རྒྱལ་གཅེས་བ། འཇིགས་མེད་ལགས། རང་དབང་བྲལ་ཞིང་གདུག་རྩུབ་ཆེ་བས་སྲིད་གཞུང་དེས་ཁྱེད་རང་ལ་གང་ཡང་བྱེད་སྲིད་ངེས་རེད། དེ་དག་ཡོད་ཚད་ཤེས་ན་ཡང་། ཁྱེད་ཀྱིས་སྙིང་སྟོབས་དང་མི་རིགས་ཀྱི་ལར་ཞེན་གྱིས། དེ་རིང་དང་ཁ་སང་གི་བར་ནས་ཁྱེད་རང་སླར་ཡང་གནས་ངེས་མེད་ཞིག་དུ་ཁྲིད་སོང་།
ད་ལོར་བོད་ནང་གི་རྒྱལ་གཅེས་པ་གང་མང་ཞིག་བསྟུད་མར་བོད་མདོ་དབུས་ཁམས་གསུམ་ནས་བྱུང་ཡོད་ལ་གཅིག་རྗེས་གཉིས་མཐུད་དུ་རྒྱ་ནག་སྲིད་གཞུང་གིས་ཉེས་མེད་བཙོན་འཇུག་ཡང་ཡང་བྱེད་ཀྱི་ཡོད་པ་ཁྱེད་ཀྱིས་གསལ་པོ་རྟོགས་ཀྱི་ཡོད་ན་ཡང་། བོད་མི་ཚང་གི་བདེ་སྡུག་འཛམ་གླིང་མི་དམངས་ལ་གྱེར་ནས་རོགས་རམ་ཞིག་ཐོབ་ཆེད་དུ། རང་གི་ཚེ་སྲོག་ལ་ཡང་བསམ་བློ་མ་བཏང་ཞིང་། རང་གི་ལྟོ་ཕོར་ལ་ཡང་ཞེན་ཆགས་མེད་པར། རང་གི་མི་རིགས་འདིས་ཤི་གསོན་ལ་བསམ་ནས། ཡ་ང་དང་སྙིང་རྗེ་ཟེར་བ་དྲན་ཡུལ་དུ་འང་མེད་པའི་རྒྱ་དམར་སྲིད་གཞུང་གིས་དམག་མི་དེ་དག་གི་མེ་མདའི་འོག་དུ། སླར་ཡང་ཁྱེད་ཀྱིས་ཚེ་སྲོག་ལ་རྩེད་མོ་རྩེ་བའི་འགོ་བཙུགས་པའི་ཡ་ང་བའི་གཏམ་རྒྱུད་འདི། ཐག་རིང་རྣ་པས་སླར་ཡང་ཐོས་མ་ཐག བོད་པ་ཚང་གི་ཕྱི་སྡོད་པ་ཚོས་ཁྱེད་དང་ཁྱེད་ལྟ་བུས་བོད་ནང་ལོག་གི་རྒྱལ་གཅེས་པ་དེ་དག་གི་ཚེ་སྲོག་ལ་འགན་ལེན་ཐུབ་ཀྱི་མེད་པའི་སྐོར་ལ་བསམ་བློ་ཞིག་འཁོར་དུས། ངས་སླར་ཡང་རྒྱ་ནག་སྲིད་གཞུང་གི་གདུག་རྩུབ་འོག་གི་ཉེས་མེད་ཀྱི་དབའ་བོ་ཁྱེད་དང་འདྲ་བ་ཚོས་ན་ཟུག་བསམ་བཞིན། ངས་རྩོམ་ཡིག་འདི་མུ་མཐུད་དུ་འབྲི་མ་འཕོད།