རྒྱ་
ཉེ་ལམ་རྒྱ་གར་གྷུ་རྗུ་ར་ཊི་ (Gujurate) མངའ་སྡེའི་ཚོང་ལས་འཛིན་སྐྱོང་ལྟེ་གནས་ཞེས་པའི་སློབ་དཔོན་ཆེན་མོ་བྷེ་རྗུ་ཝར་ཁཱེ་ (Bijuvarkkey) ལགས་ཀྱིས། ཧཱོ་ལན་ཌིའི་གླ་འབབ་ཞིབ་བཤེར་ཐེབས་རྩ་ཁང་བརྒྱུད། རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་ ༢༨ ཀྱི་སྤྱི་ཁྱབ་བློན་ཆེན་ཁག་གི་ཟླ་ཕོགས་སྐོར་ལ་ཞིབ་འཇུག་བྱས་པར། པན་ཇབ་ (Punjab) མངའ་སྡེའི་བློན་ཆེན་པར་ཁཱ་ཇི་སིན་བྷ་དྷལ་ ( Prakash Singh Badal) ལགས་སུ། ལོ་གཅིག་གི་ཟླ་ཕོགས་ཧིན་སྒོར་འབུམ་ ༡༢ དང་། ཏ་མིལ་ཎ་ཌོ་ (Tamilnadu) མངའ་སྡེའི་བློན་ཆེན་ལྕམ་ཇེ་ཇཱ་ཡཱ་ལཱ་ལི་དྷར་ (J Jayalalithaa) ལགས་སུ། ལོ་རེའི་གླ་འབབ་ཧིན་སྒོར་ ༡ བཅས་ཡིན་སྟབས། ཁོང་གཉིས་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེའི་བློན་ཆེན་ཡོང་འབབ་མཐོ་ཤོས་དང་དམའ་ཤོས་གཉིས་ཆགས་ཡོད་འདུག
ཚོགས་པ་དེས་ཞིབ་འཇུག་བྱས་པ་བརྒྱུད་རྒྱ་གར་རྒྱལ་ཡོངས་སུ་མངའ་སྡེ་ ༢༨ ཙམ་ཡོད་པ་ལས། མངའ་སྡེ་ ༥ ཙམ་གྱི་བློན་ཆེན་ཚོའི་ཟླ་ཕོགས་ཐད་ཞིབ་འཇུག་བྱེད་ཐུབ་མེད་པ་དང་། དེའི་འཕྲོས་ཀྱི་མངའ་སྡེ་ ༢༣ གྱི་བློན་ཆེན་ཁག་གི་ཟླ་ཕོགས་མཐོ་དམན་སྐོར་གྱི་སྙན་ཐོའི་ནང་ཟླ་ཕོགས་མཐོ་ཤོས་ཨང་དང་པོ། པན་ཇབ་མངའ་སྡེའི་བློན་ཆེན་པར་ཁཱ་ཇི་སིན་བྷ་དྷལ་མཆོག་ལ་ཧིན་སྒོར་འབུམ་ ༡༢ ། ཨང་གཉིས་པ། བྷེ་ཧར་མངའ་སྡེའི་བློན་ཆེན་ཎི་ཌི་ཤི་ཀུ་མར་ལ་ཧིན་སྒོར་ ༡༡༩༤༠༠༠། ཨང་གསུམ་པ། ཨ་སམ་མངའ་སྡེའི་བློན་ཆེན་ཌ་རན་གྷོ་གྷིར་ཧིན་སྒོར་ ༩༩༦༠༠༠ བཅས་ཡིན་འདུག
ཏ་མིལ་ཎ་ཌོ་མངའ་སྡེའི་བློན་ཆེན་མཆོག་ལ་ལོ་གཅིག་ལ་གླ་ཕོགས་ཧིན་སྒོར་ ༡ ལས་མེད་པའི་རྒྱུ་མཚན་གཙོ་བོ་ཁོང་མོས་ཟླ་ཕོགས་ལེན་གྱི་མེད་པར་དང་བླངས་ཞབས་ཞུའི་ངོ་བོའི་ཐོག་ནས་ཕྱག་ལས་གནང་བཞིན་ཡོད་པ་དང་། ལོ་གཅིག་ལ་ཧིན་སྒོར་གཅིག་རང་ལེན་དོན་ནི། མངའ་སྡེའི་དཔོན་རིགས་གཞན་དག་ལ་གཞུང་དངུལ་བསྲི་ཚགས་དང་། ཕྱུག་བདག་ཚོས་མི་མང་ཉམ་ཐག་ལ་རོགས་སྐྱོར་གནང་དགོས་པའི་མཚོན་དོན་ཡིན་འདུག རྒྱ་གར་གྱི་མངའ་སྡེ་ཁག་གི་བློན་ཆེན་ཚོའི་ཟླ་ཕོགས་ལ་ཁྱད་པར་ཆེན་པོ་ཡོད་དོན་ནི། མངའ་སྡེའི་སོ་སོའི་དཔལ་འབྱོར་གནས་སྟངས་དང་། གཞུང་གིས་ལས་བྱེད་ལ་ཟླ་ཕོགས་བགོ་འགྲེམ་བྱེད་སྟངས་ཀྱི་ཁྱད་པར་བཅས་ཡིན་འདུག
རྒྱ་གར་མངའ་སྡེ་གཞན་དག་གི་བློན་ཆེན་ཁག་གི་ཟླ་ཕོགས་ཀྱི་ཨང་རིམ་ནི། ཨང་བཞི་པ། ཇཱ་མུ་ཀཱ་ཤཱི་མིའི་མངའ་སྡེའི་བློན་ཆེན་ཨུ་མར་ཨབ་དྷུ་ལཱ་དང་མི་ཛོ་རམ་མངའ་སྡེའི་བློན་ཆེན་ལཱལ་ཋན་ཧཱོ་ལཱ་རྣམ་གཉིས་ལ་ཧིན་སྒོར་ ༨༤༠༠༠༠། ལྔ་པ། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཝུར་བྷ་དྷུར་སིན་ལ་ཧིན་སྒོར་ ༧༨༠༠༠༠ བཅས་ཡིན་སྐོར་བཀོད་འདུག དྲུག་པ། གྷུ་ཆུ་ར་ཌི་མངའ་སྡེའི་བློན་ཆེན་ཎ་རིན་དྷ་མུར་དྷིར་ཧིན་སྒོར་ ༧༠༢༢༦༠། བདུན་པ། མྷ་ར་ཤི་དྷ་མངའ་སྡེའི་བློན་ཆེན་པེར་དྷི་ཝུ་ར་ཇིར་ཧིན་སྒོར་ ༦༨༤༠༠༠། བརྒྱད་པ། མ་དྷེ་ཡཱ་པར་དྷི་ཤི་མངའ་སྡེའི་བློན་ཆེན་ཤིབ་ར་ཇེ་སིན་ཆོ་ཝན་དང་ཧར་ཡཱ་ཎ་མངའ་སྡེའི་བློན་ཆེན་བྷུ་པན་དྷ་སིན་ཧོ་དྷ། འབྲས་ལྗོངས་མངའ་སྡེའི་བློན་ཆེན་པཱ་ཝན་ཀུ་མར་ཅམ་ལིན་བཅས་ལ་ཧིན་སྒོར་ ༦༠༠༠༠༠། དགུ་པ། ཀར་ཎ་ཀྲ་ཀཱ་མངའ་སྡེའི་བློན་ཆེན་སི་དྷར་ར་མ་དང་ཅཱ་དྷི་སི་གྷར་མངའ་སྡེའི་བློན་ཆེན་ར་མཱན་སིན་གཉིས་ལ་ཧིན་སྒོར་ ༣༦༠༠༠༠། བཅུ་པ། ར་ཇེ་སི་ཐན་མངའ་སྡེའི་བློན་ཆེན་ཝ་སན་དྷ་ར་ར་ཇིར་ཧིན་སྒོར་ ༣༠༠༠༠༠།
བཅུ་གཅིག མེ་གྷ་ལཱ་ཡཱ་མངའ་སྡེའི་བློན་ཆེན་མུ་གྷོལ་སང་མཱ་དང་མཱ་ཎི་པུར་མངའ་སྡེའི་བློན་ཆེན་ཨོག་རམ་ཨེ་བྷོ་ཌིར་ཧིན་སྒོར་ ༢༧༦༠༠༠། བཅུ་གཉིས། ཎ་གྷ་ལན་ཌི་མངའ་སྡེའི་བློན་ཆེན་ཌི་པུའུ་རོར་ཧིན་སྒོར་༢༦༤༠༠༠། བཅུ་གསུམ། ལྡི་ལི་ས་གནས་སྲིད་གཞུང་གི་བློན་ཆེན་ཨར་ཝུན་ཁཱེ་ཆི་རེ་ཝ་དང་གྷོ་ཝ་དམིགས་བསལ་རང་སྐྱོང་ས་ཁུལ་གྱི་བློན་ཆེན་མཱ་ཎོ་ཧར་པཱ་རེ་ཁར་གཉིས་ལ་ཧིན་སྒོར་ ༢༤༠༠༠༠། བཅུ་བཞི། ཨན་དྷར་པར་དྷི་ཤི་མངའ་སྡེའི་བློན་ཆེན་ཀི་རན་ཀུ་མར་རི་ཌིར་ཧིན་སྒོར་ ༡༩༢༠༠༠། བཅོ་ལྔ། ཇར་ཁཱན་ཌི་མངའ་སྡེའི་བློན་ཆེན་ཧར་མན་ཌི་སུ་རིན་ལ་ཧིན་སྒོར་ ༡༡༤༠༠༠། བཅུ་དྲུག ཊིར་པུ་ར་དམིགས་བསལ་རང་སྐྱོང་ཁུལ་གྱི་མངའ་སྡེའི་བློན་ཆེན་མཱ་ཎིག་སར་གྷར་ཧིན་སྒོར་ ༡༡༠༠༠༠།བཅུ་བདུན། ནུབ་བྷེང་གྷོལ་མངའ་སྡེའི་བློན་ཆེན་མན་དྷ་བྷེ་ནར་ཇིར་ཧིན་སྒོར་ ༩༦༠༠༠། བཅོ་བརྒྱད། ཏ་མིལ་ཎ་ཌོ་མངའ་སྡེའི་བློན་ཆེན་ཇེ་ཇཱ་ཡཱ་ལཱ་ལི་དྷར་ཧིན་སྒོར་ ༡ བཅས་ཡོད་པ་གསལ་སྟོན་བྱས་འདུག
ལོ་གཅིག་ལ་ཟླ་ཕོགས་ཞེས་ན་ཅི་རེད།
ལོ་གཅིག་ལ་ལོ་ཕོགས་དང་ཟླ་གཅིག་ལ་ཟླ་ཕོགས།
སྤྱིར་གི་གླ་ཕོགས་དང་ཡང་ན་ཕོགས་རེད།
ངོ་རྫོགས།
ང་རང་ཚོས་བཀའ་བློན་དང་འགན་འཛཱིན་གསོས་ཕོགས་ག་ཚད་ལེན་གྱི་ཡོད་ན་
གཞུང་འབྲེལ་མེད་པའི་ཚོགས་པ་དག་གི་འགན་འཛིན་ཚོས་དངུལ་ག་ཚད་བཟའ་ཡི་ཡོད་ན།
སྐུ་ཚབ་དོན་གཅོད་དེ་ག་ཚད་བཟའ་ཡི་ཡོད་ན།