བཙན་བྱོལ་བོད་མི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྐབས་ཀྱི་གྲོས་ཆོད་བཞི་པའི་ནང་དུ་༤༽བོད་མི་རྒན་གཞོན་ཚང་མས་དུས་རྒྱུན་དུ་བོད་སྐད་གཙང་མ་བཀོལ་སྤྱོད་བྱ་རྒྱུ་ལས། བོད་སྐད་ནང་བསྲེས་ལྷད་མི་ཡོང་བའི་འབོད་སྐུལ་དང༌། ཁྱད་པར་དུ་སློབ་གྲྭའི་དགེ་ལས་རྣམས་ཀྱིས་དམིགས་བསལ་ཐུགས་འགན་བཞེས་ཏེ་སློབ་གྲྭའི་ནང་རྒྱུན་གཏན་ཡིག་སྐད་བེད་སྤྱོད་གང་ཐུབ་བྱ་དགོས། ཞེས་གྲོས་ཆོད་བཞག་ཡོད་པ་འདིར་དགའ་དགོས་པ་ཞིག་དང་མགོ་༧གོང་ས་མཆོག་ནས་མཐའ་ཅོ་རིའི་བར་དུ་བོད་མི་ཚང་མས་འགན་ཁུར་དགོས་པ་ཞིག་ཁ་མ་ཡིན་དོན་གྱི་ལག་ལེན་སྟར་དགོས་པ་ཞིག་ཡིན་དུས།
བོད་སྐད་ནང་དུ་སྲེ་ལྷད་མི་ཉན་ཞེས་པའི་བསྲེ་ཡོང་བའི་གཞན་སྐད་དང་ལྷད་ཡོང་གཞན་སྐད་ཀྱི་ཐ་སྙད་རྣམས་ཤེས་པ་བྱེད་ཀྱིན་གལ་ཆེ། དཔེར་ང་རང་ཚོས་བོད་སྐད་རྒྱག་དུས་སྔར་ཡོད་བོད་ཀྱི་ཐ་སྙད་རྣམས་རྒྱབ་ཏུ་སྐྱུར་ནས་རིག་གཞུང་ལ་ཁ་ཆར་ཞེས་བརྗོད་པ་དང་ཡོངས་རྫོགས་ལ་པུང་ར་ཞེས་བརྗོད་པ་གློག་བརྙན་ལ་པེས་ཆ་ཞེས་པ་ལྟ་བུ་ཐ་སྙད་བེད་སྤྱོད་བྱས་དང་བྱེད་བཞིན་པ་དག་ནི་བོད་སྐད་ལ་སྲེ་ལྷད་བྱས་རེད་ཞེས་འདོད་རུང་།
ཡིན་ཡང་སུད་སི་ཞེས་པ་ལྟ་བུ་དང་ཉིག་འུ་ཡོག་ཞེས་པ་ལྟ་བུའི་ས་མིང་ཆུ་མིང་ཡུལ་མིང་མི་མིང་རྣམས་ཀྱི་ཐ་སྙད་དང་ཅ་དངོས་གསར་པའི་ཐ་སྙད་ལ་སོགས་གཞན་སྐད་དུ་འདོད་མི་རུང་དེ་འདི་འདྲ་བའི་ཐ་སྙད་རྣམས་བོད་སྐད་དུ་འདོད་རུང་བའི་ཕྱིར། སུད་སི་དང་ཉིག་འུ་ཡོག་ཞེས་པ་ལྟ་བུའི་ཐ་སྙད་རྣམས་ཀྱང་བོད་སྐད་ནང་བསྲེ་ལྷད་བྱེད་མི་རུང་འདི་རྣམས་བོད་ཀྱི་ཐ་སྙད་མིན་ཟེར་ན་བོད་མི་རྣམས་ཀྱིས་བོད་སྐད་ཐོག་ནས་གོ་བརྡ་འཕྲད་མི་ཐུབ་ལ་བོད་ཡིག་ཐོག་ནས་གསར་འགྱུར་ཡང་འབྲི་མི་ཐུབ་བམ། གལ་སྲིད་ཐ་སྙད་གསར་པ་དང་ས་མིང་ཆུ་མིང་ཡུལ་མིང་རྣམས་བོད་སྐད་དུ་ཇི་ལྟར་འདོད་རུང་མིན་ཐག་གཅོད་ཐུབ་པའི་ཕུང་རྒྱང་རིང་པོའི་བསམ་ཚུལ་མེད་བཞིན་དུ་བོད་སྐད་ནང་དུ་སྲེ་ལྷད་མེད་པར་བོད་སྐད་གཙང་མ་རྒྱག་དགོས་པའི་གྲོས་ཆོད་འདི་ནི་ཅི་འདྲའི་བསམ་གཞི་མེད་པར་ཨང།
ཤ་ཀླན་འཇམ་དབྱངས་གྲགས་པ་གཙོ་བྱེད་པས་གྲོ་མ་གྲོ་ལ་ལྡོམ་སྒོང་ཞེས་པ་ལྟ་བུའི་ཐ་སྙད་གསར་པའི་རིགས་རྣམས་དོན་བསྐྱུར་དགོས་པ་འདོད་པའི་མཁས་དབང་རྣམས་ཀྱིས་ངེས་པ་དུ་བསམ་ཚུལ་བཤད་དགོས་པ་ནི། བོད་པའི་སྤྱི་ཚོགས་ནང་དུ་བོད་སྐད་གཙང་མ་ཇི་ལྟར་རྒྱག་དགོས་མིན་དང་ཐ་སྙད་རྣམས་ཇི་ལྟར་བེད་སྤྱོད་བྱེད་དགོས་མིན་ཐོག་ངེས་པ་ཏུ་ལམ་སྟོན་བྱེད་དགོས། གལ་སྲིད་ཁྱེད་རྣམ་པས་ལམ་སྟོན་མེད་ན་བོད་མི་རྣམས་ཀྱིས་ཐ་སྙད་བེད་སྤྱོད་བྱེད་སྟངས་ཤེས་ཀྱིན་མེད་ལ་བོད་སྐད་གཙང་མ་རྒྱག་སྟངས་ཡང་ཤེས་ཀྱིན་མི་འདུག མ་ཟད་ང་ཉམ་ཆུང་ཅོ་རི་དང་མཉམ་དུ་དྲ་ཐོག་ཏུ་ཁ་བརྡ་བྱས་པའི་གྲོགས་པོ་རྣམས་ཀྱིས་ཀྱང་གོ་གནས་མཐོ་དམན་དང་ཕ་ཡུལ་ག་ནས་ཡིན་མིན་ལ་མ་ལྟས་བར་དོན་གྱི་སྙིང་པོར་བརྟག་དཔྱད་ཐོག་ནས་བསམ་ཚུལ་རེ་གསུང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན། ང་ཅོ་རི་བོད་ཡིག་ཡག་པོ་མི་ཤེས་པའི་མི་ཞིག་གིས་བོད་ཀྱི་སྐད་ཡིག་སྐོར་བསམ་ཚུལ་བཤད་ཁུལ་འདི་ནི་ངོ་ཚ་དགོས་པ་ཞིག་ཀྱང་འདུག ཡིན་ཡང་ལོ་མང་སྙིང་ལ་བཅངས་བའི་བསམ་ཚུལ་འདི་སྐབས་དང་དུས་ལ་བབ་དུས་ངོ་ཚ་དང་འཚེ་སྣང་མེད་པ་ཨུ་ཚུགས་ཀྱི་ཐོག་ནས་ཞུ་པ་ཡིན་ནོ། བོད་སྐད་རྒྱལ་ལོ།།
ཅོ་རི་ཉི་མ་ལགས། ད་ཡིན་ན་ཀུ་རེའི་ཚིག་ཅིག་ཀྱང་འགྲོ་ས་མི་ག མ་གཞི་ནས་ཚིག་འདི་ནི་རྒྱ་ནག་སྲིད་འཛིན་ལ་འཕྱ་བྱེད་ཡིན་མོད། ཕོག་རྒྱུ་ནི་ཁྱོད་ལ་ཕོག་འདུག་ག
ཅོ་རི་ཉི་མ་ལགས། སྐུ་ཉིད་ཀྱིས་དེ་ལྟར་གསུངས་པ་ཡིན་ན། ང་རང་ལ་ཐད་ནས་མོས་མཐུན་མེད་ལགས། བོད་ཡིག་ལ་དགོས་འཁོ་མེད་ཀི་ཟེར་ནས་བཤད་པ་ཡིན་ན། བོད་པ་འདི་ཚོ་དགོས་འཁོ་མེད་ཀི་ཟེར་བ་དང་གཅིག་པ་ཆགས་པ་རེད། དེ་ལས་ལྷག་ཞིག་རྒྱ་དམག་སྲིད་གཞུང་གིས་ཀྱང་བྱེད་ཐུབ་ནི་མ་རེད། དེ་ལས་རང་གི་རིགས་ལ་ཞེན་པ་དཀར་པོའི་སེམས་རྩ་དེ་གཏན་འཁྱག་དུ་མ་འཇུག་རོགས།
ཁྱེད་ཀྱི་ཟིན་བྲིས་ཁང་མིག་ནང་དུ་མི་གཙང་དྲི་ངན་ཅན་གྱི་ཚིག་འདི་པར་དགོངས་པ་མ་མཚོལ་ཞུ་རྒྱུ་དང།
དངོས་ཡོད་གནས་ཚུལ་མིག་གིས་མི་མཐོང་བའི་མི་མང་པོ་དུས་བབ་དྲ་ཐོག་ཏུ་སླེབས་ཡོང་ངའི་སེམས་ལ་ཉམ་སྣང་ཞིག་ཡོང་འདུག་ལགས།
རེད་རེད་ཤ་རུས་ལགས་ཡིན་ཡང་ད་རེ་བ་དེ་ཙམ་མི་འདུག་ལགས།
ཕྱོགས་གང་ནས་བསམ་བློ་གཏོང་ཡང་བོད་ཡིག་འདིར་མདུན་ལམ་ཟེར་་བ་ཁ་པོ་འདུག་ལགས།
བབ་དུས་ཚང་ལ་ཞུ་དགོས་པ་དཀའ་ལས་འདུག
ཅོ་རི་ཉི་མ་ལགས། བདག་གི་རེ་བ་ཡིན་ན། སྐུ་ཉིད་ནས་རང་གི་ཟིན་བྲིས་ཤིག་སྒོ་འབྱེད་བྱས་པ་ཡིན་ན་དངོས་ནས་ཡག་པོ་འདུག་ལགས། ཉིན་མ་རེ་ལ་བསམ་ཚུལ་ཐུང་ཐུང་ཞིག་ཡིན་ཡང་མ་འཁྱོངས་རང་བྲིས་ན་ལེགས་པོ་རེད་འདུག་སྙམ་གྱི་ཡོད།
འཆམ་མཐུན་མེད་པའི་སྐད་ཆ་བཤད་སྟངས་དེ་བསྟན་འཛིན་ཤེས་རབ་ཟེར་བ་འདིས་བཤད་སྟངས་ལྟར་ཚིག་འགོ་འཛུགས་དུས་ནས་པྭ་འགོ་ཞེས་བེད་སྤྱོད་བྱས་ན་འཆམ་མཐུན་མེད་པའི་གང་ཟག་ཟེར་ན་ལུས་ཡིན།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ཨོ་ཧཧཧཧ་བསེ་རི་ལགས་ཚིག་ཨ་དེ་བཟང་ཡང་ཨུ་དེ་ངན། བྱ་ངང་པ་དཀར་ཡང་མཇུག་མ་ནག་ཞེས་པའི་དཔེ་ལྟར་ཁྱེད་ཀྱིས་དངོས་ཡོད་གནས་སྟངས་ལ་བསམ་གཞི་མེད་པར་གང་ཟག་སུ་ཡིན་ན་དྲ་ཐོག་ཏུ་འཆམ་མཐུན་ཞིག་ཞེས་པའི་སྐད་ཆ་བཤད་སྟངས་ལ་ལྟས་ན་ང་ཅོ་རིས་སྤྱི་དོན་མ་བཤད་པར་སྒེར་དོན་ལྟོ་གོས་ཀྱི་ཆེད་དུ་ཚིག་རྩོད་རྒྱག་གིན་འདུག་ཨེ།
གོང་དུ་ངས་བཀོད་པ་རྣམས་འཆམ་མཐུན་མེད་པའི་སྐད་ཆ་ག་རེ་བཤད་དམ།
ཤ་ཁྲག་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་ཡོད།བོད་མི་ཡོངས་རྗོགས་ཀྱི་བོད་སྐད་གཙང་མ་བཤད་རྒྱུར་ཐུགས་སྣང་དགོས་ངེས་རེད།
ད་ལྟའི་ཆར་བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་པའི་གནས་ཚུལ་འདིར་བོད་ཀྱི་མི་མང་དཀྱུས་མ་ཚོར་དེ་ཙམ་གྱི་སེམས་ཚོར་ཞིག་མེད་པ་ལྟ་བུ་སྣང་།
གྲོགས་པོ་ལགས། བཀླགས་ཟིན།
པ་འགོ་ཁྱེད་ཚོ། འཆམ་མཐུན་སྤྱི་ཚོགས་བསྐྲུན་གྱི་མིན་ནམ་་་་་་་་
ཤ་ཁྲག་ལགས། བཀླགས་ཟིན།
དྲ་གྲོགས་ཅོ་རི་ཉི་མ་ལགས། སྐབས་རེ་ཚིག་རྩོད་ཀྱི་རིགས་དེ་དག་ཡོང་སྐབས། གསལ་འགྲེལ་གང་དགོས་ཀྱང་ལྷག་བསམ་རྣམ་དག་གི་ཐོག་ནས་བྱས་ན། ང་ཚོའི་གཞི་མེད་ཀྱི་ཞེ་འཁོན་སྐྱེ་སའི་རིགས་རྣམས་རྩ་མེད་དུ་འགྲོ་ངེས། དྲ་ཐོག་ནས་གང་ཟག་སུ་ཞིག་ཡིན་ན་ཡང་འཆམ་མཐུན་དང་ཞི་མཐུན་བྱུང་ན། རང་སྐྱིད་མི་སྨོན་ཞིག་ཡོང་ངེས་པ་ཡིན།།
ཨོ་ཨོ། ཅི་འདྲ་ཞིག་རེད་ཀོ་ དེ་རིང་གི་མཆན་བུ་འབབས་སྟངས་འདི་མ་འདྲ་བ་ཞིག་རེད་འདུག ཧི་གཟུགས་ཟིན་བྲིས་ཀྱི་མཆན་འབབས་སྟངས་འདྲ་ཞིག་འདུག མཆན་བུ་གསར་པ་དེ་ཚོ་སྟེང་ལ་བབས་ཡོང་གི་འདུག སྔོན་ཆེད་ཡིན་ན་འགབ་ནས་ཤར་ཡོང་གི་རེདམོད། དེ་རིང་མཆན་གསར་པ་དེ་ཚོ་སྟེང་ནས་ཤར་གྱི་འདུག འདི་ཡང་དུས་བབ་ཚང་གིས་བཟོ་བཅོས་འདྲ་བྱས་ཟིན་པ་མིན་ནམ།
ཅ་རིལ་ཟེར་ན་ཅི་འདྲ་འདུག ཅ་རིལ་ནི་ང་ཚོའི་ཕ་ཡུལ་ནས་ཟ་རྒྱུའི་སྒོག་རིགས་ཞིམ་ཤོས་དེ་རེད། ཅ་རིལ་ཟ་བར་ཤོག་ཟེར་དུས་ཁྱིམ་མཚེས་གཡས་གཡོན་ཚོ་ཚང་ཁ་ཤིག་ཤིག་གིས་ཡོང་གི་རེད། ཅོ་རིལ་དང་ཅོ་རི་སོགས་གང་བཟང་བཤད་ཡོང་དུས། ངས་གློ་བུར་དུ་ཅ་རིལ་དྲན་བྱུང་། དེ་བས་འདིར་བཀོད་པ་ཡིན།
ཨ་ཁ། “ཀྲོ་མ་ཀྲོ་”ལ་”ལྡོམ་སྒོང་”ཟེར་བ་མ་རེད། “ལྡུམ་སྒོང”་ཟེར་བ་རེད། “ལྡུམ”་ནི་”རྩྭ་ལྡུམ་”གྱི་”ལྡུམ”་རེད། “སྒོང་”ནི་”སྒོ་ང་”ཡི་བསྡུས་ཚིག་”སྒོང་”ཞེས་པ་དེ་རེད། “ལྡུམ་སྒོང་”ཟེར་བ་རེད་མ་གཏོགས་”ལྡོམ་སྒོང”་ཟེར་བ་མ་རེད། ཨེ་གོ་ཐལ།
རང་ཉིད་ཀྱི་རྩོམ་ཡིག་འདྲ་འབྲི་དུས་ཡིག་ནོར་འདྲ་ཤོར་བ་ཅུང་དྲག་དྲག་ཡིན་འདྲ་ཡང་། འདི་འདྲའམ་ཡང་ན་གཞན་གྱི་དོན་ཆེན་དུ་བསམ་ནས་བཤད་པ་དེ་ཚོར་གཟབ་ཅིག་གནང་དགོས་ངེས་རེད།
“ཀྲོ་མ་ཀྲོ་”ལ་”བླ་མ་མན་ཐང”འདྲ་ཞིག་ཀྱང་ཟེར་གྱིན་འདུག ཚིག་འདི་སྲིད་དོན་རྒྱལ་ནང་ནས་མཐོང་སོང་།
ཅོ་རི་ཉི་མ་ལགས། བདག་གི་བསམ་ཚུལ་དེ་ནི་འུ་ཅག་བོད་པ་རང་གི་ཐ་སྙད་ལས་མ་འདང་བའི་རིགས་མང་དག་ཞིག་དེང་སང་བྱུང་བཞིན་ཡོད་པ་དེ་ནི་འུ་ཅག་གིས་རང་གི་རིགས་ལ་ཤ་ཞེན་ཡོད་ཀྱང་ལག་ལེན་འདེབས་མཁན་ཉུང་དུ་སོང་བའི་མ་འགྲིག་པ་ཞིག་ལས། བོད་ཀྱི་ཡི་གེ་འདིས་མ་འདང་བ་གང་ཡང་མིན་ལགས། དེ་ཡིན་དུས། འུ་ཅག་ཐུན་མོང་གི་བསམ་ཚུལ་མཐུན་ས་ཞིག་ཡོད་པ་དེ་ནི། ས་མིང་དང་མི་མིང་ནི་བོད་ཡིག་ནང་དུ་རང་འཇག་འབྲི་དགོས་པ་དེ་ཡིན་ལ་སྒྱུར་དགོས་པ་ཞིག་མི་མཐོང་། ང་ཚོས་ནང་སྒྱུར་བྱེད་དགོས་པའི་གནད་དོན་དེ་ནི་བོད་རང་གི་འཚོ་བ་དང་གོམས་གཤིས། ད་ལྟ་བོད་རང་གི་འཚོ་བའི་ནང་དུ་མེད་དུ་མི་རུང་བའི་ཅ་དངོས་རིགས་གསར་བ་དེ་དག་གི་ཐ་སྙད་དག་ནང་སྒྱུར་བྱེད་རྒྱུ་དེ་ནི་དངོས་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད་ལགས། དེ་ཡིན་དུས། དེ་ཡིན་དོན་སྒྱུར་དང་ཐག་སྒྱུར་བྱས་ན་བཟང་མིན་དེ་ཡང་གཙོ་བོ་བོད་རང་གི་སྐད་ཀྱི་གདངས་དང་མ་འགལ་བ་ཞིག་དགོས་ཀྱི་ཡོད་པ་དེ་ཡིན་ལགས། དཔེར་ན། དེང་སང་ཕྱི་ལོག་དུ་འཚར་ལོངས་བྱུང་བའི་བུ་ཕྲུག་དག་གིས་སྒོར་མོ་གཅིག་མི་ཟེར་བར། གཅིག་སྒོར་མོ་ཟེར་བ་ལྟ་བུ་བྱུང་བ་ཡིན་ན། དེ་ནི་དབྱིན་ཡིག་གི་སྐད་གདངས་བོད་པའི་སྐད་གདངས་ནང་དུ་འཇུག་བཞིན་ཡོད་པ་ལྟ་བུ་རེད་ལགས། དེ་ཡིན་དུས་ནང་སྒྱུར་བྱེད་པོ་སུ་ཡིན་ན་ཡང་། དོན་མ་སྒྱུར་བའི་སྒང་ནས་རང་མི་རིགས་ཀྱི་སྐད་གདངས་དང་མ་འགལ་བ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་འདུག་ལགས། འདི་ནི་བདག་གི་བསམ་ཚུལ་ཙམ་ཡིན།
ཨེ་འབའ་ཕྲུག་ཁྱེད་མི་དགོས་ང་ཡང་སྔོན་མ་ལྡོམ་ལྡོམ་ཡིན་ད་ཧཧཧཧཧ
ངའི་མིང་འདི་ནི་ལོ་ཙ་བ་ཅོ་རོ་པ་ཀླུ་ཡི་རྒྱལ་མཚན་གྱི་མཚན་ཟུར་ནས་བྱུང་བ་ཞིག་རེད།
ངའི་མིང་འདི་བོད་སྤྱི་པའི་ཆེད་དུ་དོན་དག་ཅི་ཡང་མེད་པས་ངེད་གཉིས་འདི་ན་ཁ་བརྡ་མི་བྱ་དེ་ལས་བོད་ཀྱི་སྐད་ཡིག་འདིའི་ཆེད་དུ་དགོངས་ཚུལ་མང་ཙམ་གསུང་རོགས་ཞུ།
ཅོ་རི་ཉི་མས་དགོངས་ཚུལ་ཡག་པོ་བཏོན་འདུག ཁྱེད་ཀྱིས་ཅོ་རི་ཞེས་སྤྱད་སྟངས་བལྟས་ན་ཏྲེ་ཧོར་ལྕོག་རི་ནས་ཡིན་པ་འདྲ། དསེ་ན་འདི་གར་ཁྱེད་ཀྱི་ཡུལ་གཅིག་པ་དང་མ་ི་ཚན་རྣམས་ཀྱིས་ལྕོག་རི་ཞེས་བྲིས་ཀྱི་འདུག ཁྱེད་ཀྱིས་ཅོ་རི་ཞེས་བྲིས་འདུག ཡང་སྙིང་གང་སྤྱད་དགོས་སམ།