མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲི་རུར་དམར་གསོད་དང་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་འབྲི་རུ་རྫོང་གི་བོད་མི་གཉིས་དམར་གསོད་དང་། བོད་མི་གཉིས་ལ་ལོ་ ༡༠ ནས་ ༡༡ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༢༣ ཉིན་ལྷ་སར་འཛིན་བཟུང་བྱས་པའི་རྒན་ངག་དབང་འཇམ་དབྱངས་ལགས། བཀག་ཉར་སྐབས་འདྲི་གཅོད་སྐབས་གཅར་རྡུང་བྱས་ཏེ་དམར་གསོད་བཏང་ཡོད་པ་མ་ཟད། སྔར་ལོའི་ཕྱི་ཟླ་ ༡༢ ནང་འབྲི་རུ་རྫོང་འབྲི་རུ་ཞང་ལྕམ་རམ་གྲོང་གི་ན་གཞོན་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ༢༠༡༤ ལོའི་ཟླ་ ༡ ཚེས་ ༢༠ ཡས་མས་སུ་རྒྱ་གཞུང་ཉེན་རྟོག་པས་བཙོན་ཁང་ནང་ཉེས་རྡུང་ཚད་མེད་བཏང་སྟེ་དམར་གསོད་བཏང་རྗེས། ཕུང་པོ་ནང་མིར་རྩིས་སྤྲོད་བྱས་ཡོད་པ་དང་། ད་དུང་ཕུང་པོ་རྩིས་སྤྲོད་སྐབས་གནས་ཚུལ་དེའི་སྐོར་ཕྱིར་སྒྲོག་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

དེ་བཞིན། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་འབྲི་རུ་རྫོང་ཚྭ་ཆུ་ཞང་ཨུ་ཐང་གྲོང་ནས་ཡིན་པའི་གྲྭ་སྐལ་བཟང་ཆོས་གླང་ལགས་ལྷ་སར་འཛིན་བཟུང་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡ ནང་ཁོང་ལ་མི་མང་འདུ་འཛོམས་བྱེད་བཅུག་པའི་ཉེས་མིང་འོག་ལོ་ ༡༠ བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག་ལ། སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་འཛིན་བཟུང་བྱས་པའི་འབྲི་རུ་རྫོང་ཟླ་ཐང་ཞང་གཡང་ཐང་གྲོང་ཚོ་བཞི་པའི་རྡོ་རྗེ་གྲགས་རྩལ་ལགས་སུ། དེ་སྔོན་གནས་རི་ནགས་ལྷའི་གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱེད་མཁན་གཙོ་གྲས་ཡིན་པའི་ཐད་ནས་ལོ་ ༧ དང་། མི་གཞན་པར་དངུལ་མང་པོ་བསྐྱི་གཡར་བྱས་པར་ལོ་ ༣ ། རྒྱ་གཞུང་གི་བཅའ་སྡོད་ལས་བྱེད་མི་སྣ་བཀག་འགོག་བྱས་པར་ལོ་ ༡ བཅས། ཁྱོན་བསྡོམས་ལོ་ ༡༡ ཁྲིམས་ཐག་བཅད་ཡོད་འདུག

 གཞན། སྔར་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་གཞུང་གིས་ལྷ་སར་འཛིན་བཟུང་བྱས་པའི་འབྲི་རུ་རྫོང་ཚ་ཆུ་ཞང་རབ་བརྟན་དགོན་པའི་གྲྭ་ཚུལ་ཁྲིམས་སྙན་གྲགས་ལགས། ད་ཆར་ཡང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག་ལ། རྒྱ་གཞུང་གིས་ད་ཆར་ཡང་འབྲི་རུ་རྫོང་དུ་དམག་མི་འགྲེམས་འཇོག་གིས་དམ་དྲག་ལྟ་རྟོག་བྱེད་ཀྱི་ཡོད་འདུག

གྲྭ་སྐལ་བཟང་ཆོས་གླང་ལགས།

གྲྭ་ཚུལ་ཁྲིམས་སྙན་གྲགས་ལགས།

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

མཆན། 2

  1. ཚེ་རིང་རྡོ་རྗེ། says:
    ལོ་ 13 སྔོན།

    དམངས་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་ཚོས་ཉམ་ཆུང་བོད་མི་ལྟ་བུས་དམར་གསོད་སོགས་ཀྱི་གདུག་རྩུབ་མྱོང་བཞིན་པ་ལ་སྣང་མེད་བྱས་ཏེ། རྒྱ་ནག་ནས་ཚོང་ལས་སོགས་ཀྱི་ཁེ་བཟང་ཟ་བར་བརྔམ་པའི་རྐྱེན་གྱིས། རྒྱ་ནག་དམར་ཤོག་ཇག་ཚོགས་སྲིད་གཞུང་གིས་བོད་མི་དམར་གསོད་གཏོང་བའི་ཧམ་པ་ལ་ཚོད་མེད། རྒྱ་ནག་དམར་ཤོག་ཇག་ཚོགས་སྲིད་གཞུང་ནི་ལག་དམར་ཡིན་པ་དང་། རྒྱ་ནག་ལ་ཚོང་འབྲེལ་འཛིན་པའི་ཤར་ནུབ་ཀྱི་རྒྱལ་ཁབ་ཚོ་ནི་ལག་དམར་དེའི་མི་མངོན་པའི་སྡིག་གྲོགས་ལྟ་བུ་ཆགས་འདུག་པས། ལག་དམར་ལ་ངོ་རྒོལ་བྱ་དགོས་པ་མ་ཟད། ངན་པར་ལག་གདང་སྦྲེལ་མཁན་ཚོ་ལའང་ངོ་རྒོལ་བྱ་དགོས་སོ།།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    བོད་མི་དམར་གསོད་གཏོང་དུས་གྲགས་འགུལ་མེད།
    རྒྱ་དམར་གཞུང་ལ་དམོད་སྐབས་ཟ་ཟི་མང་།
    བྲོས་བྱོལ་དཔོན་འབངས་འདི་ལྟར་ཡོང་བ་འདི།
    གངས་ཅན་བོད་ཀྱི་བར་ཆད་འབའ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese