེ། ངས་མ་བཤད་ཀྱང་ཚང་མས་མཁྱེན་གསལ་རེད། གཙོ་བོ། མདོ་སྨད་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ལ་རྦད་དེ་རྒྱུས་མངའ་ཉུང་ཉུང་རེད། དེ་གཉིས་གཙོ་བོར་བཟུང་ན་སྤྱི་འཐུས་ཡག་པོ་ཞིག་སླེབས་ཐུབ་ཀྱི་རེད། དེ་ནས་འདྲ་མིན་བཤད་ནས་ཅང་ཕན་ཐོགས་ཡོང་གནས་མ་མཐོང།།
རྒྱ་རྙི་ཟེར་པ་དེ་ང་ཚོའི་མདོ་སྨད་སྤྱི་འཐུས་ཤིག་མ་རེད་དམ།
བཀྲ་ཤིས་དོན་གྲུབ་ཡག་བཙོག་བཤད་ཀྱི་མི་འདུག གསེར་རྟའི་རྙོག་གླེང་ཐག་ཆོད་མ་བྱུང་བར་གསེར་རྟ་བ་ཞིག་ཕྱོགས་གང་ནས་སླེབས་པ་ཡིན་ནའང། དེ་ཕྱོགས་རིས་ཀྱི་རྣམ་ཅན་ཆགས་འགྲོ་བ་དངོས་ཡོད་གནས་ཚུལ་ལ་སོང། བསམ་བློ་གཏོང་དགོས་པ་ཏན་ཏན་རེད། མདོ་སྨད་སྤྱི་འཐུས་ནང་བརྒྱ་ཆའི་བརྒྱད་བཅུ་གནས་ཚད་ལོང་བཞག་པ་དེ་འདྲ་གང་ཡང་མིན་སྟབས། སྤྱི་མཚུངས་ཤིག་སླེབས་ན་དེ་བས་ཀྱང་ཕན་ཐོགས་འབྱུང་རྒྱུ་ཁག་པོ་རེད།
གནས་ཚང་ལ། སྐུ་ངོ་ཚོགས་གཙོས་མ་འོངས་རང་སྐྱོང་གི་སྒྲོམ་གཞི་དང་དེའི་ནང་ཁུལ་སྲིད་འཛིན་དབྱེ་སྟངས་ད་ལྟ་ནས་བོད་ཕྱོགས་ཀྱིས་ཅིག་བཤད་ཀྱི་བསྡད་ན་སོ་ན་མི་གནས་པའི་གཏམ་ཡིན་པ་གསལ་བོ་མཁྱེན་གི་རེད། དེ་བས་ཁྱེད་ཀྱིས་ཁྱེད་རང་ཞུ་དག་ཡག་ཐག་ཆོད་ཅིག་གཏོང་དགོས་པ་འདྲ། འཆམ་པ་ངོར་རྒྱུགས་ཏེ་སྣ་ཆུ་མིག་ཆུང་ཟགས་པའི་ངང་ཚུལ་འདི་ལས་ངན་སྨྲས་བྱེད་འདོད་ཀྱང། རིགས་པ་དང་གཏན་འགལ་ཞིག་མ་བྱས་ན་གཅིག་བྱས་ན་མི་རེ་འགའ་མགོ་སྐོར་འོག་ཚུད་སྲིད་པ་རེད།
ས་རྨ་ཆུའི་ཁུགས་སོ་མ་གླེང། ཆོལ་ཁའི་ས་མཚམས་མ་རྩོད།
ཨ་མདོ་ཁམས་པ་དབུས་གཙང་གསུམ་པོ། རང་གི་མི་ལ་ངོ་སྤྲོད་ཆེ་དགོས།
གསེར་རྟ་ཤོར་ན་ཤོག་ཆུག འཆོར་ས་བོད་ཡུལ་ཁམས་རེད།
སྐུ་འབུམ་ཤོར་ན་མི་ཆོག འཆོར་ས་ནག་པོ་རྒྱ་རེད།
སྤྱི་འཐུས་སུ་ཐོབ་སུ་རེད། མང་མོས་དམངས་གཙོའི་ལུགས་རེད།
བདག་གི་འདོ་རིག་རྟ་ཕོ། སྟག་ཤར་ཤར་ཕྱོགས་ཁུག་རྟ།
འཐོབ་པའི་བསང་ཞིག་གཏོང་རྒྱུ། མ་ཐོབ་འགྱོད་པ་ཅང་མེད།
སང་ལོ་ཡང་བསྐྱར་རྒྱུག་ཆོག ཧ་ཧ་ཧཧ་ཧ་་་
སྐུ་ངོ་སྤྱི་འཐུས་ཚོགས་གཙོས་ཨ་རི་ནས་གསལ་པོ་དག་པོ་གསུངས་སོང་། བོད་ཁུལ་རང་སྐྱོང་ཁུལ་གསུམ་དུ་བཟོ་རྒྱུ་དང་། དེ་དག་ནི་བོད་རང་སྐྱོང་ལྗོངས། མཚོ་སྔོན་བོད་ཁུལ། ཟི་ཁྲོན་བོད་ཁུལ་བཅས་རེད། དེ་བས་གསེར་རྟ་ནི་ཟི་ཁྲོན་བོད་ཁུལ་ཁོངས་གཏོགས་རེད།
སྤྱིར་ང་ཚོའི་ཆོལ་ཁ་གསུམ་ཞེས་པ་དེ་སོག་རྒྱལ་གྱི་ཁོང་རང་ལ་དགོས་དབང་གིས་བཟོས་འདུག །ཡིན་ནའང་ང་ཚོ་དེ་ལ་འཐམ་ནས་བསྡད་ཡོད་པ་རེད །ལོ་རྒྱུས་ནང་ལ་ཀོང་པོའི་བར་ལ་ནས་རྨ་ཁུག་དང་པོའི་ཚུར་ཆད་མདོ་སྟོད་མི་ཡི་ཆོལ་ཁ་ཟེར་ཡོད་པ་གསལ་པོ་རེད་ལ་ཚང་མས་ཤེས་གསལ་རེད །དེ་ན་གསེར་རྟ་དེ་རྨ་ཁུག་དང་པོའི་ཕར་ཕྱོགས་འདུག་གམ་ཚུར་ཕྱོགས་འདུག་ལྟོས་ན་ཤེས་གསལ་རེད །དེ་ལ་རྩོད་པ་རྒྱག་དགོས་དོན་ཅི་འདུག །
རྡོ་རྗེ་དོན་འགྲུབ་ཟེར་པ་ཁྱོད་ཀྱིས་མིང་བྱང་རྫུན་མ་རེའི་འོག་ནས་སྤྱི་ཚོགས་ནང་དཀྲུག་ཤིང་ལྟ་བུའི་རྩོམ་ཡིག་མ་སྤེལ་ན་ལེགས་པར་སེམས།
ཀེ་ཏ་ཀས་བཤད་པ་ལྟར།
ངས་བསམས་ན་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཚད་ལྡན་རེད། དེ་གཉིས་མདོ་སྨད་ཙམ་མ་རེད་ཡོངས་གྲགས་རྩེ་གྲས་ཁོངས་རེད།
དེའི་འཕྲོར་མདོ་སྨད་ཀྱི་སྤྱི་འཐུས་བརྒྱད་ལ་གནས་ཚད་འདང་ངེས་ཤིག་འཛོམས་མེད། མ་འཛོམས་པའི་ཐད་འདི་དག་རེད། ༔
གཅིག་འཛིན་སྐྱོང་གི་སྐོར་དང།
གཉིས་ཆབ་སྲིད།
གསུམ་སྐད་ཡིག་གཞན་རྒྱུད་པའི་རྒྱལ་སྤྱིའི་ཆབ་སྲིད་བཅས་ཀྱི་སྐོར།
བཞི། སྨྲ་ལྕེ་ཕལ་ཆེར་ཕྱེད་ལྐུགས་རྐྱང་རེད།
ལྔ། བོད་རིག་པའི་གནས་ཚད་ཚད་ལོངས་པ་ཞིག་ཀྱང་མི་འདུག
དེའི་ཆ་ནས་སྤྱི་འཐུས་འདི་དག་ལས་ཡག་པོ་ཞིག་ངེས་པར་དུ་འདེམས་དགོས་པ་དེ་གལ་ཆེན་རེད།
ཨ་རོ། གནས་ཚང། དཀར་མཛེས་མཚོ་སྔོན་ཞིང་ཆེན་གྱི་འོག་ཡིན་པས་ཅང་བཤད་ཡ་ལྷག་མི་འདུག
གནས་ཚང་ལ།
”གལ་སྲིད་སུ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་བསྐྱོར་གནང་གི་ཡོད་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་གནང་དགོས་ཀྱི་ཡོག་རེད། དེ་བས། དཀར་མཛེས་ནི་མཚོ་སྔོན་གྱི་མངའ་ཁོངས་འཁྲུལ་མེད་རེད། རྩོད་ཡ་ལྷག་ཡོག་མ་རེད། དེ་ལྟ་མ་ཡིན་ན། གནས་ཚུལ་ལོག་ག་རེད།”
སྤྱི་ཟུར་ཚུལ་ཁྲིམས་འོད་ཟེར་གྱིས་ཞབས་འདྲེན་གང་ཡང་ཞུས་མེད་ལ། དེ་གླེང་དགོས་པ་མ་རེད། ཕར་ཕྱོགས་ནས་ཅིག་བྱེད་ཀྱི་འདུག་ཟེར་ཞོར་ཚུར་ཕྱོགས་ནས་རང་གིས་བྱེད་ཀྱི་ཡོད་པ་མ་ཤེས་ན་དངོས་གནས་རང་རྒྱ་རྙིའི་ནང་ཚུད་ཡོད་པའི་རྟགས་རེད།
བཀྲ་ཤིས་དོན་གྲུབ་ལ་སྤྱི་འཐུས་ཀྱི་ཆ་རྐྱེན་ཚང་མིན་གསལ་བོ་མ་ཤེས། ཤེས་མཁན་ཚོས་གསུངས་རོགས་ཞུ། ངས་བསམས་ན་ད་ལྟའི་མདོ་སྨད་སྤྱི་འཐུས་བརྒྱ་ཆའི་བརྒྱད་བཅུ་ནང་བཞིན་བཀྲ་ཤིས་དོན་གྲུབ་ཀྱང་འཛིན་སྐྱོང་གི་འགྲོ་ལུགས་སྔོན་རྩིས་ཚོགས་ཆུང་གི་སྙན་ཐོ་སོགས་ལ་མཁྱེན་དཔྱོད་ཡོད་པ་རེད་བསམས་ཀི་མི་འདུག
དེ་མིན། སྲིད་བྱུས་ལངས་ཕྱོགས་དང་གདུང་སེམས་མཉམ་བསྐྱེད་ལྟ་བུའི་རིགས་ལ་བཤད་རྒྱུ་ཅུང་ཙམ་རེ་ཡོད་ངེས་རེད། དེ་དེང་སང་སྲང་བར་གྱི་འཁྱམ་པོ་ལྡོམ་པོ་ཚུན་ཆད་ཀྱིས་གང་འཚམས་བཤད་ཀྱི་ཡོད་པ་རེད། དཔེར་ན། ཁ་རྩང་སྐད་འཕྲིན་ཁག་ཏུ་བཀྲམས་བཞིན་པ་ལྟར། ལྡི་ལིའི་བསམ་ཡས་གླིང་གི་གཙུག་ལག་ཁང་གི་ཁྱམས་རྭ་དང་གཞུང་ལམ་ལམ་འགྲམ་དུ་སྤྲང་ཉལ་བྱས་ཏེ་སྡོད་པའི་ཐ་མག་ནག་པོས་འཕྲོ་བརླག་ལ་བཏང་ཟིན་པ་དེས་ཀྱང་ག་ཚོད་གསུང་གི་མི་འདུག ཧཧཧཧཧ
དེ་སྔའི་ཚོགས་དུས་དེ་ཚོར་ཅིག་གཟིགས་དང། དཔེར་ན། ཁ་རྩང་ཀརྨ་ཆོས་འཕེལ་གྱི་བསྙོན་འཛུགས་བགྲོ་གླེང་གནང་སྐབས། ཚིག་གི་ལན་ལ་ཚིགས་སུ་བཅད་ནས་བཤད་ཐུབ་མཁན་མདོ་སྨད་སྤྱི་འཐུས་ནང་ག་ཚོད་བྱུང་སོང། ད་ལྟའི་མདོ་སྨད་སྤྱི་འཐུས་མང་ཆེ་བ་ལས་གནས་ཚད་ཡག་པོ་ཞིག་ཡོང་དགོས་པ་དེ་གལ་ཆེན་ཡིན་སྟབས། བཀྲ་ཤིས་དོན་གྲུབ་དེ་འདྲ་ཞིག་མ་རེད་ལབ་ན་དེ་ཕལ་ཆེར་དྲང་པོ་རེད།
གལ་སྲིད་སུ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་བསྐྱོར་གནང་གི་ཡོད་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་གནང་དགོས་ཀྱི་ཡོག་རེད། དེ་བས། གསེར་རྟ་ནི་དཀར་མཛེས་ཀྱི་མངའ་ཁོངས་འཁྲུལ་མེད་རེད། རྩོད་ཡ་ལྷག་ཡོག་མ་རེད། དེ་ལྟ་མ་ཡིན་ན། གནས་ཚུལ་ལོག་ག་རེད།
གསེར་རྟ་ནས་ཡིན་མིན་ལ་མ་ལྟས་པར་བཀྲ་ཤིས་དོན་འགྲུབ་ནི་མདོ་སྨད་གྱི་སྤྱིའི་འཐུས་ཀྱི་ཆ་རྐྱེན་ཚང་མཁན་ཞིག་རེད། མི་མང་གིས་ཁོང་ལ་རྒྱབ་སྐྱོར་བྱས་ན་ནོར་མེད་ཀི་བསམ་ཡོད། དེང་སྐབས་ཆབ་སྲིད་པ་ཁ་ཅིག་གིས་རང་ཉིད་གྱི་ཕྱོགས་གཏོགས་ཐོབ་ཕྱིར་གཞན་པ་དེ་ཚོ་སྐྱོན་རྗོད་པ་མི་བཟང་གི སེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་སྤྱི་འཐུས་སུ་ཞེང་ནས་ཞབ་འདྲེན་རྩ་བ་ནས་ཞུས་མེད་པར་འདོད།ང་བཀྲ་ཤིས་དོན་འགྲུབ་ལ་རྒྱུས་ཡོད་ཡིན་པས་མི་ངོ་མ་ཡག་པོ་འདུག
བཀུར་འོས་སྤྱི་ཟུར་ཚུལ་ཁྲིམས་འོད་ཟེར་ལགས་ནས། ལོ་རྒྱུས་ཐད་ཞིབ་འཇུག་མཐིལ་ཕྱིན་བྱས་ཟིན་པ་རེད་ཟེར་པ་ཞིག་གོ་མྱོང། གལ་སྲིད་དེ་ལྟར་ཡིན་ན། ལོ་རྒྱུས་ནང་གསེར་རྟ་གང་དུ་གཏོགས་མིན་ཞིབ་འཇུག་བྱས་ཟིན་པའི་ཡིག་ཚགས་བཀའ་ཤག་དང་སྤྱི་འཐུས་ལ་གཟིགས་འབུལ་གྱིས་གང་མགྱོགས་ཐག་གཅོད་ཡོང་ཐབས་བྱས་ན་དེས་དགའ་ས་རེད། དེ་མིན། མདོ་སྟོད་སྨད་སུ་ཞིག་ཡིན་ཡང། རྩོད་རྙོག་འདི་དང་འབྲེལ་ནས་མི་ཞིག་སྤྱི་འཐུས་ནང་སླེབས་ཐུབ་བྱེད་པ་དེ་དངོས་གནས་རང་ཕྱོགས་རིས་ཡིན་པ་ཐག་བཅད་ཆོག་གི་སྙམ། མི་རབས་གསར་པ་ཚོས་འདི་རྣམས་གཙང་མ་བཟོ་རྒྱུར་འབད་བརྩོན་བྱ་གལ་ཆེ་འདུག སྔོན་ཀོང་པོ་མདོ་སྟོད་དང་དབུས་གཙང་གང་ཡིན་མིན་རྩོད་རྙོག་བྱུང་སྐབས་ཀྱང། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་མཛད་པའི་ལོ་རྒྱུས་ལ་གཏུགས་ནས་མཐར་༸གོང་ས་མཆོག་གི་དབུ་བཞུགས་ཀྱིས་བཙན་བྱོལ་བོད་གཞུང་གིས་ཐག་གཅོད་གནང་འདུག བདུད་འཇོམས་རིན་པོ་ཆེ་སྤྱི་འཐུས་ནང་སླེབས་ནས་ཐག་བཅད་པ་མ་རེད་ལ། ཀོང་པོ་དབུས་ཁམས་ཡིན་པའི་སྤྱི་འཐུས་བླུགས་ནས་ཐག་གིས་བཅད་ཡོད་པ་མ་རེད། སོང་ཙང། མདོ་སྟོད་སྨད་ཀྱི་གསེར་རྟའི་རྩོད་རྙོག་འདིའང་དེ་ལྟར་ཐག་བཅད་བཞག་ནས་གླེང་རྒྱུ་མེད་པ་བྱས་ན་དགའ་ས་རེད།
བློ་འཕེལ་ལགས་་་ཁྱེད་ཀྱིས་རྩོམ་ཡིག་འདི་ཆ་ཚང་མ་བཀླགས་པ་ཡིན་ནམ་ཡང་ན་བཀླགས་ནས་དོན་མ་གོ་རེད་་་་་གོང་དུ་ཁོང་གིས་བར་མའི་འོས་བསྡུ་མདོ་སྨད་གཅིག་པོ་མ་རེད་གསུང་མི་འདུག་་་་་མདོ་སྟོད་སྨད་ཀྱི་བར་ན་ཪྭ་རོ་མེད་པའི་གླང་གོག་འགའ་འདུར་རྒྱུགས་བྱེད་ཀྱིན་ཡོད་པ་ཚོར་རེ་སྐུལ་ཅིག་ཞུས་འདུག་པ་རང་རེད། གླང་གོག་འདི་ཚོས་དགྲ་ཕྱོགས་ལ་ཚིག་གཅིག་ཀྱང་བཤད་མི་ཐུབ་པར་ནང་ཁུལ་ལ་རྙོག་དྲ་རྐྱང་རྐྱང་བཟོས་ནས་བསྡད་པ་རེད་་་་་
གཞི་རྩའི་ཆ་ནས་བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད། ཕྱོགས་རིས་ཟེར་པ་འདིའི་ཁ་ཐལ་བས་གཅོད་དགོས་པ་ཞིག་རེད། གསེར་རྟའི་རྙོག་གླེང་ལ་བརྟེན་ནས་གྲོས་ཚོགས་ནང་དེའི་རྣམ་ཅན་ཞིག་ཐོན་ནས་བསྡད་ན་ཡག་པོ་ཁྱོན་ནས་མི་འདུག གསེར་རྟ་རྩོད་སྟངས་དེ་མ་རེད་གསུངས་པ་དེ་ངས་ཀྱང་རྒྱབ་སྐྱོར་ཞུ། ཨ མདོ་བ་ཚོས་རང་ངོས་ནས་ཡག་པོ་གནང་རོགས། མིའི་ཡག་པོ་བྱེད་ན་སྡུག་ཅག་བྱེད་ན། སོ་སོས་ཡག་པོ་བྱས་ཆོག་གི་རེད། སྤྱི་སེམས་ཁྱེར་ཆོག་གི་རེད། དེ་མིན་དེང་སང་གསེར་རྟའི་སྤྱི་ཟུར་ཚུལ་ཁྲིམས་འོད་ཟེར་གྱིས་ཡང་ལས་འགུལ་སྤེལ་གྱི་འདུག ཁོང་མི་ཡག་པོ་ཡོད་པ་རེད། འོན་ཀྱང། རྙོག་གླེང་འདི་ལ་དབྱིངས་ཞུགས་ནས་བཞུགས་འདུག མ་འོངས་པར་བོད་ལ་རང་སྐྱོང་ཐོབ་སོང་ན། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ཆེན་དང་རྫོང་ཁག་ག་འདྲ་ཞིག་བགོ་གི་ཡོད་མེད་སུས་ཤེས། དེ་བས་འདི་རིགས་མ་བརྩད་ན་ཡག་གི ད་ལྟ་སྔ་མའི་ལོ་རྒྱུས་ག་རེ་ཡིན་པ་དེའི་ཐོག་འགྲོ་གི་རེད་ལ། འགྲོ་བཞིན་པ་རེད། འགྲོ་དགོས་པའང་རེད། དེ་བས་སྤྱི་ལ་བསམ་བློ་གཏོང་རོགས། དེ་བཞིན་ཆོས་ལུགས་ཕྱོགས་ནས་ཀྱང་་་་་མང་གི ་་
ཡ་རྡོ་རྗེ་དོན་གྲུབ། ཁྱོད་ཀྱིས་མདའ་འཕེན་ས་གང་ཡིན། ད་ལྟའི་དུས་ཚོད་འདིར་ཁྱོད་ཀྱི་རྩོམ་ཡིག་འདི་ཡུལ་དུས་གནས་སྐབས་གང་ལ་ཡང་འབྲེལ་བ་མི་འདུག་སྙམ།
བར་མའི་འོས་བསྡུ་འདི་མདོ་སྨད་གཅིག་པོ་ཡིན་ཙང་དེའི་ནང་དུ་མདོ་སྟོད་འཐེན་དགོས་དོན་མེད།