མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་པར་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྔ་པ་ཀིརྟི་དགོན་པའི་ཉེ་འགྲམ་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་འདུག

ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཡས་མས་སུ། རྔ་པ་ཀིརྟི་དགོན་པའི་ཉེ་འཁྲིས་སུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་གནང་ཡོད་འདུག ད་ལྟའི་ཆར་རང་ལུས་མེར་བསྲེཊ་གནང་མཁན་གྱི་བོད་མི་དེ་མི་སྐྱ་ཞིག་ཡིན་པ་ཤེས་པ་ཙམ་ལས། མེར་བསྲེཊ་གནང་རྗེས་ཀྱི་འཆི་གསོན་གནས་སྟངས་དང་། ཁོང་གི་མཚན་བཅས་གསལ་བོ་ཤེས་ཐུབ་མ་སོང་བས་གནས་ཚུལ་ཐོན་རིམ་བཞིན་ཇེ་རྒྱས་སུ་གཏོང་རྒྱུ་ཡིན།

རིམ་པ་གཉིས་པ། མདང་ནུབ་བསྐྱར་དུ་གནས་ཚུལ་འབྱོར་བར། རྔ་པར་རང་ལུས་མེར་བསྲེཊ་གནང་མཁན་གྱི་བོད་མི་ཁོང་གི་མིང་ལ་རྡོ་རྗེ་ཞུ་བཞིན་ཡོད་པ་དང་། ཁོང་རྔ་པ་རྒྱ་འབུམ་ཕྱུག་རྭ་གོང་མ་ནས་ཡིན་འདུག ཁ་སང་དགོང་དྲོའི་བོད་ནང་གི་ཆུ་ཚོད་ ༦།༣༠ ཙམ་ལ་རྡོ་རྗེ་ལགས་ཀྱིས་རྔ་པ་རྫོང་གི་དཔའ་བོའི་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་རྗེས། དམག་མི་དང་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་པ་མ་ཟད། རྔ་པ་རྫོང་གི་ས་གནས་གང་སར་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱི་ཡོད་འདུག

རིམ་པ་གསུམ་པ། ཀིརྟི་བྱེས་བ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་ཚེ་དཔག་དང་མ་ན་མེ་སྐྱིད་གཉིས་ཀྱི་བུ་བློ་བཟང་རྡོ་རྗེ། རང་ལོ་ ༢༥ ཙམ་ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲུད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེར་སྲེག་བཏང་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་རྔ་བ་རྫོང་མཁར་དུ་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་འབྱོར་ནས་ཁོང་གི་ལུས་ལ་འབར་བཞིན་པའི་མེ་བསད་དེ་རླངས་འཁོར་ཆུང་ཆུང་སྒམ་ཤིང་ཅན་ཞིག་གི་ནང་དུ་བཞག་ཅིང་སྟེང་ལ་རས་ནག་པོ་ཞིག་བཀབ་ནས་བཙན་ཁྲིད་བྱས་ཀྱང་སྐབས་དེར་ཁོང་གིས་མགོ་ཡར་བཀྱགས་ནས་ལག་གཉིས་ཐར་མོ་སྦྱར་ཡོད་ཀྱང་དེ་མ་ཐག་ཉེན་རྟོག་པས་མར་མནན་ནས་ཁྱེར་ཡོད་ནའང་། ད་ལྟའི་ཤི་གསོན་གྱི་གནས་སྟངས་དང་གང་དུ་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད་པ་དང་། ཁོང་ཚང་ལ་མིང་སྲིང་བཞི་ཡོད་པའི་ཆེ་བ་བུ་མོ་དར་མཚོ་དང་། གཉིས་པ་བློ་བཟང་རྡོ་རྗེ་ཁོང་ཡིན་ཞིང་། གསུམ་པ་བུ་མོ་མེས་མེས། བཞི་པ་བུ་བཀྲ་ཤིས་བཅས་ཡིན་འདུག་ལ། ལོ་ཤས་གོང་ཕ་མ་གཉིས་ཁ་ཁར་གྱུར་ཡོད་འདུག

བློ་བཟང་རྡོ་རྗེ་ཁོང་ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་ལོ་ཤས་རིང་དགོན་པའི་ནང་བསྡད་འདུག་ཀྱང་། རྗེས་སུ་སྐྱ་སར་བབ་རྗེས་ཨ་མ་དང་སྤུན་ཆུང་བ་བཀྲ་ཤིས་གཉིས་དང་མཉམ་དུ་མགོ་ལོག་དར་ལག་རྫོང་དུ་རླངས་འཁོར་འཁྲུད་སའི་ཚོང་ཁང་ཞིག་གཉེར་ནས་བསྡད་ཡོད་འདུག ཟླ་ཤས་གོང་ནས་ཕྱུགས་ལས་གོང་མར་ཡོང་ནས་ཕ་ཚེ་དཔག་དང་མཉམ་དུ་བསྡད་ཅིང་དེའི་རྗེས་རྔ་བ་ཀིརྟི་དགོན་པའི་སྨོན་ལམ་ཆེན་མོར་མཇལ་དུ་ཡོང་འདུག ཁ་སང་བོད་ཚེས་བཅུ་བཞིའི་ཉིན་རྔ་བ་ཀིརྟི་དགོན་པའི་འཆམ་ལ་ཁེལ་ཡོད་པ་དང་སྔ་དྲོ་ཁོང་འཆམ་ལ་མཇལ་དུ་ཡོང་ཡོད་འདུག གནས་ཚུལ་དེ་བྱུང་ཙམ་ནས་རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་དང་ལམ་གྱི་བཞི་མདོ་སོགས་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་མང་པོས་དམ་དྲག་ནན་མོ་བྱེད་བཞིན་ཡོད་འདུག

 

 

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. ཨ says:
    ལོ་ 12 སྔོན།

    སྒེར་གྱི་བསམ་ཐོག་ནས་མིང་ཅི་ཞིག་བཏགས་ཀྱང་འདྲ། དོན་དངོས་ཐད་བཀའ་ཤག་ལ་རང་སྲེག་འདིའི་སྐོར་གྱི་སྲིད་ཇུས་ཤིག་གཏན་ནས་ཡོད་ཚོད་མ་རེད། གལ་སྲིད་ཏན་ཏན་ཏིག་ཏིག་གི་དེ་འདྲ་ཞིག་ཡོད་ཚེ། སྲིད་ཇུས་དེ་དང་འབྲེལ་བའི་ལམ་ལུགས་བྱ་བཞག་ཐག་གཅོད་གྲུབ་འབྲས་སོགས་ཀྱི་རིགས་ཤིག་ཡོད་དགོས་ངེས་ལ་ད་སྔར་དེའི་སྐོར་ཡོངས་ཁྱབ་ཏུ་ཅི་ཡང་མཐོང་རྒྱུ་མེད་པ་ལས་ལོས་ཤེས། མ་གཞིར་རང་སྲེག་འདི་བཀའ་ཤག་གི་ཞལ་དང་ཕྱག་ལ་ཐུག་འདུག་པ་ཞིག་རྩ་ནས་ཡིན་ས་མ་རེད་འདོད། ཡིན་ནའང་བོད་དང་བོད་ཀྱི་རྒྱབ་སྐྱོར་བ་ཞིག་ཡིན་ཕྱིན་ཆད། རང་སྲེག་མེ་རྒོལ་འདི་རུལ་དུ་མི་འཇོག་པར་རང་ནུས་འདོན་སྟངས་ཤིག་ཅིས་ཀྱང་ཡོད་ངེས་མོད། འོན་ཀྱང་། རང་གར་བསྡད་ན་ཟ་འཐུང་དོན་དུའང་རང་ནུས་ཐོན་མི་དཔེ་བ་དེ་རེད།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    བཀའ་ཤག་གིས་རང་སྲེག་ངོས་འཛིན་བྱེད་སྟངས་དང་དེ་འདྲའི་”ཉེན་ཚབས་ཅན་”གྱི་གནས་སྟངས་ལས་སྐྱོབ་པའི་ཐབས་ཤེས་ལ་ངས་བཀའ་ཤག་གིས་རང་སྲེག་ཐད་འཛིན་པའི་སྲིད་བྱུས་སམ་བཀའ་ཤག་གི་རང་སྲེག་སྲིད་བྱུས་ཞེས་བརྗོད་ཀྱི་ཡོད། སྲིད་བྱུས་ཀྱི་ནང་དོན་ངོ་མ་ཅི་ཡིན་དྲ་གྲོགས་ཇོ་རུས་གསལ་བོ་ཤེས་ཀྱི་ཡོད་སྟབས་བསྐྱར་ཟློས་མ་དགོས་པ་ཞུ།། འགན་ཆ་ཚང་ཁུར་ནས་སྔ་ཕྱི་བར་གསུམ་དུ་ཞུས་དང་ཞུ་བཞིན་པ་ཡིན།།

    Reply
  3. ཨ says:
    ལོ་ 12 སྔོན།

    རང་རེའི་རང་སྲེག་མེ་རྒོལ་སྐོར་ཐད།
    གལ་ཏེ་འུ་ཚོས་ཁ་སང་བཞིན་དུ་དོན་འབྲས་འདི་རེད་ཟེར་བ་གཅིག་ཀྱང་མ་བྱས་པར་དེ་མུར་བསྡད་ན། ནམ་ཞིག་ལ་འུ་ཚོར་ཕྱིར་འགྱོད་ཆེ་ཞིག་སྐྱེ་རྒྱུ་འོང་བ་སྨྲོས་མི་དགོས་པ་ཞིག་རེད་འདོད། གལ་སྲིད་དེ་འདྲ་ཞིག་ཏུ་ལོག་པའི་དབང་དུ་བཏང་ན། འུ་ཚོ་འུ་ཚོའི་ལོ་རྒྱུས་ནང་གི་ནག་ཉེས་པར་གྱུར་བ་རེད་ལ་རྡུགས་ས་ནས་བཤད་ན། ཕྱི་རབས་ཚོས་ཏག་ཏག་སྐྱོ་གདུང་ངང་མཛུབ་མོ་འཛུགས་ས་དེར་ཡང་འུ་ཚོ་ལྷུང་བ་རེད་འདོད།

    Reply
  4. ཨ says:
    ལོ་ 12 སྔོན།

    བོད་མི་རིགས་ཀྱི་ཆེད་དུ་རང་སྲེག་གནང་མཁན་ཚོས་སྙིང་སྟོབས་དང་བསམ་བློ་ད་དུང་དམིགས་ཡུལ་ངེས་ཅན་ཞིག་གི་སྟེང་ནས་འདི་ལྟར་རང་འགན་ལེན་གྱིན་ལགས་ན། འདིའི་སྐོར་ལ་བཀའ་ཤག་གིས་མཚམས་འཇོག་འབོད་སྐུལ་ངེས་ཅན་ནམ་ཀུན་ལ་ཁྱབ་ནི་ཞིག་བསྒྲག་རུང་དེར་དངོས་ཕན་ཡོད་པ་རྩ་ནས་མ་མཐོང་། རང་སྲེག་མེ་རྒོལ་འདི་ལོ་རྒྱུས་ནང་གི་ཆེས་བོད་དོན་རང་བཞིན་གལ་འགངས་ཅན་ཞིག་ཡིན་པ་སུས་ཀྱང་མི་ཤེས་ཚོད་དུ་མེད་པ་ལགས་པས། ད་ནི་འདི་སྔར་མུས་བཞིན་ཆིག་རྐྱང་ལ་མི་འཇོག་པར་ནང་དོན་ལྡན་པ་ཞིག་འོང་བའི་ཆེད་དུ་མཐོ་དམན་ཚོགས་སྒེར་ཀུན་ལས་གྲུབ་པའི་བོད་དང་བོད་ཀྱི་རྒྱབ་སྐྱོར་བ་ཡོད་དོ་ཅོག་གིས་རང་ནུས་རོགས་རམ་འདོན་རྒྱུ་ཉིད་ཅིག་ལས་གཞན་གང་ཡང་མིན་པར་འདོད།

    Reply
  5. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    ༼དཔལ་ལྡན་བཀའ་ཤག་གི་་་་་་རང་སྲེག་སྲིད་བྱུས་༽་་་་་བཟུང་ནས་འདུག་་་་་་ཞེས་པའི་ཚིག་འདི་རིགས་བཤད་རྒྱུ་ལས་སླ་བོ་ཁྱོན་ནས་མ་རེད་བསམ། སུ་ཡིན་ཡང་། སོ་སོའི་སྐད་ཆར་ཏོག་ཙམ་འགན་ཁུར་ནས་བཤད་ན་ལེགས་པོ་ཡོད་པ་རེད།

    གལ་ཏེ། འདི་ལྟའི་གསལ་ལ་མི་གསལ་བའི་སྲིད་བྱུས་ཤིག་བཟུང་ཡོད་པ་དོན་དངོས་ཡིན་ན། བཀའ་ཤག་གི་ངོས་ནས་བོད་མི་མང་ལ་གསལ་བཤད་ཡག་ཐག་ཆོད་ཅིག་རྒྱག་དགོས་ཀྱི་འདུག

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ད་དཔལ་ལྡན་བཀའ་ཤག་གི་དོན་འབྲས་འབྱུང་རྒྱུ་མེད་པའི་རང་སྲེག་སྲིད་བྱུས་གསལ་ལ་མ་གསལ་བ་འདི་འདྲ་བཟུང་ནས་འདུག་རྒྱུ་ལས། ཧ་ཅང་ཞལ་གསལ་བོ་དང་ཚིག་དག་པོའི་ཐོག་ནས་བོད་ནང་རང་སྲེག་མི་བྱེད་རྒྱུར་གསལ་བསྒྲགས་ཤིག་སྤེལ་མ་གཏོགས། རང་སྲེག་ལས་འགུལ་གྱི་དུམ་བུ་འདིའི་ཐད་རྒྱ་ནག་གཞུང་གི་འཕྲོར་ད་ལྟའི་བཀའ་ཤག་གིས་འགན་ཁུར་དགོས་པ་ནི་ལོ་རྒྱུས་ཀྱིས་གུ་ཡངས་མི་གཏོང་བ་ཞིག་ཡིན་པ་ངེས་པར་དུ་ཐུགས་ལ་འཇགས་དགོས་པར་གདའ།།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རང་སྲེག་མང་དྲགས་མིན་ནམ། །
    རྒྱ་གཞུང་གནོད་མིན་མི་ཤེས། །
    བོད་མིར་ལུས་སྲོག་གནོད་བགྱིད། །
    ལས་འགུལ་ཐབས་གཞན་བཙལ་ན། །
    རང་གཞན་ཕན་ཐོགས་མེད་དམ། །

    Reply
  8. སྨར་ཀླུང་དཔའ་ལ། says:
    ལོ་ 12 སྔོན།

    ད་ནི་རང་རེ་གཞི་ལུས་ཀྱི་རྒྱལ་ཞེན་ཅན་རྣམས་ཡོད་ཚད་མེ་ཕུང་གི་ནང་དུ་འདི་འདྲ་ཕེབས་པ་སུ་ལ་ཁག་འགེལ་དགོས་ཀྱི་ཡོད་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese