མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིཊ་དབྱེ་འབྱེད་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཨ་རུ་ན་ཅལ་མངའ་ཁུལ་གྱི་སློབ་ཕྲུག་ཅིག་ལ་ལྡི་ལིའི་ཚོང་ཁང་གི་བདག་པོ་ཞིག་གིས་ཉེས་བརྡུང་བཏང་སྟེ་རྐྱེན་ལམ་དུ་བཏང་ཡོད་སྟབས་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་འདུག  

ཉིན་ཤས་སྔོན་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཎི་དྷུ་པཱ་ཝུ་ཌེ་ར་ལགས་ཀྱི་བུ་དང་། ད་ལྟ་པཎ་ཇེབ་ཇ་ལན་ཏར་གཙུག་ལག་སློབ་གྲྭ་ཞིག་དུ་ཚོང་ལས་དོ་དམ་སྡེ་ཚན་ཁོངས་ཆེད་ལས་སློབ་སྦྱོང་བྱེད་བཞིན་པའི་རང་ལོ་ ༡༨ ཅན་གྱི་སློབ་མ་ཎི་དྷུ་ ( Nido Taniam)ཟེར་བ་ཞིག་ལ་ལྡི་ལིའི་ཚོང་ཁང་ཞིག་གི་བདག་པོས་གཅར་རྡུང་བཏང་སྟེ་རྐྱེན་ལམ་དུ་བཏང་ཡོད་སྟབས། ཉེན་རྟོག་པས་དོགས་ཡོད་ཉེས་ཅན་གསུམ་འཇུ་བཟུང་གིས་ད་ལྟ་དྲི་ཞིབ་བྱེད་བཞིན་ཡོད་ཀྱང་། སྨན་པའི་བརྟག་དཔྱད་སྙན་ཞུ་མ་ཐོན་སྔོན་ལ་ཁྲིམས་གཅོད་གང་ཡང་བྱ་རྒྱུ་མིན་སྐོར་བསྒྲགས་འདུག  

གནས་ཚུལ་དེའི་འབྱུང་རྐྱེན་ནི། སློབ་མ་ཎི་དྷུ་ལགས་ལྡི་ལི་ལཱ་ཇེ་པཱ་ཎ་གྷར་དུ་ཡོད་པའི་གྲོགས་པོ་ཞིག་གི་ཁྱིམ་དུ་གུང་གསེང་དུ་སྐྱོད་པར་ལམ་ཁ་མ་ཤེས་སྟབས། ཟུར་གྱི་ཚོང་ཁང་བདག་པོ་ཞིག་ལ་སྐད་ཆ་དྲིས་སྐབས་ཚོང་ཁང་བདག་པོས་ཁོ་རང་གི་ངོ་གདོང་དང་སྐྲ་མདོག ཆ་ལུགས་སོགས་ལ་བལྟས་ཏེ་རྒྱ་རིགས་ཤིག་ཅེས་མི་རིགས་དབྱེ་འབྱེད་ཀྱི་ཟུར་ཟ་བྱས་སྟབས། ཚོང་ཁང་བདག་པོ་དང་ཁ་འཛིང་ཤོར་ཏེ་ཅ་དངོས་སྒྲིག་སའི་ཤེལ་སྒྲོམ་བཅག་ཡོད་པ་དང་། དེ་ནས་ཚོང་བདག་དང་ལས་རོགས་གཉིས་ཀྱིས་ཁོ་ལ་ཉེས་རྡུང་དང་ཧིན་སྒོར་ ༡༠༠༠༠ ཙམ་གྱི་གུན་གསབ་བླངས་ཏེ་གནས་ཚུལ་ཐག་གཅོད་བྱས་ཡོད་ཀྱང་། ཎི་དྷུ་ལགས་ལ་བསྐྱར་དུ་ཉེན་རྟོག་པས་དྲི་གཅོད་དང་ཚོང་ཁང་བདག་པོར་གནས་ཚུལ་དེ་ཐག་གཅོད་ཅི་འདྲ་བྱས་ཡོད་མེད་སྐད་ཆ་དྲིས་པ་བཅས་ལ་བརྟེན་ཏེ། རྗེས་སུ་ཚོང་ཁང་བདག་པོས་མི་ ༧ ཙམ་སྐད་བཏང་སྟེ་ཉེས་རྡུང་ཤུགས་ཆེན་པོ་བཏང་ཡོད་སྟབས་ཁ་ཉིན་དགུང་དྲོའི་ཆུ་ཚོད་ ༡ ཙམ་ལ་ལཱ་ཇེ་པཱ་ཎ་གྷར་གྲོངས་ཡོད་འདུག

ལྡི་ལི་ས་གནས་གཞུང་གིས་གནས་ཚུལ་དེ་གལ་ཆེར་བརྩིས་ཏེ་ཤེས་རིག་བློན་ཆེན་མཱ་ཎི་ཤི་ (Manish Sisodia) ལགས་ཆེད་གཏོང་གིས་ཐག་གཅོད་མཐིལ་ཕྱིན་པ་ཞིག་བྱ་དགོས་སྐོར་བརྗོད་ཡོད་པ་དང་། འདས་པོའི་ཕ་དང་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཎི་དྷུ་པཱ་ཝུ་ཌེ་ར་ (Nido Pavitra) ལགས་ཀྱིས་ད་རེབ་གནས་ཚུལ་དེ་བཟོ་མཁན་ལ་ཁྲིམས་ཐོག་ཁྲིམས་གཅོད་ཡག་པོ་མ་བྱས་ཚེ་ཁྲིམས་གཏུག་ག་རེ་བྱ་དགོས་བྱུང་ཡང་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གནས་ཚུལ་འདིའི་ཐད་རྒྱ་གར་སྤྱི་ཚོགས་ནང་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་ཕྲུག་དང་ལས་ཀ་བ་ཚོར་འཕྱ་སྨོད་དང་མཐོང་ཆུང་། མི་རིགས་དབྱེ་འབྱེད་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་སྟབས། དབུས་དང་ས་གནས་སྲིད་གཞུང་གིས་ད་རེབ་གནས་ཚུལ་འདིར་ཁྲིམས་ཐོག་ནས་ཐག་གཅོད་ཡག་པོ་མ་བྱས་ཚེ་རྒྱལ་ཁབ་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་རྒྱུ་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་མི་རིགས་འདྲ་མཉམ་དང་ཆོས་ལུགས་དབྱེར་མེད་ཡིན་བརྗོད་མཁན་གྱི་རྒྱལ་ཁབ་འདི་ནི་རྩ་ཁྲིམས་རྫིག་པོ་དང་ལག་ལེན་སྟོང་པ་ཞིག་ཡིན་པར་ངོས་ལེན་བྱ་ངེས་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

སྐར་མ ༣༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 1

  1. ཚེ་རིང་། says:
    ལོ་ 13 སྔོན།

    སྤྱིར་བཏང་རྒྱ་མི་རིགས་ཡིན་ནའང་མཐོང་ཆུང་བྱས་པ་དེ་ཡག་པོ་མི་འདུག ལྷག་པར་དུ་བོད་པ་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མི་ཚོས་གཟབ་གཟབ་བྱེད་དགོས་པའི་ཉེན་བརྡ་གལ་ཆེ་ཤོས་ཤིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese