མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་འདི་ནས་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་རྒྱག་རྒྱུའི་ཐོག་གཟབ་གཟབ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཤི་ལོང་མི་མང་ལ་བཀའ་སློབ་སྩོལ་སྐབས་བཙན་བྱོལ་ནང་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་སྐབས་གཟབ་དགོས་པ་དང་། འདི་ནས་ཟང་ཟིང་བྱས་ཏེ་རྒྱ་མིར་ཁོང་ཁྲོ་བསླངས་ན་བོད་ནང་དམ་དྲག་བྱེད་ཀྱི་ཡོད་སྟབས། ནང་ཆོས་ཀྱི་འགྲོ་འོང་བརྒྱུད་དེ་རྒྱ་རིགས་མི་མང་ལ་མཛའ་འབྲེལ་འཛུགས་གལ་ཆེ་སྐོར་གསུངས་འདུག

ཚེས་ ༥ ཉིན་༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་དུ་མཛད་འཕྲིན་མཇུག་བསྒྲིལ་ལ་ཉེ་བ་དང་བསྟུན་ཏེ། ཉིན་དེའི་སྔ་དྲོར་ཤི་ལོང་དུ་ས་གནས་བོད་མི་གཙོས་རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་ཆིག་སྟོང་ལྷག་ལ་བཀའ་སློབ་བསྩལ་ཏེ། ན་གཞོན་ཚོས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་སྦྱོང་བྱེད་དགོས་པ་དང་། ལྷག་པར་དུ་ནང་ཆོས་ཐོག་དོ་སྣང་བྱ་གལ་ཆེ་སྐོར་གསུངས་པ་དང་འབྲེལ་ཏེ་བོད་པའི་ཆབ་སྲིད་གནད་དོན་སྐོར་ལ། བོད་ཀྱི་ཆབ་སྲིད་གནས་སྟངས་ཐོག་ངོས་རང་ཐད་ཀར་འབྲེལ་བ་མེད་པ་ལྟ་བུ་རེད། འོན་ཀྱང་ངོས་རང་བོད་པའི་སྤྱི་འབངས་ཤིག་ཆགས་ཡོད། དེར་བརྟེན་སྤྱི་པའི་གནས་སྟངས་བརྩིས་ན། བོད་ཀྱི་དཀའ་ངལ་གཙོ་བོ་རྒྱ་ནག་གཞུང་ལ་ཐུག་གི་ཡོད། རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་རེད། ང་ཚོས་འདི་གར་སྐད་བརྒྱབ་སྟེ་སྤོ་འཕེལ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། ང་ཚོས་འདི་གར་སྐད་བརྒྱབ་ནས་རྒྱ་མི་ཁོང་ཁྲོ་ལང་རྒྱུ་དེ་འདྲ་བྱས་ན། ཁོང་ཁྲོ་ང་ཚོར་ལངས་ཡོད་ཁོང་ཁྲོ་བསྟན་ས་བོད་ནང་གི་བོད་མིར་སྟོན་གྱི་འདུག

བར་སྐབས་གྲྭ་རྒྱུན་ཧ་ཅང་ཉུང་དུ་ཕྱིན་སོང་། དེང་སྐབས་བོད་རང་སྐྱོང་ལྗོངས་ནས་མཇལ་ཁར་ཡོང་མཁན་ཧ་ལམ་མི་འདུག མདོ་སྟོད་སྨད་ནས་གང་ཙམ་ཞིག་ཡོང་གི་འདུག གདན་ས་ཁག་ལ་དེ་སྔ་གྲྭ་རྒྱུན་བརྒྱ་ཕྲག་སྟོང་ཕྲག་ཡོང་གི་ཡོད་ཀྱང་བར་སྐབས་ཧ་ཅང་ཉུང་དུ་ཕྱིན་འདུག བོད་ནང་ཧ་ལས་པའི་དམ་བསྒྲགས་བྱེད་ཀྱི་འདུག དེ་སྔ་བོད་ཆོལ་ཁ་གསུམ་གྱི་བོད་མི་སེར་འབྲས་དགེ་གསུམ་ནང་སློབ་སྦྱོང་བྱས་ནས་སྡོད་ཀྱི་ཡོད། དེང་སྐབས་རང་སྐྱོང་ལྗོངས་ཀྱི་ཁུངས་མ་གཏོགས་མདོ་སྨད་ཁུལ་ནས་ཡོང་བ་རྣམས་བསྡད་ཆོག་གི་མ་རེད། ཅེས་བརྗོད་ཀྱི་འདུག ང་ཚོས་འདི་ནས་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་རྒྱག་རྒྱུའི་ཐོག་གཟབ་གཟབ་བྱེད་དགོས་པ་ཞིག་ཆགས་ཡོད།

དེ་སྔ་བོད་བར་ཞི་བའི་གོམ་བགྲོད་བྱེད་རྒྱུ་ཡིན། ཞེས་བརྗོད་སྐབས། དེ་དུས་ངོས་ཀྱིས་གཞོན་ནུའི་འགན་ཁུར་མཁན་ཚོ་ཐུག་སྟེ་ཁྱེད་རང་ཚོའི་སྙིང་སྟོབས་ཧ་ལས་པ་རེད། འོན་ཀྱང་བོད་བར་ཞི་བའི་གོམ་བགྲོད་བྱས་ནས་འགྲོ་ཐུབ་ཀྱི་མ་རེད། གང་ལ་ཞེ་ན། ས་མཚམས་ལ་སླེབ་སྐབས་རྒྱ་གར་གཞུང་གིས་གཏོང་གི་མ་རེད། བལ་ཡུལ་བརྒྱུད་ནས་ཕྱིན་ན་བལ་པོས་གཏོང་གི་མ་རེད། ཅི་སྟེ་ངེས་མེད་ཁྱེད་རང་ཚོས་མངོན་ལྐོག་གཉིས་ནས་བོད་ནང་འཛུལ་ཐུབ་པའི་དབང་དུ་བཏང་རུང་། བོད་ནང་གི་སེམས་ཤུགས་ཡོད་མཁན་གྱི་མི་དེ་དག་དོན་ཡོང་གི་རེད། སྐབས་དེར་སྡུག་ན་ཁ་ཐུག་མེ་མདའ་བརྒྱབ་ནས་གསོད་ཉེན་ཡོད། དེ་ལྟར་མ་བྱས་ཀྱང་བཙོན་འཇུག་བྱས་ཏེ་སེམས་ཤུགས་ཡོད་མཁན་རྣམས་མེད་པ་ཆགས་ཀྱི་རེད། དཀྲོག་རྐྱེན་མ་སློངས། ཞེས་བརྗོད་པ་ཡིན། འོན་ཀྱང་མུ་མཐུད་ཕྱིན་ཏེ་རྒྱ་གར་གཞུང་གིས་བཀག་པ་རེད། བོད་ནང་གི་བོད་མིས་རྒྱ་གར་ནས་ཞི་བའི་གོམ་བགྲོད་ཡོང་གི་ཡོད་པ་རེད། དེར་བརྟེན། ང་ཚོས་ཀྱང་ལས་དོན་སྤེལ་དགོས་རེད་ཅེས་བརྗོད་རྐྱེན་མི་གང་ཙམ་ཞིག་བཙོན་ཁང་ནང་ཚུད་འདུག

གང་ལྟར་བོད་ཀྱི་གནད་དོན་རྒྱ་ནག་གཞུང་ལ་ཐུག་ཡོད་སྟབས། ང་ཚོས་རྒྱ་ཆེ་ས་དང་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་བྱེད་དགོས་པ་རེད་མ་གཏོགས་འཕྲལ་སེལ་ཁོང་ཁྲོ་ལང་སྐབས་ཀྱི་ལས་ཀ་བྱས་ན་ཕན་ཐོགས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། མདོ་དོན་ང་ཚོས་རྒྱ་མི་ཁོང་ཁྲོ་ལང་རྒྱུར་ཤུགས་བརྒྱབ་ནས་ཕྱིན་ན་གྱོང་གུད་བོད་ནང་གི་བོད་མིར་རག་གི་རེད། རྒྱ་མི་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་ཡོད། ང་ཚོ་བོད་མི་ས་ཡ་དྲུག་རེད། རྒྱ་མི་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་ཡོད་པ་དེ་ང་ཚོས་དགྲ་བཟོས་ན་ཡག་པོ་མེད། རྒྱ་མི་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་དེ་གཉེན་དུ་བསྒྱུར་ཐུབ་ན་ང་ཚོར་ཕན་ཐོགས་ཡོད། གང་ལྟར་རྒྱ་མི་དུང་ཕྱུར་བཅུ་གསུམ་ཙམ་ཡོད་པ་རྣམས་གཉེན་དུ་བསྒྱུར་རྒྱུར་ང་ཚོར་ཐབས་ལམ་ཞིག་འདུག གང་ལ་ཞེ་ན། དེང་སྐབས་རྒྱ་ནག་ནང་དུ་ནང་པའི་ཆོས་བྱེད་མཁན་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱ་བར་ཡོད་སྐོར་རྗོད་ཀྱི་འདུག དུང་ཕྱུར་བཅུ་གསུམ་ནང་ནས་དུང་ཕྱུར་བཞི་ལྔ་ཙམ་ནས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད། དཔེར་ན། ངྷ་སར་ཧ་ལམ་བདུན་ཕྲག་རེ་རེའི་ནང་རྒྱ་ནག་ནས་ཡོང་བའི་མི་བཅུ་བཅོ་ལྔ་དེ་འདྲ་ཐུག་གི་ཡོད། ཁོང་ཚོ་ཐུག་སྐབས་མང་ཆེ་བས་མིག་ཆུ་བཏང་སྟེ་རྒྱ་ནག་ནང་ཡོད་པའི་ནང་པ་ཚོ་མ་བརྗེད་པ་བྱེད་རོགས། ཞེས་བརྗོད་ཀྱི་འདུག ང་ཚོ་གཉེན་དུ་བསྒྱུར་རྒྱུའི་ཆ་རྐྱེན་གཅིག་དེའི་ཐོག་ཏུ་ཚང་ཡོད།

དེང་སྐབས་བོད་ནང་བླ་མ་དང་དགེ་བཤེས་ཡག་པ་དེ་དག་གིས་རྒྱ་ནག་ནང་ཕྱིན་ཏེ་ནང་ཆོས་འགྲེལ་བཤད་རྒྱག་གི་ཡོད། སྔར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡོད་སྐབས་དང་མན་ཇུའི་སྐབས་འབྲེལ་བ་བྱུང་ཡོད། འོན་ཀྱང་རྒྱ་ནག་ནང་གི་ནང་པ་ཚོས་མཚན་ཉིད་བལྟས་ཞེས་པ་ཧ་ལམ་བྱུང་མྱོང་མེད། དེ་རིང་ས་ཁང་རྒྱ་ནག་ནང་གི་ནང་པའི་དགེ་འདུན་པ་དེ་དག་གིས་མཚན་ཉིད་སློབ་སྦྱོང་བྱེད་ཀྱི་འདུག སྔ་མོ་ཐེ་ཝན་ལ་ཆོས་ཚོགས་ཤིག་ཡོད། ཁོང་ཚོའི་ཁོངས་རྒྱ་ནག་ནས་ཡོང་བའི་རབ་བྱུང་ཕོ་མོ་རྣམས་ཀྱིས་རྟགས་གསལ་སྦྱངས་ཏེ་ཧ་ཅང་དོ་སྣང་བྱེད་ཀྱི་འདུག དེ་དག་ང་ཚོའི་མཐུན་པའི་ཆ་རྐྱེན་གཙོ་བོ་ཞིག་རེད། ཅེས་སོགས་ཀྱི་བཀའ་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཤུས་པ་ཡིན།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 7

  1. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 12 སྔོན།

    ང་ཚོ་ཕྱི་ལོགས་ནས་བོད་པ་ཡིན་ཟེར་དང་བོད་ཀྱི་རྒྱལ་དར་ཕྱར་ན་རྒྱ་ནག་གི་མགོ་ཁྲིད་ཚོ་རླུང་ལང་གི་རེད། ད་བོད་ཀྱི་རྒྱལ་དར་མེར་བསྲེགས་གཏོང་བོད་མིན་རྒྱ་ནག་རང་ཡིན་ཟེར་ན་ཡག་གི་རེད།

    Reply
  2. བདེན་གཏམ། says:
    ལོ་ 12 སྔོན།

    ༧་གོང་ས་མཆོག་ལ་སྐུར་འདེབས་ལོག་ལྟ་དེ་ལྟའུ་ཞིག་བྲིས་འདུག་དྲྭ་མིང་བསྟན་འཛིན་ཟེར་མི་འདི།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ང་ཚོས་འདི་ནས་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་རྒྱག་རྒྱུའི་ཐོག་གཟབ་གཟབ་བྱེད་དགོས།
    ང་ཚོས་འདི་ནས་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་རྒྱག་རྒྱུའི་ཐོག་གཟབ་གཟབ་བྱེད་དགོས།
    ང་ཚོས་འདི་ནས་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་རྒྱག་རྒྱུའི་ཐོག་གཟབ་གཟབ་བྱེད་དགོས།

    Reply
  4. ཨེ says:
    ལོ་ 12 སྔོན།

    སྤྱན་རས་གཟིགས་ཀྱི་མཁྱེན།
    ༧གོང་ས་མཆོག་ཁྲི་ལོ་བརྟན་པར་ཤོག

    Reply
  5. འཁྱམས་པོ་ says:
    ལོ་ 12 སྔོན།

    ཚོང་དཔོན་ལགས་ ཐུགས་རྗེ་ཆེ་།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    ༧གོང་རྒྱལ་བའི་གསུང་ལ་བསླུ་བ་མེད་པས་ངོ་སོ་བསྟོད།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༸གོང་ས་མཆོག་གིས།
    ་་་་་་ རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་རེད། ང་ཚོས་འདི་གར་སྐད་བརྒྱབ་སྟེ་སྤོ་འཕེལ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། ང་ཚོས་འདི་གར་སྐད་བརྒྱབ་ནས་རྒྱ་མི་ཁོང་ཁྲོ་ལང་རྒྱུ་དེ་འདྲ་བྱས་ན། ཁོང་ཁྲོ་ང་ཚོར་ལངས་ཡོད་ཁོང་ཁྲོ་བསྟན་ས་བོད་ནང་གི་བོད་མིར་སྟོན་གྱི་འདུག ་་་་་
    ་་་་་་་ བོད་ནང་གི་བོད་མིས་རྒྱ་གར་ནས་ཞི་བའི་གོམ་བགྲོད་ཡོང་གི་ཡོད་པ་རེད། དེར་བརྟེན། ང་ཚོས་ཀྱང་ལས་དོན་སྤེལ་དགོས་རེད་ཅེས་བརྗོད་རྐྱེན་མི་གང་ཙམ་ཞིག་བཙོན་ཁང་ནང་ཚུད་འདུག ་་་་་་
    ་་་་་་ གང་ལྟར་བོད་ཀྱི་གནད་དོན་རྒྱ་ནག་གཞུང་ལ་ཐུག་ཡོད་སྟབས། ང་ཚོས་རྒྱ་ཆེ་ས་དང་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་བྱེད་དགོས་པ་རེད་མ་གཏོགས་འཕྲལ་སེལ་ཁོང་ཁྲོ་ལང་སྐབས་ཀྱི་ལས་ཀ་བྱས་ན་ཕན་ཐོགས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། མདོ་དོན་ང་ཚོས་རྒྱ་མི་ཁོང་ཁྲོ་ལང་རྒྱུར་ཤུགས་བརྒྱབ་ནས་ཕྱིན་ན་གྱོང་གུད་བོད་ནང་གི་བོད་མིར་རག་གི་རེད། ་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese