མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་སང་གི་མེས་པོ་དང་། དེ་རིང་གི་ང་ཚོ། སང་ཉིན་གྱི་བུ་རབས་ཚ་བརྒྱུད་དག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

མེས་ པོ་དག་གིས་མཛད་རྗེས་ལ་ངེད་ཅག་གི་ཞབས་འདྲེན་ཞུ་མི་རུང་བ་མ་ཟད། རྗེས་རབས་པ་དག་གི་ཆེད་དུ་ངེད་ཅག་གི་དེ་ལས་ཀྱང་མིག་དཔེ་ངན་པ་འཇོག་མི་རུང་བ་ ཡིན་དུས། ད་ལྟ་ང་ཚོ་བོད་དུ་སྐྱེས་པའི་འགན་ཞིག་ཡོད་པ་དེ་ནི་མི་རིགས་གཞན་གྱི་ལེགས་བྱང་ ང་ཚོས་ཚུར་ནང་འདྲེན་བྱེད་དགོས་པ་དང་རང་གི་ལེགས་བྱང་མི་ཉམས་གོང་འཕེལ་དང་དར་ རྒྱས་སུ་གཏོང་བའི་འགན་འཁྲི་དེ་དག་ང་ཚོའི་ཕྲག་པར་འབབ་པའི་ལས་འགན་ལྡོག་མེད་ ཡིན་པ་མི་རེ་ངོ་རེ་ནས་ཤེས་ཐུབ་དགོས་པ་མ་ཟད། ཕྱི་རྒྱལ་བ་དེ་ཚོས་གང་བྱས་པ་དེ་དག་ཡོད་ཚད་ཀྱང་བླ་ན་མེད་པ་ཞིག་ཡིན་པར་བསམ་ མཁན་གྱི་དེང་རབས་གཞོན་སྐྱེས་མང་བོ་ཞིག་གིས་རང་རིགས་སྤྱི་ཚོགས་ནང་དུ་ཕྱི་ རྒྱལ་བ་དག་གི་ལེགས་བྱང་གདན་འདྲེན་བྱེད་མ་ཐུབ་པར་མི་དགོས་པའི་ཆལ་སྤྱོད་དང་ གཏོང་བཤིག ངོ་ལོག་གི་ལྟ་བ་སོགས་དགོས་མིན་རིན་མེད་ཀྱི་ཆལ་སྤྱོད་མང་བོ་ཞིག་ལ་གོམ་འདྲིས་ བརྟེན་བཞིན་ཡོད་པ་དེ་དག་ནི། ང་ཚོས་རང་གི་བུ་རབས་ཚ་བརྒྱུད་དག་ལ་འགན་མ་ཆགས་པ་དང་མེས་པོ་དག་གི་རླབས་ཆེན་ གྱི་དགོང་གཞི་བླ་མ་མེད་པ་དེ་དག་མ་རྟོགས་པའི་ཉེས་པ་ཁོ་ནར་ཡིན་དུས། ང་ཚོས་རང་གི་རིགས་ཀྱི་ནོར་འཁྲུལ་ཡོད་པ་དེ་དག་ཐེར་འདོན་བྱེད་ཞོར་དུ་རང་གི་ རིགས་ཀྱི་ཆེས་བླ་ན་མེད་པའི་མིའི་རིགས་ཀྱི་དགོས་དོན་སྐོང་ཐུབ་པའི་ལེགས་བྱང་ གི་རིན་ཐང་ཡོད་ཚད་ངོས་ཟིན་ཐོབ་པ་བྱེད་རྒྱུ་དེ་ནི་གལ་ཆེན་ནང་གི་དོན་ཆེན་ཆགས་ ཡོད་པ་རེད། ང་ཚོས་རང་རིགས་ཀྱི་སྐད་ཡིག་འདི་ཉིད་ཕྱུག་པོར་ཡིན་པར་རློམ་གྱི་ཡོད་པ་དེ་ཙམ་ གྱིས་གཏན་ནས་མི་ཡོང་། སྐད་ཡིག་དེ་ཉིད་ཕྱུག་པོ་ཡོད་ས་དེ་ནི་ནང་ཆོས་གཅིག་བུ་སྤྱོང་བྱེད་དང་སྙན་ངག་ དང་རྩོམ་ཡིག་ཐར་ཐོར་རེ་འབྲི་བྱེད་ཙམ་ཁོ་ན་མ་ཡིན་པའི་བདེན་དབུང་ང་ཚོས་བྱེད་ དགོས་ཀྱི་ཡོད། དཔེར་ན་སྔོ་ཚལ་དང་ཤིང་ཏོག་གི་རིགས་མང་བོ་ཞིག་ལ་ད་ལྟའི་འཆར་ང་ཚོ་བོད་པ་ཚང་ལ་ མིང་ཚིགས་ཀྱི་མ་འདང་བ་མང་བོ་ཞིག་ཡོད་པ་ནི་མེད་པ་ཡོད་པ་བཟོ་དགོས་རྒྱུ་དེ་ནི་ ངེད་ཅག་གི་ད་ལྟའི་ལས་འགན་ལྡོག་མེད་དང་མེས་པོ་དག་ལ་ངོ་གནོང་མི་དགོས་པ་དང་ ཕྱི་རབས་པ་དག་ལ་ཡ་ང་མི་དགོས་པ་དེ་རེད། དེ་མིན་ཁ་ནས་ཡོང་ཚད་དང་ཉིན་མ་གང་ཆོད་ཙམ་བྱས་དེ་དྲ་ཐོག་ནས་ཕན་ཚུན་ལ་སྐྱོན་ བརྗོད་རེ་བྱོས་དེ་བསྡད་པ་ཡིན་ན་ནི་ངེད་ཅག་གི་ལས་དོན་མ་འགྲུབ་པ་རེད་ལ། བོད་ཡིག་ཕྱུག་པོ་ཡིན་ཟེར་ནས་སྟོང་སྐད་བསྒྲགས་པ་ཙམ་དུ་འགྱུར་རྒྱུ་ནི་གདོན་ མི་ཟ་བ་ཡིན། དེས་ན་ངེད་ཅག་གི་རང་རང་གི་ས་ནས་མིང་ཚིགས་གཅིག་ཡིན་ཡང་ནང་བསྒྱུུར་བྱེད་པར་ འབད་བརྩོན་བྱེད་དགོས་ཀྱི་ཡོད། དེ་ནས་དྲ་ཐོག་ནས་དྲ་ཚིགས་སོ་སོ་ལ་བསྐུར་ནས་དཔྱད་པ་བཏང་ན་འགྲིག་གི་རེད། དེ་ལྟར་ངེད་ཅག་གིས་དེ་རིང་གི་ང་ཚོ་ཡིན་པ་འགན་འཁུར་དགོས་ཀྱི་འདུག

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 6

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་འཁྱམ་པོ་ལགས། སྐད་ཆ་དེ་ལྟར་བཤད་པ་ནི་དངོས་ནས་གཟི་བརྗིད་ཅིག་རེད་འདུག ཡིན་ཡང་། ཚིགས་ཤོར་བ་དེར་འཛིན་ཐུབ་ཡོད་ནི་མ་རེད་དོ། ཧཧཧཧཧཧཧཧ

    Reply
  2. kangtuk says:
    ལོ་ 17 སྔོན།

    ཡ་ཡ ང་ཡང་དྲ་ཐོག་འདིའི་ཡིག་ནོར་འབྲི་མཁན་གྱི་གྲས་སུ་ཚུད་ཡོད། སྤྱིར་ཡིག་ནོར་ལ་གཟབ་རྒྱུ་ནི་ལྷ་ཆབ་ཀྱིས་བཤད་པ་ལྟར་ཆེས་གལ་ཆེན་རེད་ཡིན་ཡང་ཡིག་ནོར་ལ་སྐྲག་ནས་ཟིན་བྲིས་དང་བསམ་ཚུལ་སྤེལ་པར་གོ་ཆགས་སོང་ན་དེ་ཡང་ཐབས་སྡུག་རེད། དཀའ་ངལ་ལ་གདོང་ལེན་བྱེད་རྒྱུ་ནི་རླབས་ཆེན་རེད།
    ངས་ཀྱང་ཡིག་ནོར་ལ་གཟབ་བཞིན་ཆུ་ཚོད་རེ་རེག་ན་བསམ་ཚུལ་ཐར་ཐོར་རེ་འགོད་གང་ཐུབ་ལ་འབད་གྱིན་ཡོད།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    གང་ཡང་མི་སྐྱོན། ད་སྐབས་དྲ་གྲོགས་མང་བོ་ཞིག་གིས་ཡིག་ནོར་གྱི་བསྐོར་མང་བོ་ཞིག་གླེང་ནས་འོང་གི་འདུག འདི་ནི་ཡར་ཐོན་ཞིག་ལོས་ཡིན། དགའ་བསུ་ཞུ། ངས་དེ་རིང་ང་དང་ཡིག་ནོར་ཟེར་བའི་ཟིན་བྲིས་ཐུང་ཐུང་ཞིག་བྲིས་ཡོད། དྲ་གྲོགས་བསེ་རུ་ལགས། ཉིད་ཀྱིས་ཀྱང་ག་དུས་ཡིན་ཡང་ང་རང་གི་ཟིན་བྲིས་སུ་ཕེབས་ནས་བསམ་ཚུལ་བགྲོ་གླེང་གནང་མཁན་ཞིག་ཆགས་ཡོད་པ་ཡིན་དུས། ད་གཟོད་ཀྱི་བགྲོ་གླེང་འདི་ནི་གལ་ཆེན་དོན་ཆེན་དུ་བཟུང་དེ་བསམ་ཚུལ་རྗེན་པ་ཞིག་གསུང་རོགས་ཞུ།

    Reply
  4. samkhar says:
    ལོ་ 17 སྔོན།

    གོང་གི་དྲ་གྲོག་ལས་ཞེས་པ་དེ་
    དྲ་གྲོགས་ལགས་ཞེས་པར་བཅོས་རོགས།

    ཁྱེད་ཀྱིས་མགྱོགས་དྲགས་པས་ཞེས་པ་
    ཁྱེད་མགྱོགས་དྲགས་པས་ཞེས་པར་བཅོས་རོགས།།

    སྨྱ་གུ་དམར་པོ་ལག་པར་ཉར་ནས་གོང་གི་ནོར་བ་དེ་གཉིས་བྲིས་པ་མ་རེད་དམ།

    Reply
  5. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ལགས།
    ངས་ཁྱེད་དང་ལྷ་ཆབ་གཉིས་ཀ་ངོ་མི་ཤེས་ལ་ངོས་ཤེས་དགོས་པ་དེ་ཡང་དེ་བས་གལ་མི་ཆེ།
    དྲ་གྲོགས་ལགས། ང་ཚོ་ནི་བོད་གངས་ཅན་གྱི་བདག་པོ་ངོ་མ་དེ་ཡིན་པ་ནི་སུས་ཀྱང་མ་རེད་ཅེས་བརྗོད་མི་ནུས། འོན་ཀྱང་། ང་ཚོས་བོད་ཀྱི་བདག་པོ་ཡིན་ཞེས་སྟོང་སྐད་ཙམ་བསྒྲགས་པ་ལས་ཁྱེད་ཀྱིས་གསུངས་པ་བཞིན་མདུན་དུ་ལྷག་པའི་དཀའ་ངལ་མང་པོ་ཞིག་ལ་ལག་པ་འཆང་མཁན་མེད་པ་ལྟ་བུར་མཐོང་། དཔེར་ན། ང་ཚོའི་བྱིས་པ་ཚོ་སྒྲུང་ལ་དགའ་བ་ཡིན་ནམ་མིན།
    དགའ་བ་ཡིན་ན་ནི་བྱིས་པ་དེ་ཚོའི་སེམས་ཁམས་དང་མཐུན་པའི་སྒྲུང་རྩོམ་འབྲི་བ་པོ་ག་ཚོད་ཡོད་དམ། ང་ཚོའི་མི་རིགས་འདི་གླུ་གར་གྱི་རྒྱ་མཚོར་གྲགས་ན་ཡང་འདི་ཕྱོགས་སུ་གླུ་དབྱངས་ཀྱི་གདངས་བཟོ་མཁན་ག་ཚོད་ཡོད་དམ། འདི་གཉིས་ལ་བརྟེན་ནས་ང་ཚོའི་ཁོར་ཡུག་འདིི་ཟུར་བལྟས་ལེབ་མཐོང་རེད།

    དྲ་གྲོགས་ལགས།
    ལྷ་ཆབ་ཀྱིས་བཤད་པ་བཞིན་ངས་ཀྱང་དྲ་ངོས་སུ་ཐད་ཀར་བསམ་ཚུལ་འདི་ཚོ་འབྲི་བཞིན་ཡོད་པས། ཡིག་ནོར་ཡོད་ངེས་པས་དེ་དོན་ནོར་བཅོས་ཡོད་པ་ཞུ།
    ཁྱེད་ཀྱིས་བྲིས་པའི་ཟིན་བྲིས་ཁག་གི་ནང་ཡིག་ནོར་མང་པོ་མི་འདུག་ཀྱང་ཡིག་ནོར་ཡོང་བཞིན་ཡོད་པ་བདེན་པས་དེ་དོན་ཐུགས་གཟབ་གནང་གལ་ཆེ།

    དྲ་གྲོག་ལས་དགོངས་པ་མ་ཚོམས་རོགས་ཁྱེད་ཀྱིས་མགྱོགས་དྲགས་པས་ངས་རྗེས་ཟིན་གྱི་མི་འདུག འོན་ཀྱང་རང་ཉིད་རྐང་རྗེན་པ་ཞིག་ཡིན་ཀྱང་གང་ཐུབ་ཀྱིས་རྗེས་སུ་བསྙེག་ཆོག།

    ཀྱེ་མ་ཀྱི་ཧུད།
    གསུམ་བཅུའི་དུས་དྲན་ལྔ་བཅུ་པ་ང་ཚོའི་མདུན་དུ་འོང་བཞིན་འདུག།

    Reply
  6. lhachapjinpa says:
    ལོ་ 17 སྔོན།

    གྲོགས་པོ་ལགས། ང་ཡང་ཁྱོད་ཀྱི་སྐུ་མགྲོན་ཐོག་མ་དེ་ཆགས་སོང༌། ངས་ཁྱོད་ཀྱི་རྩོམ་ཡིག་མཐར་ཆགས་སུ་བཀླགས་པ་ཡིན། ངས་བལྟས་ན་ཁྱོད་ཀྱིས་ཐད་ཀར་གློག་ཀླད་དུ་འཇུག་གི་ཡོད་པའི་ཚོར་བ་ཞིག་འདུག དེ་ཡིན་ན་རྗེས་ཕྱོགས་དེ་འདྲ་མི་བྱེད་པར་ཐོག་མར་རྩོམ་ཡིག་བྲིས། རྗེས་ལ་ཡིག་ནོར་དང་ནང་དོན་གྱི་ཐད་ནས་ཐལ་ཆ་ཤོར་བའི་སྐྱོན་ཡོད་མེད་བརྟག་རྗེས་ད་གཟོད་དྲ་ཐོག་ཏུ་གཏོང་རྒྱུ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese