མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ནག་གི་ཆ་ཤས་ཟེར་བ་དེ་དབུ་མའི་ལམ་ནས་ཀྱང་ཁས་ལེན་གྱི་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པས་༧ གོང་ས་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ། རྒྱ་ནག་གིས་འདས་པའི་ལོ་ངོ་ ༦༠ རིང་བོད་པའི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་བདེན་པ་ར་སྤྲོད་བྱེད་ཀྱི་ཡོད་ཟེར།

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ནས་ ༥།༣༠ བར་མེག་གྷན་ཉིན་སློབ་ཚོགས་ཁང་དུ་བོད་རང་བཙན་བོད་ཕྲུག་ཚོགས་པའི་གོ་སྒྲིག་འོག ༧གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ་བགྲོ་གླེང་ཞིག་གོ་སྒྲིག་གནང་སོང་། བགྲོ་གླེང་གཏམ་བཤད་པར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། ས་ར་མཐོ་སློབ་ཀྱི་རྒྱལ་རབས་སློབ་དཔོན་དང་བོད་མི་མང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་གསུམ་དང་ཟུར་ཉན་མི་མང་ལྔ་བཅུ་ཡས་མས་བཅས་འཛོམས་སོང་།

དུས་དྲན་མཛད་སྒོའི་ཐོག་མར་དབྱིན་བོད་གཉིས་ཐོག་ནས་ཐང་བོད་བར་བཞག་པའི་རྡོ་རིང་ཡི་གེ་སྒྲོགས་སྦྱང་གནང་རྗེས་གོ་སྒྲིག་པས་དུས་དྲན་ངོ་སྤྲོད་གནང་བར། ཟླ་ ༢ ཚེས་ ༡༣ ནི་བོད་རང་བཙན་གྱི་ཉིན་མོ་ཞིག་ཡིན་སྟབས། ལོ་སྔོན་མ་ནས་བཟུང་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱལ་མཆོག་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས་པ་ལྟར། ད་ལོ་རྒྱ་གར་གྱི་གྲོང་ཁྱེར་ ༧ དང་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་ ༢༠ ཙམ་ཞིག་ནང་དུས་དྲན་སྲུང་བརྩི་ཞུས་ཏེ། འདས་པའི་ལོ་ ༦༠ རིང་རྒྱ་གཞུང་གིས་རྫུན་བཟོ་འཁྱོག་བཤད་བྱེད་བཞིན་པའི་བོད་ཀྱི་ལོ་རྒྱུས་ལོག་འགྲེལ་བྱེད་ཀྱིན་ཡོད་པ་གསལ་སྟོན་གྱིས་རྒྱ་ནག་གཞུང་ཚབ་ཁག་དང་འཛམ་གླིང་མི་མང་ལ་ཕྱི་ལོ་ ༨༢༡ ནས་༨༢༢ བར་བཞག་པའི་བོད་རྒྱའི་བར་གྱི་ཆིངས་ཡིག་གཙོས་བོད་བཙན་པོའི་ལོ་རྒྱུས་དང་། ༧གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་གི་ཆུ་གླང་རྩ་ཚིག་བཅས་བོད་ཀྱི་དོན་དངོས་ལོ་རྒྱུས་སོགས་གོ་རྟོགས་སྤེལ་བཞིན་ཡོད་སྐོར་བརྗོད་སོང་།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་བོད་རང་བཙན་སྐོར་བཤད་དགོས་ན་དང་པོ་ལོ་རྒྱུས་ལས་འཕྲོས་པའི་གནས་སྟངས་ཤེས་དགོས་སྟབས། བོད་བཙན་པོའི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ཏེ་ཞུ་དགོས་པ་ཆགས་ཀྱི་ཡོད་པ་དང་། བོད་ཀྱི་རྒྱལ་རབས་ཐོག་འབུམ་རམས་པའི་ཡོན་ཚད་བཞེས་མཁན་ལོ་རྒྱུས་སྨྲ་བ་སྨན་རིའི་ཡུལ་ལྷ་ཐར་ལགས་ཀྱིས་བརྩམས་པའི་བོད་བཙན་པོའི་ཆབ་སྲིད་ལམ་ལུགས་སྐོར་ཀྱི་ཞིབ་འཇུག་ཅེས་པ་ལས་བོད་ཀྱི་བདག་དབང་གནད་དོན་ཐད་ཀྱི་དོན་ཚན་དྲུག་རེ་རེ་བཞིན་བགྲང་བ་དང་འབྲེལ་བརྗོད་དོན། “ང་ཚོས་བོད་རང་བཙན་སྐོར་ལ་རྒྱུ་མཚན་མང་པོ་ཞིག་འཛམ་གླིང་ཐོག་བགྲང་གི་ཡོད་པ་རེད། དེ་ཚོའི་ནང་ནས་འཇམ་དབྱངས་ནོར་བུ་ལགས་ཀྱི་རྩོམ་ཡིག་ཁག་དང་ང་ཚོས་ནམ་རྒྱུན་ཤོད་བཞིན་པ་དེ་ཚོ་གནས་སྟངས་གཞན་ཞིག་རེད། དེ་བཞིན་སྐད་དང་ཡི་གེ རྒྱལ་རབས་དང་ལོ་རྒྱུས། ཆོས་དང་རིག་གཞུང་ཐད་ཀྱི་ཤོད་སྟངས་དེ་དག་ཡང་ཁ་ཁ་རེད། ངས་ཡུལ་ལྷ་ཐར་ལགས་ཀྱིས་བརྩམས་པའི་བོད་བཙན་པོའི་ཆབ་སྲིད་ལམ་ལུགས་སྐོར་ནི་ཆབ་སྲིད་གཅིག་པུར་ལྟོས་པའི་དེང་དུས་སྤྱི་ཚོགས་དང་མཐུན་པར་གནད་འགག་ཅིག་ཏུ་མཐོང་གི་ཡོད། ང་ཚོས་བོད་རང་བཙན་རྩོད་ཀྱི་ཡོད་ཀྱང་རུང་མེད་ཀྱང་རུང་། དོན་དག་ད་ལྟ་ང་ཚོས་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་དེ་གོ་བསྡུར་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གིས་ཆ་རྐྱེན་བཏོན་ཡོད་པའི་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་དགོས་ཟེར་བ་དེ་ད་ལྟ་དབུ་མའི་ལམ་གྱི་སྣེ་འཁྲིད་དང་ཐབས་ལམ་གསར་གཏོད་གནང་མཁན་༧གོང་ས་མཆོག་གིས་ཀྱང་ཞལ་བཞེས་གནང་གི་ཡོད་མ་རེད། ཞལ་བཞེས་མ་གནང་བའི་རྐྱེན་རྩ་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁྲོད་ནས་འགག་རྩ་དང་རྒྱུ་ཆ་འདི་འདྲ་ཞིག་ཡོད་སྟབས། ལོ་རྒྱུས་འདི་སུ་གང་གིས་མེད་པར་བཟོ་ཐུབ་ཐབས་མེད་པ་དང་། ལོ་རྒྱུས་ནི་ལོ་རྒྱུས་རང་ལ་གནས་དགོས་པར་གཟིགས་ཏེ་ཞལ་བཞེས་མ་གནང་བ་རེད།’’ ཅེས་བརྗོད་སོང་།

སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་ནས་ཕྱི་ལོ་ ༨༢༡ ནས་ ༨༢༢ ལོར་བཞག་པའི་ཐང་བོད་བར་གྱི་ཆིངས་ཡིག་དང་རྡོ་རིང་སྐོར་གྱི་རྒྱབ་ལྗོངས་གནས་ཚུལ་དང་ནང་དོན་སྐོར་ལ། སད་ན་ལེགས་འཇིང་ཡོན་སྐབས་ནས་རྒྱ་ནག་ཐང་རྒྱལ་རབས་ཀྱིས་བོད་དང་ཆིངས་ཡིག་འཇོག་རྒྱུའི་རྣམ་འགྱུར་ཐེངས་མང་བསྟན་ཡོད་ཀྱང་ཆིངས་ཡིག་འཇོག་མ་ཐུབ་པ་དེ་ཆོས་རྒྱལ་ཁྲི་རལ་སྐབས་ལ་འཇོག་ཐུབ་ཡོད་པའི་རྒྱུ་མཚན་ནི། སྐབས་དེར་རྒྱ་ནག་དང་བོད་དུ་ནང་ཆོས་ཤུགས་ཆེན་དར་ཏེ་ཆོས་པ་ཕན་ཚུན་འགྲོ་འོང་མང་པོ་བྱུང་བ་མ་ཟད། ཆོས་རྒྱལ་ཁྲི་རལ་སྐབས་ཆབ་སྲིད་ཀྱི་གོ་གནས་གཙོ་བོ་འཛིན་མཁན་གྲྭ་པ་ཆགས་ཡོད་སྟབས། ཐང་བོད་ཆིངས་ཡིག་མཚམས་སྦྱོར་བྱེད་མཁན་དང་པོ་དེ་ཆོས་ཕྱོགས་ཆགས་ཡོད། གཉིས་པ། ཐང་བོད་སྟོབས་ཤུགས་འདྲ་མཉམ་གཅིག་མཚུངས་ལྟར་ཡོད་སྟབས་ས་མཚམས་ཁག་ཏུ་དམག་འཁྲུག་བསྟུད་མར་ལངས་བཞིན་ཡོད་པར་བརྟེན་དམག་འཁྲུག་ཞི་འཇགས་ཡོང་ཆེད་དང་། གསུམ་པ། ས་མཚམས་ཁག་ཏུ་དམག་འཁྲུག་ལངས་ཏེ་ཚོང་པ་ཕན་ཚུན་འགྲོ་འོང་བྱེད་དཀའ་བར་གྱུར་སྟབས་ཚོང་པ་ཚོས་རྒྱལ་ཁབ་ཀྱི་བདག་དབང་ཐད་ལ་ཐེ་ཇུས་བྱས་སྟབས། ཆིངས་ཡིག་དེ་འཇོག་ཐུབ་པ་བྱུང་བ། དེ་བཞིན། ཆིངས་ཡིག་ནང་བོད་བཙན་པོའི་མི་རིགས་འབྱུང་ཚུལ་དང་། ས་མཚམས་གཏན་འབེབས་དང་རྒྱལ་ཁབ་བར་གྱི་འབྲེལ་ལམ། ཆིངས་ཡིག་འཇོག་མཁན་གྱི་མིང་སོགས་འཁོད་ཡོད་ཅེས་བརྗོད་སོང་།  

མཇུག་ཏུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒྱ་གཞུང་གིས་ཉེ་ལམ་ཨ་སྒོར་ས་ཡ་མང་པོ་བཏང་སྟེ་པོ་ཏ་ལ་རྫུན་བཟོ་བྱས་ནས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་མགོ་སྐོར་གཏོང་གི་ཡོད་པ་མ་ཟད། རྒྱ་བཟའ་ཀོང་ཇོས་བོད་དུ་ནང་ཆོས་འཁྱེར་ཡོང་སྟེ་བོད་ཀྱི་བསྟན་པའི་མེ་རོ་སླར་གསོ་མཛད་པ་དང་། བོད་ཀྱི་སྲོལ་རྒྱུན་རི་མོ་ཐང་བྲིས་སྒྱུ་རྩལ་དར་སྤེལ་མཛད་པ་སོགས་བོད་བཙན་པོའི་ལོ་རྒྱུས་དག་ལ་འཁྱོག་བཤད་བྱེད་བཞིན་ཡོད་སྟབས། ང་ཚོས་གནས་ཚུལ་དེ་ཚོ་ཤེས་རྟོགས་ཐུབ་པའི་ཐོག་རྒྱ་གཞུང་ལ་མདུང་རྩེ་གཏད་དེ་བོད་ཀྱི་རང་དབང་སླར་གསོ་བྱ་རྒྱུ་ནི་བོད་མི་ཡོད་དོ་ཅོག་དང་སྒོས་སུ་ཕྱི་རབས་གཞོན་སྐྱེས་ཚོའི་ཕྲག་ཏུ་བབ་པའི་ལས་འགན་གལ་ཆེན་ཞིག་ཡིན་སྐོར་སོགས་བརྗོད་སོང་།

 

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༢ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 10

  1. ཤག་སྒང་པ། says:
    ལོ་ 12 སྔོན།

    དབུས་མའི་ལམ་གྱི་སྲིད་བྱུས་ཀྱི་མཐར་ཐུག་ནི། ཕྱི་སྣོད་བཅུད་མི་ཡལ་བ་དང་། ནང་བཅུད་ཀྱི་སེམས་ཅན་རྣམས་མི་རབས་ནས་མི་རབས་སུ་དབུལ་ཕོངས་རྗེས་ལུས་ཅན་མིན་ཁར། རང་མི་རིགས་ཀྱི་བླ་སྲོག་གཅེས་ཉར་ཁོ་ནའི་ཆེད་དུ་ཡིན་པར་སེམས།

    Reply
  2. བསམ་འགྲུབ་ཕོ་བྲང་། says:
    ལོ་ 12 སྔོན།

    འགོ་ལོག་ཟླ་བྷེ། འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་དེ་ད་ལྟ་དབུ་ལམ་ཚོགས་པས་ནག་བསུབ་གཏོང་འདོད་ཇི་ཙམ་ཆེ་ཡང་ལོ་རྒྱུས་ཟེར་བ་བྱུང་ཟིན་པ་ཞིག་ཡིན་དུས་ཁྱོད་ཚོར་ཐབས་ཤེས་མེད། འོན་ཀྱང་མ་འོངས་པར་བོད་འདི་རྒྱ་འོག་ཏུ་སྡོད་རྒྱུའི་ཁས་ལེན་གཙང་མ་བྱས་པ་ཡིག་ཐོག་ནས་རྒྱ་ནག་གཞུང་ལ་སྤྲད་ཟིན་པ་དེ་ལ་བློ་གཟུ་བོར་གནས་པའི་གངས་ཅན་པའི་མི་བུ་ཞིག་གིས་མནོ་བསམ་གཏོང་ན། དེ་ནི་ཡ་ང་ལ་ཡི་མུག་པ་ངུ་བྲོ་ལ་ཞེ་མེར་བའི་བྱ་ཙོག་འདི་འདྲ་ཞིག་བྱུང་བ་དངོས་ར་འཕྲོད་ངེས། དེ་ལས་གཞན་པ་བཤད་མི་དགོས།

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 12 སྔོན།

    ཆོས་འཕེལ།
    ད་ཡིན་ན། ཚོགས་པ་ཁག་གི་ངོས་ནས་མཉམ་འབྲེལ་ཙམ་ཞིག་བྱེད་མ་ཆོག་པ་ཨེ་རེད། ལྷག་པར་ལོ་རྒྱུས་ཀྱི་བདེན་པར་ངོས་འཛིན་ཙམ་ཡང་མ་ཆོག་པ་རེད་དམ།
    མ་གཞི་ནས། འགན་འཁུར་མེད་པའི་མཆན་ཙམ་ལ་དོ་སྣང་བྱེད་རིན་མི་འདུག་མོད། ཆེད་དམིགས་ཀྱིས་འགལ་ཟླ་སློང་སྟངས་ནི། རང་ཉིད་གསལ་བཤད་བྱས་འདུག
    ད་ལྟའི་འཐབ་རྩོད་ཀྱི་རྨང་རྩ་ཡང་། འདས་པའི་ལོ་རྒྱུས་ཀྱི་བདེན་པས་བསྐྲུན་པ་མ་རེད་དམ། བོད་ཀྱི་བདེན་སྟོབས་དང་མི་རབས་གསར་བའི་བློས་གཏོང་གིས། ད་ལྟའི་བོད་འདི་ལ་གསོན་ཤུགས་རྒྱས་པ་མ་རེད་དམ།

    Reply
  4. གནས་ཚང་། says:
    ལོ་ 12 སྔོན།

    གོང་ས་བཅུ་གསུམ་པ་ལས་ལྷག་པའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་བོད་ལ་འབྱུང་མི་འདུག ཉུང་མཐར་རྒྱལ་ཁབ་ཤོར་རྗེས་སླར་ཡང་ལེན་ཐུབ་ཡོད་པ་རེད། འདི་ནི་དེང་སྐབས་བོད་རྒྱ་ཁོངས་ཡིན་མིན་ཡང་གསལ་བོ་བཤད་མི་ཕོད་པར་བསྡུར་ཐབས་ཤིག་འདུག་གམ། རང་གིས་རང་གིས་མ་གཡོག་རོགས། མགོ་ནག་བོད་པའི་སྡེ།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ཆུ་གླང་(༡༩༡༣) ལོར་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གིས་དོན་ཚན་ལྔ་ཅན་གྱི་བཀའ་རྩ་ཞིག་ཁྱབ་བསྒྲགས་གནང་བ་དེས། ཕྱི་ཕྱོགས་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གནས་ཡོད་པ་ཧ་གོ་ཕྱིར་དང་ནང་ཁུལ་ནས་བོད་རང་བཙན་བརྟན་སྲུང་དང་ལམ་ལུགས་ལེགས་བཅོས་ཀྱི་གསར་བརྗེ་ཞིག་དགོས་པའི་ཆེས་གལ་འགངས་ཆེ་བའི་གནད་དོན་ཞིག་གསལ་བཤད་གནང་ཡོད། དེ་བས་ངས་འདི་ལ”བོད་རྒྱལ་ཁབ་བརྟན་སྲུང་ལེགས་བཅོས་ཀྱི་ཆུ་གླང་རྩ་ཚིག་ཆེན་མོ”ཞེས་གདེང་འཇོག་དང་དད་གུས་བྱེད་ཀྱིན་ཡོད།

    http://www.chapdaklhamokyab.fr/%E0%BD%91%E0%BD%94-%E0%BD%91-%E0%BD%96%E0%BD%A2-%E0%BD%91/%E0%BD%86%E0%BD%96-%E0%BD%A6-%E0%BD%91-%E0%BD%A6-%E0%BD%A2/%E0%BD%86-%E0%BD%82-%E0%BD%84-%E0%BD%A2-%E0%BD%9A-%E0%BD%82-%E0%BD%86-%E0%BD%93-%E0%BD%98-%E0%BD%A3/

    Reply
  6. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    མཆན་འདེབས་པ་བསམ་འགྲུབ་ཕོ་བྲང་ལགས།
    ལམ་དབུ་མའི་ཕུགས་འདུན་ནི་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་རག་པ་ཡིན་ན། དེ་ཕན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འདུག་རྒྱུར་འཐད་པ་གཡོ་མེད་སྒྱུ་མེད་བྱས་པ་ལས། བོད་འདི་ལོ་རྒྱུས་ཐོག་སྔོན་མ་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་དབུ་ལམ་པའི་གནད་ཡོད་མི་སྣ་སུས་གསུངས་འདུག དུས་གསུམ་གྱི་དབྱེ་བ་ཙམ་མི་མཁྱེན་ན་ཡུལ་ཆེན་པོ་ལ་ཁ་མི་གཏོང་རོགས་ཞུ་རྒྱུ།

    Reply
  7. ལྗང་གཞོན། says:
    ལོ་ 12 སྔོན།

    ཆོས་འཕེལ་ཟེར་བའི་དྲ་གྲོགས་འདིས་ཁ་སང་གི་བགྲོ་གླེང་སྟེང་ནས་བཙན་པོའི་རྡོ་རིང་སྟེང་གི་ཆིངས་ཡིག་འགྱེར་འདོན་བྱེད་མཁན་དང་འབྲེལ་སྙོན་འཛུགས་འདྲ་ཞིག་བྱེད་ཁུལ་བྱས་འདུག ཅི་རེད། དབུ་མའི་ལམ་གྱི་སྲིད་ཇུས་བཟུང་ཕྱིན་བོད་བཙན་པའི་མཛད་རྗེས་གླེང་མི་ཆོག་པ་དང་། བོད་ཀྱི་བྱུང་རབས་ལོ་རྒྱུས་རང་གིས་སྦྱང་མི་ཆོག་ཅིང་གཞན་ལ་འཆད་མི་ཆོག་པ་རེད་དམ། ངོ་མ་མི་འདི་ཚོས་ད་ཅི་བཤད་འདི་བཤད་ཤེས་ཀྱི་མི་འདུག

    Reply
  8. ཆོས་འཕེལ། says:
    ལོ་ 12 སྔོན།

    ཁ་སང་གི་བགྲོ་གླེང་དེར་ང་རང་སོང་བ་ཡིན་ཏེ་གོ་སྒྲིག་བྱེད་མཁན་སློབ་ཕྲུག་ཚོགས་པ་ཡིན་གསུངས་སོང་། ཡིན་ནའང་བུད་མེད་ཚོགས་པའི་རྒྱུན་ལས་པད་མ་ཆོས་སྒྲོན་ཟེར་བ་དེ་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་རྣམ་རྒྱལ་སྒྲོལ་དཀར་ཟེར་བ་དེ་གཉིས་ཀྱིས་ཀྱང་ཡིག་ཆ་ཞིག་སྒྲོག་འདོན་བྱེད་བཞིན་འདུག དེ་ག་རེ་ཡིན་ནམ། འདི་གསལ་བོ་ཞིག་མ་བཟོས་ན་ཡག་པོ་མི་འདུག

    དོན་དངོས་ཐོག་བུད་མེད་ལྷན་ཚོགས་ཀྱི་ལངས་ཕྱོགས་སྔོན་མ་ནས་དབུ་མའི་ལམ་ལ་ཤར་སྐྱོད་གནང་གི་ཡོད་རེད། དགུ་བཅུ་གསུམ་གྱི་ལངས་ཕྱོགས་ཀྱང་འདས་པའི་ཟླ་གཉིས་གསུམ་གོང་ལ་དབུ་མའི་ལམ་ལ་འགྱུར་བ་བཏང་ཚར་བ་རེད། ཁོ་རང་གཉིས་སྒེར་ངོས་ནས་ལས་ཀ་བྱེད་ཀྱི་ཡོད་རེད་ཟེར་ན་ཁ་སང་ངོ་སྤྲོད་བྱེད་སྐབས་ཚོགས་པ་གཉིས་མིང་འདོན་བྱས་སོང་། འདི་བྱེད་སྟངས་ཡག་པོ་རྩ་བ་མ་རེད།

    Reply
  9. བསམ་འགྲུབ་ཕོ་བྲང་། says:
    ལོ་ 12 སྔོན།

    བོད་འདི་རྒྱ་ནག་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་སྡོད་རྒྱུའི་ཁས་ལེན་ཚར་དུས། ད་དུང་བོད་འདི་རྒྱ་ནག་གི་ཆ་ཤས་སུ་ཁས་བླངས་མེད་ཚུལ་བཤད་པ་ནི་མགོ་བདེ་སྤྲེལ་ལད་ཀྱི་སྐད་ཆ་ལས་ཅི་ཡང་མ་མཐོང་།

    Reply
  10. གླང་དར་མ། says:
    ལོ་ 12 སྔོན།

    (ཆུ་གླང་རྩ་ཚིག)ཟེར་བ་དང་(ཆུ་སྤྲེལ་ཞལ་གདམས།)ཟེར་བ་འདི་རིགས་ལ་ཡིད་ཆེས་རྩ་བ་ཉིད་ནས་མེད། ནམ་རྒྱུན་བོད་པ་ཚོས་ཁུངས་དག་ལ་མ་དག་གི་ཡིག་ཆ་དང་ལོ་རྒྱུས་འདི་འདྲ་རྐྱང་རྐྱང་འཁྱེར་ཡོང་བའི་དབང་གིས་དེང་སྐབས་བོད་པ་ཚོས་རྒྱལ་སྤྱིའི་ཐོག་སྐད་འབོད་བརྒྱབས་ཏེ་གནས་ལུགས་ཅི་ཙམ་བཤད་ཀྱང་བདག་པོ་རྒྱག་མཁན་མེད་སོང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese