མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་ཐའེ་ཝན་འབྲེལ་མོལ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དུ་རྒྱ་ནག་དང་ཐའེ་ཝན་བར་གྱི་གནད་དོན་གཙོ་སྒྲུབ་ཁང་གི་དཔོན་རིགས་བར་འབྲེལ་མོལ་ཐེངས་དང་པོ་བྱས་ཡོད་འདུག

ཁ་སང་པེ་ཅིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པའི་ཐོག རྒྱ་ནག་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དུ།ཐའེ་ཝན་སྐམ་ས་ཆེན་མོ་ལས་འཛིན་ལྷན་ཚོགས་ཀྱི་མགོ་ཁྲིད་ཝང་ཡོའུ་ཆི་དང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་ལྷན་ཁང་གི་མགོ་ཁྲིད་ཀྲང་ཀྲི་ཅིན་གཉིས་ཐུག་འཕྲད་བྱས་ཏེ། ཐའེ་ཝན་རྒྱལ་དམངས་ཏང་དང་རྒྱ་ནག་གུང་ཁྲན་ཏང་གཉིས་སྲིད་དབང་སོ་སོར་ཕྱེས་ཏེ་ལོ་ངོ་ ༦༥ རྗེས་ཀྱི་གཞུང་འབྲེལ་གྲོས་མོལ་ཐོག་མ་དེ་བྱས་ཡོད་པ་དང་། དེ་རིང་ཝང་ཡོའུ་ཆི་ཡིས་ནན་ཅིན་སློབ་གྲྭ་ཆེན་མོའི་ནང་གཏམ་བཤད་དང་། སང་ཉིན་ཧྲང་ཧེ་སྤྱི་ཚོགས་ཚན་རིག་སློབ་གླིང་སོགས་སུ་གཏམ་བཤད། ཕྱི་ཚེས་ ༡༣ དང་ ༡༤ གཉིས་ལ་ཧྲང་ཧེ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། ཧྲང་ཧེ་ཐའེ་ཝན་ཚོང་པའི་བུ་ཕྲུག་སློབ་གླིང་སོགས་སུ་ལྟ་སྐོར་བྱེད་འཆར་ཡོད་འདུག

ཐེངས་འདིའི་འབྲེལ་མོལ་གྱི་ཐག་གཅོད་སྐོར་ཕྱིར་བསྒྲགས་བྱས་མེད་ཀྱང་། བརྙན་འཕྲིན་ཐུང་ངུ་ཞིག་ཡོད་པའི་ནང་ཝང་ཡོའུ་ཆི་ཡིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཕྱོགས་གཉིས་ཀྱི་འབྲེལ་བ་རྙོག་འཛིང་དང་ཀྱག་ཀྱོག་ཆེ་ཡང་། ཕྱི་ལོ་ ༢༠༠༨ ཟླ་ ༥ པ་ནས་བཟུང་འཕོ་འགྱུར་ཆེན་པོ་བྱུང་སྟེ་ཞི་བདེ་ཡི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དེ། ཕྱོགས་གཉིས་ཀྱི་མི་མང་གིས་དཀའ་ལས་བརྒྱབ་པའི་འབྲས་བུ་ཡིན་སྟབས། དེ་ལ་གཅེས་སྤྲས་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། ཀྲང་ཀྲི་ཅིན་གྱིས་ཀྱང་ཐེངས་འདིའི་འབྲེལ་མོལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཟབ་ཉན་དང་ཕྱོགས་གཉིས་ཀྱི་མི་མང་གིས་རེ་འདུན་ཆེན་པོ་འཆང་ཡོད་སྟབས། འབྲེལ་མོལ་སྐུ་ཚབ་ཚོར་ལས་འགན་ལྕི་མོ་ཡོད་སྐོར། དེ་བཞིན། ཕྱོགས་གཉིས་ཀྱི་འགྲོ་ལམ་མ་ནོར་བ་ཡིན་ན་ཐའེ་པའེ་ནས་ནན་ཅིན་བར་ཐག་དེ་པེ་ཅིན་ནས་ནན་ཅིན་བར་ཐག་ལས་ཉེ་བ་ཡོད་སྟབས། མུ་མཐུད་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཚེ་སྔར་ལས་བར་ཐག་ཉེ་རུ་འགྲོ་རྒྱུར་ཡིད་ཆེས་ཡོད་སྐོར་སོགས་བརྗོད་འདུག

རྒྱལ་སྤྱིའི་གསར་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་ ༡༩༤༩ ལོར་རྒྱལ་དམངས་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་ནང་འཁྲུག་མཇུག་རྫོགས་ཏེ་རྒྱལ་དམངས་ཏང་སྲིད་གཞུང་གིས་ཐའེ་ཝན་དུ་སྲིད་དབང་བཟུང་རྗེས། ལོ་ངོ་ ༤༠ ཙམ་གྱི་རིང་འབྲེལ་ལམ་ཆད་པ་མ་ཟད། ཕྱོགས་གཉིས་ཀྱི་བར་ཞེ་འཁོན་ཆེན་པོ་བཟུང་ཡོད་ཀྱང་། ཕྱི་ལོ་ ༡༩༨༧ ནས་བཟུང་ཕན་ཚུན་བར་མི་མང་དཀྱུས་མའི་འགྲོ་འོང་དང་དཔལ་འབྱོར་མཉམ་ལས་མགོ་བརྩམས་རྗེས། ༡༩༩༢ ལོར་ཧོང་ཀོང་དུ་ཕྱོགས་གཉིས་ཀྱི་དཔོན་རིགས་བར་གྲོས་མོལ་བརྒྱུད་རྒྱལ་ཁབ་ཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་། ལམ་ལུགས་ཁ་ཤས་གཅིག་མཚུངས་མིན་པ་ཐུན་མོང་གི་ངོས་འཛིན་ཐོབ་པའི་ངག་ཐོག་གི་གསལ་བཤད་དེར་ཕྱིས་སུ་ ༡༩༩༢ ལོའི་ཐུན་མོང་གི་ངོས་འཛིན་ཞེས་བཏགས་ཏེ། ༡༩༩༣ ལོར་ངག་ཐོག་གི་གསལ་བཤད་དེ་གཞི་རྩར་བཟུང་སྟེ་སང་གྷ་ཕོར་དུ་འབྲེལ་མོལ་བྱས་ཡོད་པ་མ་ཟད། ཝང་ཀོ་གྲོས་མོལ་གྱི་ཐུན་མོང་གྲོས་ཆོད་དང་འབྲེལ་མོལ་ལམ་ལུགས་སོགས་གྲོས་ཆོད་ཁག་ ༤ བཞག་སྟེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ལེགས་སུ་ཕྱིན་ཡོད་ཀྱང་། ༢༠༠༠ ལོར་ཁྲིན་ཧྲུའུ་ཕིན་ཐའེ་ཝན་གྱི་སྲིད་འཛིན་དུ་བསྐོས་རྗེས་འབྲེལ་མོལ་མཚམས་ཆད་ཡོད་པ་རེད། ༢༠༠༥ ལོར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་ཡིས་རྒྱལ་དམངས་ཏང་སྲིད་གཞུང་གི་མགོ་ཁྲིད་ཉན་ཀྲན་སུའུ་རྒྱ་ནག་ཏུ་མགྲོན་འབོད་བྱས་ཏེ། ཕྱོགས་གཉིས་ཀྱི་མགོ་ཁྲིད་བར་འབྲེལ་མོལ་ཐེངས་དང་པོ་བྱས་ཡོད་པ་མ་ཟད། ༡༩༩༢ ལོའི་ཐུན་མོང་ངོས་འཛིན་ཞེས་པ་རྒྱུན་འཁྱོངས་དང་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱས་ཏེ་གང་མགྱོགས་འདྲ་མཉམ་གྲོས་མོལ་བསྐྱར་གསོ་བྱེད་པའི་ཐག་གཅོད་བྱུང་བ་ལྟར། ༢༠༠༥ ལོར་མཱ་ཡེན་ཅུ་ཐའེ་ཝན་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ནས་བཟུང་ཕྱོགས་གཉིས་ཀྱི་མགོ་ཁྲིད་བར་འབྲེལ་མོལ་ཐེངས་ ༩ ཙམ་བྱུང་སྟེ་གྲོས་ཆོད་དོན་ཚན་ ༡༩ བཞག་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༨ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 1

  1. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    ༼ཕྱོགས་གཉིས་ཀྱི་འགྲོ་ལམ་མ་ནོར་བ་ཡིན་ན་ཐའེ་པའེ་ནས་ནན་ཅིན་བར་ཐག་དེ་པེ་ཅིན་ནས་ནན་ཅིན་བར་ཐག་ལས་ཉེ་བ་ཡོད་་་་༽ རྒྱ་དམར་འདི་ཚོས་སྐད་ཆ་སྙན་པོ་བཤད་ཤེས་གཱ། ཧཧཧཧ

    གོ་མེན་སྲིད་གཞུང་ཕྱིར་ནན་ཅིན་ལ་བསུས་རྗེས། བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་ཡང་ལྷ་སར་འབོད་རྒྱུ་ཡིན་ནི་མིན་ན། ཨོ། ད་ང་ཚོ་གཞུང་ཡིན་ནི་ར། སྒྲིག་འཛུགས་ཡིན་ནི་རེད་མོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese