སྐར་ཆ་གསར་བ་རེད། སྐར་མ་གསར་བ་རེད། དུས་ཚོད་གསར་བ་རེད། ཉིན་མ་གསར་བ་རེད། ཟླ་བ་གསར་བ་རེད། ལོ་གསར་བ་རེད། གསར་བ་ནི་གསར་བ་འགྱུར་ཐུབ་མིན་དང་བསྒྱུར་འདོད་ཡོད་མེད་དེ་ནི་མི་རང་རང་གི་སེམས་གཏིང་གི་བསམ་པའི་འཛིན་ཕྱོགས་ནི་གཙོ་བོ་རེད། སྤྱིར་བཤད་ན་མིའི་མི་ཚེ་ནང་དུ་གསར་བ་ནི་གཅིག་འཕྲོ་གཅིག་གིས་མཐུད་དེ་རྫོགས་མཐའ་ཞིག་མེད་པ་ནི་དངོས་ཡོད་གནས་ཚུལ་ལ་ཁས་ལེན་བྱེད་མཁན་གྱི་སྐྱེ་བུ་སུས་ཡིན་ཡང་ཤེས་ངེས་པ་ཞིག་རེད། དེའི་ཕྱིར་ལོ་གཅིག་སླེབས་པ་དམིགས་གསལ་གྱིས་ལོ་གསར་བ་ཟེར་ནས་དམིགས་གསལ་གྱིས་དགའ་བ་སྐྱེ་དགོས་མིན་དེ་ལ་ཡང་སོ་སོའི་བསམ་བློ་ཡག་པོ་ཞིག་གཏོང་ཐུབ་པ་བྱེད་རྒྱུ་དེ་ནི་གནད་ཀྱི་དོན་པོ་རེད། ལོ་རྙིང་བའི་ནང་དུ་རངཉིད་ཀྱི་སྒྲུབ་འདོད་པའི་དོན་བཟང་གང་ཞིག་གི་མཇུག་བསྐྱེལ་ཐུབ་མེད་པ་ཡིན་ན་ནི་ལོ་གསར་བའི་ནང་དུ་རང་ཉིད་ཀྱིས་དེའི་མཇུག་སྒྲུབ་ཐུབ་པར་སེམས་གཏིང་ནས་དགའ་བ་དང་བཅས་དེ་སྒྲུབ་རྒྱུར་རང་སེམས་སུ་བརྟན་པོར་འཇོག་དགོས་པ་དང་། ལོ་རྙིང་བའི་ནང་དུ་རང་ཉིད་ཀྱིས་ནག་ཉེས་དང་ནོར་འཁྲུལ་གང་མང་ཞིག་བྱས་ཡོད་པ་ཡིན་ན་ནི་དེ་དག་སེམས་གཏིང་ནས་ནག་ཉེས་དང་ནོར་འཁྲུལ་དུ་ཤེས་པ་སེམས་ནས་མི་བརྗེད་པ་བྱོས་དེ་སླར་ཡང་ལམ་ཁ་དེར་མི་ཞུགས་པ་དང་ལམ་ཁ་དེར་ཞུགས་མཁན་གྱི་གྲོགས་པོ་དང་གྲོགས་མོ་སུ་ཞིག་མཐོང་ན་ཡང་དེ་ནི་ནག་ཉེས་དང་ནོར་འཁྲུལ་ཡིན་པ་རང་ཉིད་ཀྱི་ཉམ་མྱོང་ལས་ཤེས་རྟོགས་བྱུང་བ་དྲ་གྲོགས་ཚོར་གསལ་བཤད་ཡག་པོ་ཞིག་བྱེད་ཐུབ་པ་གནང་ན་དེ་བས་ཀྱང་དགེ་མཚན་ཆེན་པོ་ཞིག་རེད་འདོད། འདི་ལྟར་ངེད་ཅག་གིས་རང་རང་གི་ལོ་རྙིང་བ་དང་སྐར་ཆ་རྙིང་བ། སྐར་མ་རྙིང་བ། དུས་ཚོད་རྙིང་བ། ཟླ་བ་རྙིང་བ། ལོ་རྙིང་བ་དེ་དག་གི་ནང་དུ་སྒྲུབ་པའི་བཟང་ངན་གྱི་ལས་དོན་གང་བྱས་པ་དག་ལ་སེམས་གཏིང་ནས་ཕྱིར་དྲན་རེ་བྱེད་ཐུབ་པ་ཡིན་ན་ནི། ལོ་གསར་བའི་ནང་དུ་དོན་དག་ལེགས་པོ་རེ་སྒྲུབ་པར་དགེ་ཕན་ཆེན་པོ་ཡོད་པར་འདོད་སོང་། དེ་མིན་ཁ་གཡང་ཙམ་རེ་འབོད་པ་ནི་དེ་ཙམ་རེད། ཁ་གཡང་ཙམ་དང་སྐྱབས་ཞུ་ཙམ་གྱིས་ང་ཚོ་ལ་ཕན་ཐོག་ཞིག་ཡོད་ན་ནི་བོད་པ་ཚང་གི་ཁ་གཡང་འབོད་སྟངས་དེ་ལས་བོད་པ་ཚང་ལ་དཀའ་ངལ་ཞིག་མ་བྱུང་ན་ཆོག་མོད། དེ་འདྲ་མ་ཡིན་སྟབས། ཁ་གཡང་ཁྲོད་ཀྱི་ང་ཚོ་ལ་སྒྱིད་ལུག་རང་བཞིན་གྱི་གཤིས་ཀ་མི་ཉུང་བ་ཞིག་དང་གཞན་སྐྱོན་ལས་རང་སྐྱོན་ལ་བརྟག་དཔྱད་མི་བྱེད་པའི་གཤིས་ཀ་མི་ཉུང་བ་ཞིག་ཡོད་སྟབས། ངེད་ཅག་གི་ཡར་རྒྱས་དང་གྲུབ་འབྲས་ལ་དེ་ཙམ་བཟང་ངོ་ཤར་གྱི་མེད་པ་རེད། ངས་རེ་བ་ནི་ཁ་གཡང་བོས་དེ་འདུག་རྒྱུ་དེ་ནི་མ་ཡིན་པར་དོན་དངོས་ཕྲན་པུ་རེ་ཨེ་འཇོན་བལྟ་རྒྱུ་དེ་ཡིན་ནོ། རང་རང་གི་གང་ཐུབ་ཚོད་ཀྱི་ནུས་པ་ལ་བརྟེན་ནས་མ་ཤི་བར་དུ་བོད་པ་ཞིག་གི་མིང་དེ་མ་བརྗེད་པ་བྱོས་དེ་མདུན་ལ་གོམ་གཅིག་ཡིན་ཡང་ལོ་གསར་བ་འདིའི་ནང་དུ་སྤོ་ཐུབ་པ་བྱེད་རྒྱུ་དེ་ཡིན།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
དྲ་གྲོགས་སྟག་སྨྱོན་ལགས། ང་རང་གིས་བལྟས་པ་ཡིན་ན་ནི་དེ་ནི་མང་ཉུང་གི་ཁྱད་པར་ཞིག་མཐོང་མ་སོང་། ཁྱེད་རང་གིས་ལྟ་ཚོད་ཡིན་ན་ཟམ་གདོང་རིན་པོ་ཆེ་མཆོག་གི་ཆབ་སྲིད་ཐུགས་འགན་བཞེན་སྟངས་གང་ཞིག་ལ་ནོར་འཁྲུལ་ཚབ་ཆེན་ཤོར་གྱི་འདུག
སྐབས་དང་པོའི་བཀའ་ཁྲིའི་སྐབས་ཟམ་གདོང་རིན་པོ་ཆེས་ཕྱག་རོགས་གསུམ་ལས་མ་འདེམས་པ་དེ་བོད་ཀྱི་རྩ་དོན་གྱི་ཐོག་ལ་གསུབ་ཐུབ་མེད་པའི་གྱོང་གུད་ཆེན་པོ་ཞིག་རེད་དམ།
དྲ་གྲོགས་སྟག་སྨྱོན་ལགས། བསམ་ཚུལ་ག་རེ་ཡོད་ཀྱང་སྤ་གསང་མེད་པར་ཟིན་བྲིས་ནང་དུ་འབྲི་རོགས་ཞུ། ངེད་ཅག་གིས་ཁྱེད་རང་གི་འབྲི་འདོད་ཡོད་པའི་རྩོམ་ཡིག་དེ་ཀློག་ནས་བསམ་ཚུལ་རེ་འབྲི་བ་དང་བགྲོ་གླེང་ཕྲན་པུ་རེ་བྱེད་འདོད་འདུག དུས་ཚོད་ཁོམ་མིན་ལ་སྟབས་བསྟུན་དགོས་དུས་ཁྱེད་རང་ལ་ཡང་ཁག་མེད་པ་རེད། འོན་ཀྱང་། བོད་དོན་ཆེད་དུ་སྐད་ཆ་ཚིགས་གཅིག་མ་གཏོགས་བཤད་རྒྱུ་མེད་ཀྱང་འདི་རུ་ཕེབས་ནས་གསུང་རོགས་ཞུ།
“བོད་མི་སྐྱབས་བཅོལ་བ་ཞིག་གི་མིག་ནང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ”ཞེས་པའི་དཔྱད་བརྗོད་ཅིག་འབྲི་འདོད་ཀྱང་ཡིད་ཐང་ཆད་ནས་ལག་ལེན་ལ་ཁེལ་མ་སོང་། གལ་སྲིད་བྲིས་པ་ཡིན་ནའང་བོད་སྤྱི་ལ་ཕན་ཐོགས་ཡོང་དཀའ་བས་སྒྱིད་ལུག་ངང་ལུས་སོང་ནའང་འགྱོད་མེད། ཟམ་གདོང་རིན་པོ་ཆེ་ལྟ་བ་མཁྲེགས་པོ་དཔེ་རེད། ཁོ་རང་གིས་དྲན་དེ་ལས་ལྷག་ཅིག་མི་གཞན་སུས་ཀྱང་དྲན་མི་སྲིད་པ་ཞིག་ལ་བརྩི་ཡོད་པ་འདྲ། ཐེངས་དང་པོར་ཕྱག་རོགས་བཀའ་བློན་གསུམ་ལས་མ་འདེམས་པ་དང་། དེའི་ནང་ནས་རྒད་པོ་གཅིག་བེད་སྤྱོད་མེད་མཁན་དེ་འདྲ་རེད། ༧གོང་ས་མཆོག་གིས་ཐུགས་འགན་བཞེས་བཞིན་པའི་སྐལ་བཟང་འདིར་བོད་ཀྱི་གཞོན་སྐྱེས་ཤེས་འཇོན་ཡོད་མཁན་ཚོ་ལ་བོད་གཞུང་གི་ལས་འགན་ཆེན་པོའི་ཐོག་འགན་ཁུར་སྟངས་ཀྱི་སྦྱོང་བརྡར་བྱེད་རྒྱུའི་གོ་སྐབས་ཆེན་པོ་ཞིག་འཕྲོ་བརླག་ཏུ་སོང་དྲན་གྱི་འདུག དེ་མིན་གྱི་ནོར་འཁྲུལ་ཁ་ཤས་བགྲང་རྒྱུ་ཡོད་ཀྱང་ཡིད་ཐང་ཆད་ཡོང་གི་འདུག ཁོང་གིས་ནོར་འཁྲུལ་ཤོར་བ་ཡིན་ན་ཁོང་གི་འབང་མིར་གྱུར་བ་ང་ལའང་གྱོང་རག་ཡོད་པ་བརྗོད་མ་དགོས་པ་ཞིག་རེད། ན་ཟུག་བཟོས་ཡོད་པའང་དངོས་ཡོད་རེད། ང་ནུབ་ཕྱོགས་ལ་འགྲོ་དགོས་པ་རྡ་རམ་ས་ནས་ཚེ་མ་འཁྱོལ་བ་ལས་ནུབ་ཕྱོགས་ན་ང་ལ་ཁ་བཏགས་བཟུང་སྒུག་མཁན་མེད།
ལགས་སོ་ངས་ཉིད་ཀྱིས་ཐུགས་རེ་ཤེས་སོང་། ངས་ཀྱང་དྲ་གྲོགས་ཉིད་ཀྱིས་བསམ་ཚུལ་ཧ་གོ་སོང་། ངས་ཐད་གར་དྲ་གྲོགས་སྟག་སྨྱོན་ལགས་ཀྱིས་ཟིན་བྲིས་ནང་དུ་ཁོང་ལ་གོང་གི་འདི་ཕབ་བཤུས་བྱས་དེ་བཞག་ཡོད། གཅིག་བྱས་ན་ཁོ་རང་ཡང་འདིར་བགྲོ་གླེང་བྱེད་དུ་ཕེབས་སྲིད་པ་རེད། དེ་ནས་ངེད་གཉིས་ཀྱི་ཁོང་ལ་བཟི་མེད་ཅིག་ལ་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་ཨེ་ཐུབ་བལྟ་ཡ།
ང་ལ་མཚོན་ན་སྟག་སྨྱོན་ལགས་ཀྱི་མི་རིགས་ཀྱི་ལར་ཞེན་དང་། མཁྱེན་རྒྱ། གནད་ལ་གཟིར་ཏེ་བཤད་ཐུབ་པ་སོགས་ལ་ངས་སྙིང་ཁུངས་རུས་པའི་གཏིང་ནས་ཡི་རངས་དང་གུས་འདུད་ཡོད། ལྷག་པར་ཡང་ད་ལྟ་སུམ་ཅུ་དུས་དྲན་ཡས་མས་སུ་ཁེལ་ཡོང་སྐབས་ཁོའི་སེམས་ལ་ན་ཟུག་ལྷག་མ་ཞིག་སྐྱེས་ཡོང་གིན་ཡོད་པ་ཐག་ཆོད་རེད། ཡིན་ན་ཡང་ཁོང་གིས་ཟམ་གདོང་ལ་སྐྱོན་བརྗོད་བྱ་སྟངས་སྤྱི་དང་ལྷག་པར་ཡང་ཁོ་ཚོ་ཕྱི་རྒྱལ་དུ་འགྲོ་མཁན་ཚོར་ཚིག་རྩུབ་བཤད་པ་ཙམ་རྒྱུ་མཚན་དུ་བྱས་ནས་མཚམས་དང་ཚོད་མེད་པའི་སྐྱོན་བརྗོད་བྱེད་སྟངས་དེ་ཙམ་འགྲིགས་ཨེ་ཡོད་སྙམ་གྱིན་འདུག ཟམ་གདོང་སྤྲུལ་སྐུ་ཞལ་རྩུབ་པོ་ཡོད་པ་ངས་ཀྱང་མཐོང་གིན་ཡོད་མོད་དེ་ལ་དེ་ཙམ་གྱི་སྐྱོན་ཆེན་པོ་ཞིག་ནི་མཐོང་གིན་མི་འདུག ངས་འདིར་ཁྱེད་ལ་སྐད་ཆ་ཁ་ཤས་ཤིག་བཤད་པ་དེ་ནི་དེ་ཀ་ཙམ་དུ་ཁྱེད་ལ་ཚིག་ཁ་ཤས་ཤིག་འབྲི་སྐབས་སྟག་སྨྱོན་གྱི་སྐད་ཆའི་སྐོར་ཞིག་ཟུར་དུ་ཐལ་བ་ཙམ་ལས་འདིར་གླེང་གཞིའི་གཙོ་བོ་ཞིག་གང་ཡང་མིན། མ་གཞི་ང་ཡང་སྟག་སྨྱོན་གྱིས་བོད་ནང་དུ་དངུལ་གཏོང་དགོས་ཚུལ་གྱི་སྐད་ཆ་དེས་སེམས་འགུལ་འདྲ་ཞིག་ཐེབས་ནས་ཡང་ཡང་བསམ་བློ་གཏོང་དགོས་པ་འདྲ་ཞིག་བྱུང་སྟབས་དེ་ཀ་ཙམ་དུ་བཤད་པ་ཙམ་ཡིན།
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། སྐུ་ཉིད་མལ་ལས་ཡར་བླངས་མ་ཐག ངེད་ཀྱིས་བརྡ་ལན་ཞིག་བྲིས་ཡོད་མེད་ལ་གཟིགས་ཁོམ་བྱུང་ཡོད་པར་རེ་བ་དང་བཅས་འབྲི་དོན། སྟག་སྨྱོན་ལགས་ཀྱིས་ཞལ་འདེབས་བསྡུ་བའི་བསྐོར་ལ་ངས་གོང་གི་དྲ་གྲོགས་བསེ་རུ་ལགས་སུ་བྲིས་ལན་ཞིག་ཕུལ་བ་དེའི་ནང་དུ་སྐུ་ཉིད་ཀྱི་ལན་ཞིག་ཕུལ་ཡོད་པས་འདི་རུ་ཡང་བསྐྱར་འབྲི་མི་དགོས་པ་བྱེད།
ཉིད་ཀྱིས་གསུང་བའི་སྐད་ཆ་དེ་དག་ཡང་བདེན་པ་མེད་པའི་སྐད་ཆ་ཞིག་མ་རེད་ཟེར་ནས་བཤད་ཆོག་པ་ཞིག་རེད། ཡིན་ཡང་། སྟག་སྨྱོན་གྱིས་ག་དུས་ཡིན་ཡང་སྒེར་གྱི་འཁོན་འཛིན་ལྟ་བུ་ཞིག་སེམས་ཁོང་དུ་ཡོད་པར་བཤད་ཀྱི་འདུག དེ་ནི་ཕལ་ཆེར་ཡིན་རྒྱུ་མ་རེད་འདོད། དེ་ཡིན་མིན་སྟག་སྨྱོན་ལགས་ཀྱིས་ག་དུས་ཡིན་ཡང་བོད་མི་དག་གི་ཚེ་སྲོག་དང་རང་དབང་བཅས་ཀྱི་ཐད་དུ་སེམས་འཁུར་གནང་བཞིན་པའི་བསྐོར་གྱི་ཟོན་ཐོ་དག་ལ་བལྟས་ན་ཅུང་ཙམ་ཤེས་ཐུབ་ཀྱི་འདུག འོན་ཀྱང་། སྟག་སྨྱོན་ལགས་ཀྱིས་མི་རིགས་ཀྱི་ལར་ཞེན་གྱི་སེམས་པ་མེ་རུ་འབར་ནས་འབར་ལུགས་མ་འདྲ་བ་ཞིག་གི་དབང་གིས་སྐད་ཆ་ཡང་མཚམས་རེར་བཤད་ཐལ་ཤོར་བ་ལས་དམིགས་གསལ་གྱིས་མི་སྒེར་གྱི་སྙིང་ནད་དེ་འདྲ་སུ་ལ་ཡང་ཡོད་རྒྱུ་མ་རེད་སྙམ། དེ་ཡིན་མིན་ནི་ངེད་ཅག་གི་དྲ་ཚིགས་འདི་ནས་ཁོང་ཉིད་ལ་སྐད་ཆ་གསལ་བོ་ཞིག་དྲིས་ཀྱང་མ་འགྲིག་པ་མི་འདུག ངེད་ཅག་ཚང་མ་བོད་རིགས་སྤུན་ཟླ་གཅིག་ཡིན་སྟབས། ཁོང་གིས་ཀྱང་རང་གི་སྤུན་ཟླ་ཚོར་སྐྱག་རྫུན་མི་བཤད་པའི་ཡིད་ཆེས་ང་རང་ལ་ཡོད། དེས་ན་ཉིད་ཀྱིས་ཀྱང་སྟག་སྨྱོན་ལགས་སུ་བཅའ་འདྲི་ཞིག་གནོང་དང་། ངས་ཀྱང་སྟག་སྨྱོན་ལགས་སུ་བཀའ་འདྲི་ཞིག་བྱེད་ཆོག སྟག་སྨྱོན་ལགས་ཉིད་ཀྱིས་སྒེར་གྱི་སྙིང་ནད་དེ་འདྲ་བོད་དོན་བཤད་པའི་ཟིན་བྲིས་གང་རུང་ནང་དུ་འཁུར་ནས་ཡོང་གི་ཡོད་དམ། ང་རང་གི་བསམ་ན་སྐུ་ཉིད་ཀྱིས་དེ་འདྲ་བྱེད་ཀྱི་མེད་པར་འདོད་ཡོད། ཡིན་ཡང་། སྐུ་ཉིད་ཀྱིས་ང་རང་ཉིད་ཀྱི་བོད་རིགས་སྤུན་ཟླ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ཡིན་ན་ནི། སྐད་ཆ་དྲང་མོ་ཞིག་ལན་འདེབས་བྱེད་རོགས་ཞུ།
དྲ་གྲོགས་བསེ་རུ་ལགས། ཉིད་ཀྱིས་དྲི་བ་དེར་ངས་དང་ལེན་བྱེད་ཆོག གོང་གི་མིང་དེ་གསུམ་ནི་ང་རང་གི་མིང་དུ་འབོད་ཆོག་པ་ཡིན། འོན་ཀྱང་། ཁྱེད་རང་གི་ཤེས་གསལ་ལྟར་ང་རང་གི་མིང་དེ་དག་ནི་ཤེས་མཁན་ཞིག་གིས་བལྟས་ཙམ་གྱིས་མི་གཅིག་གི་མིང་ཡིན་པ་ཤེས་རྒྱུར་དཀའ་ངལ་གང་ཡང་མེད། རེད་་ ང་ཚོ་ལ་མཚོན་ན་མིང་ནི་གལ་ཆེན་པོ་མིན་པའི་བསྐོར་ངས་སྔོན་ཆད་དྲ་གྲོགས་ཚོ་ལ་གླེང་བ་ཉིད་ཀྱིས་སེམས་སུ་ཡོད་ངེས་རེད། གང་ལྟར། གོང་གི་སྤོབས་པ་མཐའ་ཡས་ཀྱི་གསུང་བ་ལྟར། ངེད་ཅག་གི་གང་ཞིག་བྱེད་འདོད་ཡོད་པ་དེ་དག་ས་བསྒྲགས་གནམ་བསྒྲགས་བྱས་ནས་བྱེད་དགོས་པ་ཞིག་གཏན་ནས་མ་ཡིན་པར། རང་རང་གི་དངོས་ཐད་ནས་བོད་ནང་གི་ཉེ་འབྲེལ་དང་གྲོགས་པོ་ཚོ་ལ་ཡིག་ངག་གང་རུང་བརྒྱུད་དེ་བོད་ནང་གི་བོད་མི་དེ་དག་གི་རང་རང་གི་ནང་མི་དང་ཉེ་འབྲེལ། ཆེ་ས་ནས་བོད་མི་རིགས་ཀྱི་འགན་འཁུར་བྱེད་སྟངས་བསྐོར་ལ་བསམ་ཚུལ་གང་ཡོད་པ་དེ་དག་ཁོང་ཚོའི་བསམ་བློའི་ནང་གི་ནད་ཚ་དེ་དག་སེལ་བར་རོགས་རམ་བྱེད་རྒྱུ་དེ་ནི་ངེད་ཅག་མི་རེ་ངོ་རེ་ལ་འགན་ཡོད་པ་ལས་རྩོམ་ཡིག་ཡག་པོ་ཞིག་བྲིས་ཡོད་མེད་དང་སྐད་ཆ་སྙན་པོ་ཞིག་བཤད་ཐུབ་མིན་དེ་ནི་ད་ལྟའི་གནས་སྟངས་ཛ་དྲག་གི་དགོས་འཁོ་ཁོ་ན་ཆགས་མེད་པར་འདོད། དགོས་འཁོ་དངོས་དེ་རང་གི་ཤེས་པ་མི་གཅིག་ནས་མི་བཅུ་དང་། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། གཏམ་མྱི་ཁ་བརྒྱུད་ན་ཇེ་ཆེ་ཟེར་སྲོལ་ཡོད་པ་ཚང་མའི་ཐུགས་སུ་གསལ་ངེས་རེད། ངས་རྒྱུན་དུ་བཤད་བཞིན་པ་ནི་ང་ཚོ་འགྲིན་ཚབ་པ་བཟང་བོ་ཞིག་བྱེད་ཐུབ་མིན་གྱི་གནད་དོན་དེ་ཡིན། ངས་ཀྱང་ཉིད་ཀྱིས་གོང་གི་གཏམ་ཁ་བཤད་ཆུ་ཡི་ཝུ་བ་ཟེར་བའི་གཏམ་དཔེ་དེ་ནམ་རྒྱུན་དྲན་བཞིན་ཡོད་ལ། སྐབས་རེར་རང་གི་གང་འབྲི་བཞིན་པ་དང་གང་བསམ་བཞིན་པ་ཡོད་ཚད་ཡིག་ཐོག་ལ་ཕབ་ན་སྐྱག་ལབ་རྒྱག་པ་ལྟ་བུ་ཞིག་དུ་མཐོང་ནས་འབྲི་མཚམས་ཀྱང་འཇོག་དགོས་མི་འགྲོ་ཐེངས་ཁ་ཤས་ལ་བསམ་མྱོང་ཡོད། ཡིན་ཡང་། འབྲི་མཚམས་བཞག་པ་ཡིན་ན་ནི་རང་ཉིད་ཀྱིས་དེ་ལས་ཀྱང་བོད་པ་ཚང་ལ་འགན་མ་བླངས་པ་ལྟ་བུ་ཞིག་རེད་སྙམ་ནས་དུས་རྟག་དུ་དུས་ཚོད་ཡོད་མེད་ཀྱི་བར་ནས་དྲ་ཚིགས་སོ་སོ་ནས་དྲ་གྲོགས་བོད་རིགས་སྤུན་ཟླ་དག་གི་བསམ་ཚུལ་ཀློག་པ་དང་རང་གི་བསམ་ཚུལ་སྤེལ་བཞིན་ཡོད་པ་དེ་ཡིན། ད་སྐུ་ཉིད་ཀྱིས་མཁྱེན་སོང་ངམ།
ང་ཚོའི་ཁོར་ཡུག་འདི་དང་དེ་ཚོའི་ནང་།
ཁ་བཤད་ཆུ་ཡི་ལྦུ་བ།།
ལག་ལེན་གསེར་གྱི་ཐིགས་པ།།
ཞེས་པའི་གཏམ་པའི་རྗེས་སུ་འགྲོ་མཁན་ནི་མཚན་མོའི་སྐར་མ་དང་འདྲ་ལ།
ཞིབ་པར་བསམ་ཚེ་ང་ཡང་དེའི་གྲས་ཀྱི་གཅིག་ཡིན་པ་འདྲ།
དུས་བབ་ཀྱི་ཟིན་བྲིས་སུ་ཕེབས་པའི། བོད། ཤ་ཁྲག་རུས་གསུམ།
བང་ཆེན་ཟིན་བྲིས་སུ་ཕེབས་པའི། བོད། བོད་ལུས་ངག་ཡིད་གསུམ།
ཁ་བརྡ་དྲ་རྒྱའི་ནང་ཕེབས་པའི། བོད། བོད་ལྷ་ཀླུ་གཉན་གསུམ།
ཁྱེད་གསུམ་པོ་གང་ཟག་གཅིག་ཡིན་ནམ་ཐ་དད་ཡིན།
སྤོབས་པ་མཐའ་ཡས་ལགས་ཀྱིས་གོང་དུ་མཆན་གྱི་ནང་།
བོད། ཤ་ཁྲག་རུས་གསུམ་གྱི་ཟིན་བྲིས་ལ་མཆན་འདེབས་སྐབས།
གྲོགས་པོ་ལྷ་ཀླུ་གཉན་གསུམ་ཞེས་སྨྲོས་སྟངས་དེས་ང་ལ་དོགས་པ་འདི་ལྟར་བྱུང་བས་ངས་དྲི་བ་འདི་དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལ་ཕུལ་བ་ཡིན།
དྲ་གྲོགས་ལགས། རྒྱུགས་མ་གཏོགས།
འཇིག་རྟེན་འདིར་འདུག་ས་རྩ་བ་ནས་མེད་དོ།།
གྲོགས་པོ་ལྷ་ྐླུ་གཉན་གསུམ་ལགས། སྡུག་ས་ནས་བལྟས་ན་རང་རེའི་རྩ་དོན་འདི་ཚོང་རྫས་སུ་བེད་སྤྱོད་མཁན་ཡང་ཕྱི་ནང་གཉིས་ཀྱི་མི་རིགས་ཁྲོད་དུ་འདུག ཡག་ས་ནས་བལྟས་ན་རྩ་དོན་གྱི་ཆེད་དུ་རང་ལུས་ལ་མེ་སྦར་ཕོད་མཁན་ཡང་འདུག དངོས་གནས་ཁྱེད་ཀྱིས་བཤད་པ་བཞིན་རང་ངོས་ནས་ལས་ཀ་བྱེད་ཐུབ་ན་ཅི་མ་རུང་། སྟག་སྨྱོན་གྱིས་མཆན་བུ་ཞིག་ཏུ་ཟམ་གདོང་སྤྲུལ་སྐུས་ཁོ་ཕྱི་རྒྱལ་དུ་འགྲོ་བར་རོགས་རམ་མ་བྱས་ཚུལ་ལ་སྙིང་ནད་ལྟ་བུ་ཞིག་རྩོད་ཞོར་དུ་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོས་ཨ་སྒོར་གཅིག་སྟོང་རེ་བསྡུས་ཏེ་བོད་ནང་དུ་ལས་འགུལ་སྤེལ་བར་འགྲོ་སོང་གཏོང་དགོས་མདོད་མདོག་ཅིག་བཤད་འདུག་མོད་གལ་སྲིད་བོད་མི་ཚོས་ཨ་སྒོར་གཅིག་སྟོང་རེ་བསྡུས་པའི་དབང་དུ་བཏང་ན་བོད་ནང་དུ་སུ་འགྲོ་ཕོད་ཀྱི་རེད། གསང་བ་དང་། ཐབས་མཁས། བློས་བཏང་ཧ་ཅང་ཆེན་པོ་ཞིག་མེད་ན་སུས་ཀྱང་མི་འཇོན། བོད་མི་རེ་རེའི་ས་ནས་དངུལ་ཞིག་བསྡུ་དགོས་ཕྱིན་ཁྱབ་བསྒྲགས་འདྲ་ཞིག་མ་བྱས་ན་མི་ཡོང་། དེ་ལྟར་བྱས་ན་བོད་མིས་མ་ཚོར་སྔོན་ནས་རྒྱ་མིས་ཐོས་ཏེ་ཏག་ཏག་བཟོ་རྒྱུ་ཉག་གཅིག་མ་རེད་དམ། དངོས་གནས་ང་འདྲ་བ་དང་། ཁྱོད་འདྲ་བ། སྟག་སྨྱོན་འདྲ་བ་ཁ་ཤས་ཤིག་གིས་ཁུ་སིམ་མེར་དངུལ་བསྡུས་ནས་ཁ་ཤས་ཤིག་བོད་ནང་དུ་འཛུལ་ཐབས་བྱེད་དགོས་པ་རེད། ད་ཁག་པོ་རེད། ད་ང་ཉལ་རན་སོང་། རྗེས་སུ་གླེང་ཆོག