མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་རི་ཡའི་གནད་དོན་ལ་གྲོས་མོལ་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྣེ་འཁྲིད་རྒྱལ་ཁབ་ ༣༠ ལྷག་གི་སྐུ་ཚབ་དང་ལྷན་སེ་རི་ཡའི་གཞུང་དང་གྱེན་ལོག་ཤོག་ཁག་བར་ཞི་གྲོས་ཀྱི་སྔོན་འགྲོའི་གྲོས་མོལ་གནང་རྒྱུ་ཡིན་འདུག

སང་ཉིན་སུད་སིའི་གྲོང་ཁྱེར་མོན་ཌི་རེ་སི་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་འཁྲིད་འོག་སེ་རི་ཡའི་ནང་གི་རྙོག་ཟིང་སྐོར་ལ། སེ་རི་ཡའི་གཞུང་དང་གྱེན་ལོག་ཤོག་ཁག་གཉིས་གཙོས། ཨ་རི་དང་ཨུ་རུ་སུ། ཨི་རན། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ ༣༠ ལྷག་གི་སྐུ་ཚབ་མཉམ་ཞུགས་ཐོག་གྲོས་མོལ་ཐེངས་གཉིས་པའི་སྔོན་འགྲོའི་གྲོས་མོལ་བྱ་རྒྱུ་ཡིན་པ་དང་། དེའི་རྗེས་གྲོང་ཁྱེར་ཇེ་ནེ་ཝར་ཉིན་ ༢ རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཀྱིལ་ཤར་ཨེ་ཤ་ཡའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་བྷར་ཧེ་མེ་ (Lakhdar Brahimi)ལགས་ཀྱིས་སྣེ་འཁྲིད་དེ་དངོས་གཞིའི་གྲོས་མོལ་གནང་འཆར་ཡོད་འདུག  

ཟླ་འདིའི་ཚེས་ ༡༩ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་ (Ban ki-moon)མཆོག་གིས། ཐེངས་འདིའི་གྲོས་མོལ་ཐོག་ཨི་རན་མགྲོན་འབོད་བྱས་པ་གསལ་བསྒྲགས་བྱས་ཡོད་ཀྱང་། སེ་རི་ཡའི་གྱེན་ལོག་ཤོག་ཁག་གི་མགྲིན་ཚབ་པས་བྷེ་བྷེ་སེའི་གསར་འགོད་པར། གལ་སྲིད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་རན་མགྲོན་འབོད་བྱས་པ་ཕྱིར་འཐེན་མ་བྱས་ཚེ། གྱེན་ལོག་ཚོགས་པའི་སྐུ་ཚབ་ཐེངས་འདིའི་གྲོས་མོལ་ནང་ཞུགས་རྒྱུ་མིན་སྐོར་བརྗོད་ཡོད་པ་དང་། དེའི་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པས་སླར་ཡང་ཨི་རན་མགྲོན་འབོད་བྱས་པ་ཕྱིར་འཐེན་བྱས་སྐོར་གསལ་བསྒྲགས་བྱས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད་པའི་ཨི་རན་སྐུ་ཚབ་ཀྱིས། ཐེངས་འདིའི་གྲོས་མོལ་སྟེང་ ༢༠༡༢ ལོའི་ཟླ་ ༦ ཚེས་ ༣༠ ཉིན་ཇི་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་དང་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བཞག་པའི་གྲོས་དོན་ལྟར་འགྲོ་རྒྱུ་ཡིན་ཚེ་ཨི་རན་གྲོས་མོལ་དེར་མཉམ་ཞུགས་བྱེད་རྒྱུ་མིན་སྐོར་བརྗོད་ཡོད་པ་དང་། ཨ་རིའི་རྒྱལ་དོན་ལས་ཁུངས་ཀྱིས། ཨི་རན་གྱིས་ཇི་ནེ་ཝའི་གྲོས་ཆོད་དེར་ངོས་ལེན་མ་བྱས་སྟབས་མགྲོན་འབོད་ཕྱིར་འཐེན་བྱས་པ་ཡིན་སྐོར་དང་། ཨི་རན་གྱིས་སེ་རི་ཡའི་སྲིད་འཛིན་བྷ་ཤཱར་ (Bashar al-Assad)གཞུང་ལ་མཚོན་ཆ་དང་རོགས་དངུལ་སྤྲད་དེ་སེ་རི་ཡའི་མང་ཚོགས་ཐོག་དྲག་གནོན་ཆེན་པོ་བྱས་ཡོད་སྐོར་བརྗོད་འདུག

ཇི་ནེ་ཝ་གྲོས་ཆོད་དང་པོའི་དགོངས་དོན་དག་ནི། སེ་རི་ཡའི་ནང་བར་བརྒལ་སྲིད་གཞུང་གསར་འཛུགས་བྱས་ཏེ་རྒྱལ་ཡོངས་གྲོས་མོལ་མགོ་འཛུགས་བྱེད་དགོས་པ་དང་། རྩ་ཁྲིམས་བསྐྱར་ཞིབ་དང་སྦྲགས་ཁྲིམས་མཐུན་ལམ་ལུགས་འོག་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་སོགས་བཀོད་ཡོད་ཀྱང་། སེ་རི་ཡའི་ད་ལྟའི་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཨུ་རུ་སུ་དང་རྒྱ་ནག་སོགས་ཀྱིས་གྲོས་དོན་དེར་ངོས་ལེན་བྱེད་ཀྱི་མེད།

ཐེངས་འདིར་སེ་རི་ཡའི་གྱེན་ལོག་ཕྱོགས་ཁག་གིས་ཨི་རན་གྲོས་མོལ་གནང་ཞུགས་རྒྱུར་མོས་མཐུན་མི་བྱེད་དོན་ནི། དེ་སྔོན་ཨི་རན་གཞུང་གིས་ད་ལྟའི་སེ་རི་ཡའི་སྲིད་འཛིན་བྷ་ཤྰར་རྩ་དགོངས་ཞུས་ཏེ་བར་བརྒལ་གཞུང་འཛུགས་རྒྱུར་མོས་མཐུན་མེད་པ་མ་ཟད། གྱེན་ལོག་པར་ཁ་གཏད་གཅོག་ཆེད་སྲིད་གཞུང་ལ་མཚོན་ཆ་དང་དམག་མིའི་རོགས་རམ་ཤུགས་ཆེན་པོ་བྱས་ཡོད་འདུག

༢༠༡༠ ལོ་ནས་བཟུང་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཁ་ཆེའི་དཔྱིད་དུས་གསར་བརྗེ་བྱུང་བ་དང་སྦྲགས། ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༥ ཉིན། སེ་རི་ཡའི་མང་ཚོགས་ཀྱིས་སྲིད་འཛིན་བྷ་ཤཱར་གྱིས་རྩ་དགོངས་ཞུ་དགོས་པའི་ངོ་རྒོལ་བྱས་སྟབས། སེ་རི་ཡའི་གཞུང་གིས་མང་ཚོགས་མང་པོ་དམར་གསོད་བཙོན་འཇུག་བྱས་ཤིང་། མང་ཚོགས་ཀྱིས་སེ་རི་ཡའི་རང་དབང་དམག་དཔུང་ཞེས་པ་གསར་འཛུགས་བྱས་ཏེ་སྲིད་གཞུང་གི་དམག་དཔུང་ལ་ཁ་གཏད་བཅག་ཡོད། ད་བར་སེ་རི་ཡའི་ཟིང་འཁྲུག་ཁྲོད་མང་ཚོགས་ས་ཡ་ ༡ ལྷག་རྐྱེན་འདས་དང་། ས་ཡ་ ༩ ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་ཕྱིན་ཡོད་འདུག ད་ལྟའི་སྲིད་འཛིན་བྷ་ཤཱར་ཁྱིམ་རྒྱུད་ཀྱིས་ ༡༩༧༡ ལོ་ནས་ད་བར་གྱི་ལོ་ངོ་ ༤༢ ལྷག་རིང་སི་རེ་ཡའི་སྲིད་དབང་བཟུང་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༧ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese