འཚོ་འགྲམ་གྱི་ཀུ་རིང་།
ཤ་དང་རུས་པ་གཤམས་པའི་འཚོ་འགྲམ་ན།།
ཤ་དང་རུས་པ་མི་གཅིག་བོད་ཀྱི་བུ།།
གསར་འགྲོག་བུད་མེད་གངས་འཚོའི་ལྷན་གཅིག་དུ།།
བདེ་བའི་ངལ་གསོ་སྟེར་བའི་བསམ་གཞིགས་ཀྱིས།།
སྔོན་མོ་རླབས་ཀྱི་གཞུར་སྒྲ་ཉན་ཐེངས་རེར།།
ལས་ཀྱི་དབང་ཐང་མི་མཉམ་འཇིག་རྟེན་ཁམས།།
རང་རང་སོ་སོའི་མོས་པ་གཙོ་གཉེར་བའི།།
རིགས་གཞན་གྲོང་གི་འཚོ་བ་རོལ་ལུགས་འདིས།།
སྣང་བ་མཁའ་ལ་འཕྱོ་བའི་སྣང་བརྙན་ཞིག།
དལ་གྱིས་རང་གི་རིགས་ལ་གསལ་འདེབས་སུ།།
འབྲི་བར་ཕྱོགས་པ་བོད་མིང་འབོད་པ་ངས།།
སེམས་ཀྱི་དུངས་ཞེན་ཟབ་མོ་འཕྲེང་བའི་ཡུལ།།
འགྲོ་བའི་རུས་སུ་གཏོགས་པ་བོད་མི་ཚོ།།
གཉིད་ལས་སློང་བས་ཀུ་ཞིག་རྒྱང་རིང་ནས།།
འདེབས་པ་ལན་གཅིག་གསོན་དང་རིགས་གཅིག་ཚོ།།
ང་ཚོ་ཡུལ་དུ་གྱར་བའི་ཕྱིར་ཉིན་ནས།།
ཡུལ་དང་ཕ་མ་ཉེ་དུ་སྤུན་གྲོགས་སོགས།།
ཁ་ཐག་རིང་བས་ཆོད་ཀྱང་སེམས་ནང་དུ།།
ཉིན་མཚན་བརྗེད་དུ་མི་རུང་གཞན་ཡུལ་ནས།།
འཇོན་པའི་ལས་ལ་བརྩོན་ཞོར་ནམ་ཞིག་ལ།།
སླར་ཡང་གངས་རིའི་ལྗོངས་སུ་ལྷན་འཛོམ་ཆེད།།
གངས་རིའི་ལྷ་སྐལ་གསུང་ལ་དང་ལེན་གྱིས།།
རྣམ་གཡེང་ལེ་ལོའི་ཁྲོད་ནས་སྟོང་ཟད་ཀྱི།།
མི་ཚེ་བསྐྱེལ་རྒྱུ་མ་དྲན་བོད་རིགས་ཚོ།།
ང་ཚོ་རྒྱལ་ཁབ་ཡོད་ཀྱང་གཞན་མིས་འཕྲོག།
ང་ཚོ་རང་ཡུལ་ཡོད་ཀྱང་ས་མཐར་བཅུགས།།
ང་ཚོས་ལས་དོན་ང་ཚོས་མི་བྱེད་ན།།
གཞན་གྱིས་ང་ཚོ་རང་དབང་མི་འཕྲོད་ལ།།
གནམ་ནས་མི་ཟེགས་ས་ནས་མི་སྐྱེས་སྟབས།།
རང་རིགས་བོད་ཀྱི་ལས་དབང་སེམས་གཏིང་དུ།།
གཉར་ནས་སྒྲུབ་རྒྱུ་བོད་མི་ཡོངས་ཀྱིས་འགན།།
འགན་དེ་འཁུར་མཁན་བོད་མི་མཐོ་དམའ་དང་།།
རྒན་དར་གཞོན་གསུམ་སེར་སྐྱ་དབྱེར་མེད་པར།།
མཁས་བླུན་དབུལ་ཞིག་ཕོ་མོ་དེ་བས་མེད།
རང་རང་ནུས་པའི་ཆོག་ཚད་འབད་དགོས་སོ།།
༡༧།༩།༠༨
འཚོ་འགྲམ་གྱི་ཀུ་རིང༌།
ཤ་དང་རུས་པ་གཤམས་པའི་འཚོ་འགྲམ་ན།།
ཤ་དང་རུས་པ་མི་གཅིག་བོད་ཀྱི་བུ།།
གསར་འགྲོག་བུད་མེད་གངས་འཚོའི་ལྷན་གཅིག་དུ།།
བདེ་བའི་ངལ་གསོ་སྟེར་བའི་བསམ་གཞིགས་ཀྱིས།།
སྔོན་མོ་རླབས་ཀྱི་གཞུར་སྒྲ་ཉན་ཐེངས་རེར།།
ལས་ཀྱི་དབང་ཐང་མི་མཉམ་འཇིག་རྟེན་ཁམས།།
རང་རང་སོ་སོའི་མོས་པ་གཙོ་གཉེར་བའི།།
རིགས་གཞན་གྲོང་གི་འཚོ་བ་རོལ་ལུགས་འདིས།།
སྣང་བ་མཁའ་ལ་འཕྱོ་བའི་སྣང་བརྙན་ཞིག།
དལ་གྱིས་རང་གི་རིགས་ལ་གསལ་འདེབས་སུ།།
འབྲི་བར་ཕྱོགས་པ་བོད་མིང་འབོད་པ་ངས།།
སེམས་ཀྱི་དུངས་ཞེན་ཟབ་མོ་འཕྲེང་བའི་ཡུལ།།
འགྲོ་བའི་རུས་སུ་གཏོགས་པ་བོད་མི་ཚོ།།
གཉིད་ལས་སློང་བས་ཀུ་ཞིག་རྒྱང་རིང་ནས།།
འདེབས་པ་ལན་གཅིག་གསོན་དང་རིགས་གཅིག་ཚོ།།
ང་ཚོ་ཡུལ་དུ་གྱར་བའི་ཕྱིར་ཉིན་ནས།།
ཡུལ་དང་ཕ་མ་ཉེ་དུ་སྤུན་གྲོགས་སོགས།།
ཁ་ཐག་རིང་བས་ཆོད་ཀྱང་སེམས་ནང་དུ།།
ཉིན་མཚན་བརྗེད་དུ་མི་རུང་གཞན་ཡུལ་ནས།།
འཇོན་པའི་ལས་ལ་བརྩོན་ཞོར་ནམ་ཞིག་ལ།།
སླར་ཡང་གངས་རིའི་ལྗོངས་སུ་ལྷན་འཛོམ་ཆེད།།
གངས་རིའི་ལྷ་སྐལ་གསུང་ལ་དང་ལེན་གྱིས།།
རྣམ་གཡེང་ལེ་ལོའི་ཁྲོད་ནས་སྟོང་ཟད་ཀྱི།།
མི་ཚེ་བསྐྱེལ་རྒྱུ་མ་དྲན་བོད་རིགས་ཚོ།།
ང་ཚོ་རྒྱལ་ཁབ་ཡོད་ཀྱང་གཞན་མིས་འཕྲོག།
ང་ཚོ་རང་ཡུལ་ཡོད་ཀྱང་ས་མཐར་བཅུགས།།
ང་ཚོས་ལས་དོན་ང་ཚོས་མི་བྱེད་ན།།
གཞན་གྱིས་ང་ཚོ་རང་དབང་མི་འཕྲོད་ལ།།
གནམ་ནས་མི་ཟེགས་ས་ནས་མི་སྐྱེས་སྟབས།།
རང་རིགས་བོད་ཀྱི་ལས་དབང་སེམས་གཏིང་དུ།།
གཉར་ནས་སྒྲུབ་རྒྱུ་བོད་མི་ཡོངས་ཀྱིས་འགན།།
འགན་དེ་འཁུར་མཁན་བོད་མི་མཐོ་དམའ་དང༌།།
རྒན་དར་གཞོན་གསུམ་སེར་སྐྱ་དབྱེར་མེད་པར།།
མཁས་བླུན་དབུལ་ཞིག་ཕོ་མོ་དེ་བས་མེད།
རང་རང་ནུས་པའི་ཆོག་ཚད་འབད་དགོས་སོ།།