ལྷམ་ཀོག་གིས་ཐེ་རང་ལ་གློ་བུར་དུ་ཕུལ་བ་ཞེས་པ་བཀླགས་རྗེས་སུ་ཐེའུ་རང་ལ་ཕུལ།
ཚིག་ལ་ཉེས་པ་མེད་ཀྱང་ཁྱེད་ཉིད་གཉོས།།
དོན་ལ་འཁྲུལ་བ་མེད་ཀྱང་ཁྱེད་ཉིད་བཅུགས།།
སེམས་ལ་གནོང་འགྱོད་མེད་ཀྱང་ཁྱེད་རང་འཇུས།།
ཐེའུ་རང་བུ་ལོ་བོད་མིས་ཁྱེད་ཉིད་གླེང་།།
ཕྱི་ནང་གཉིས་སུ་བོད་མིས་ཁྱེད་ཉིད་གླེང་།།
ལུས་ཀྱི་འབྲེལ་ཐག་ཕྱི་ནང་ཁ་བཀར་ཡང་།།
སེམས་ཀྱི་འབྲེལ་ཐག་ནམ་ཡང་འབྲལ་མེད་ཡིན།།
ཉིད་རང་ལྟ་བའི་སྤུན་ཟླ་ཚང་མར་བསྟོད།།
མི་ལ་ཙི་ཙི་ནས་ཐེའུ་རང་བོར་བའི་ར་མདའ་བ་ཞེས་པ་བཀླགས་རྗེས་སུ་བྲིས།
རིགས་རུས་གཅིག་གི་འབྲེལ་བ་བྱུང་ཉིན་ནས།།
རིགས་ཞེན་ཡོད་མཁན་དག་ནི་ཉིན་རེ་བཞིན།།
རིགས་སྡེ་གཞན་གྱིས་བཙན་གནོན་བྱེད་ཐེངས་རེ།།
རིགས་གཅིག་ངེད་ཚོས་ལྟད་མོ་བལྟས་ནས་བསྡད།།
བོད་། ཤ་ཁྲག་རུས་གསུམ་ལགས། བཙན་བྱོལ་ནང་དུ་ཇོ་ཇོ་ཐེའུ་རང་ལྟ་བའི་མི་བུ་ག་ཚོད་ཡོད། ང་ཚོ་ཇོཇོ་ཐེའུ་རང་འཚོལ་དུ་འགྲོ།
ལྷ་ཆབ་ལགས། རང་དབང་ལུང་བ་ཡོད་མཁན་དག་གིས་རང་དབང་གི་ཚོགས་སྡེ་ཁག་ལ་འབོད་སྐུལ་དང་ལོ་རྒྱུས་ཆ་ཚང་རེ་ངོ་སྤྲོད་བྱེད་རྒྱུ་དང་རང་དབང་གི་ཚོགས་པ་དེ་དག་གིས་དོན་དངོས་ལག་ལེན་ཏུ་ཕབ་དེ་རང་དབང་མེད་པར་བཙན་འཁྲིད་བྱས་དེ་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་དང་ཐ་ན་རང་སྲོག་ལ་ཡང་ཉེན་ཁ་ཡོད་མཁན་གྱི་དབའ་བོ་འདི་དག་ལ་ཅིས་ཀྱང་བྱེས་པ་ཚང་གི་ཚོགས་པ་མིང་ཅན་ཚོ་ལ་འགན་ཡོད་པར་འདོད། དེ་མིན་རྒྱུན་ཏུ་བྱེས་པ་ཚང་གི་ཚོགས་པ་དེ་དག་གིས་བོད་ནང་གི་གནས་ཚུལ་དག་ལ་སྒུག་ཡོད་པར་སྒུག་བཞིན་ཡོད་པ་ལྟ་བུ་བཤད་ཀྱི་ཡོད་པ་རེད་ལགས། དེ་འདྲ་ཞིག་མ་རེད་དམ་ལགས།
སྙིང་ཉེ་བའི་ཤ་ཁྲག་ལགས། ཐེའུ་རང་འཛིན་བཟུང་གི་སྐོར་ནས་བོད་ནའང་གླེང་སློང་ཤུགས་ཆེན་བྱེད་ཀྱིན་ཡོད། འདི་གླེང་དགོས་པ་ཞིག་རེད། འདི་དང་མཉམ་དུ་ད་དུང་མི་མང་བོ་ཞིག་ལ་ཉེན་ཁ་ཆེན་པོ་འདུག ངའི་ཚོད་དཔག་ལྟར་ཐེའུ་རང་དང་མཉམ་འགྲོ་མཉམ་འདུག་གཉན་ལའང་ཉེན་ཁ་ཆེན་པོ་ཞིག་འདུག དེའི་སྟབས་ཀྱིས་ང་ཚོའི་རང་དབང་ལུང་བར་ཡོད་པ་ཚོས་གཞིས་བཞུགས་པ་དག་སྲུང་སྐྱོབས་ཀྱི་ལས་འགུལ་ག་རེ་གནང་འོས་སམ།
ཆུ་བོ་ཞིག་གི་ཚུལ་ཏུ་བཞུར་ནས་ཤོག།
ཐིགས་པ་རེ་རེ་ཞབས་འདེབས་ངེད་ཚོས་བྱེད།།
སྔོན་མོ་རླབས་ཀྱིས་བཞུར་སྒྲ་ང་ཚོས་ཉན།།
རྡོག་རྩ་གཅིག་གི་འབོད་སྒྲ་ཁོང་གིས་བྱས།།
ཐེའུ་རང་འདི་འདྲ་བོད་ལ་དཀོན་ཚོད་འདུག།
བསེ་རུ་ལགས། ཁོང་ཉིད་ནམ་ཞིག་བཙོན་གྲོལ་ཐོབ་རྒྱུ་ཞིག་ཡོད་ན། ཁོང་ནི་རྒྱ་སྟག་ངར་མ་བཞིན་སྔར་ལས་ཀྱང་ཇེ་ངར་ཇེ་དཔའ་རུ་འགྲོ་བར་བདག་ལ་ཡིད་ཆེས་ཡོད། སྟག་དར་མ་ནགས་ལ་བཏང་ཉིན་ནས།།
སྟག་དར་མའི་རི་མོ་རིག་ནི་རེད།།
སྟག་དར་མའི་རང་ཚུགས་ངོམ་ནི་རེད།།
སྟག་དར་མ་འཇིག་པ་མ་བྱུང་ན།།
སྟག་གན་གི་བྱས་རྗེས་འཇོག་ངེས་ཡིན།།
གོང་དུ་
བཤད་གཅིག་ཀྱང་ཞེས་པ།
བཤད་ན་གཅིག་ཀྱང་ཞེས་པར་བཅོས་རོགས།
བོད་ཤ་ཁྲག་རུས་གསུམ་ལགས།
ཁྱེད་ཉིད་དྲ་ཐོག་འདིར་ག་དུས་ཡིན་ན་ཡང་སྔོན་ཐོན་པའི་གྲས་སུ་ཐོན་གྱི་འདུག
ད་ལྟ་ང་ཚོས་ཐེའུ་རང་བོར་བརླག་སོང་བའི་སྐོར་གླེང་གིན་ཡོད།
དོན་ངོ་མར་ཐེའུ་རང་རྒྱ་མིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་ན།
མ་འོངས་པའི་ཐེའུ་རང་དེ་ད་ལྟའི་ཐེའུ་རང་ལས་སེམས་ཤུགས་དང་ལ་རྒྱ་སོགས་བརྒྱ་འགྱུར་སྟོང་འགྱུར་གྱི་ཆེ་བ་ཞིག་ཐོན་གྱི་རེད་སྙམ་པའི་ཡིད་ཆེས་ང་ལ་ཡོད།
དེ་ལྟར་ཨེ་རེད། བོད་མི་ཤེས་ཡོན་ཅན་ཞིག་བཙོན་འཇུག་བྱས་པ་དང་བོད་མི་ཕལ་པ་ཞིག་བཙོན་འཇུག་བྱས་པ་གཉིས་ཚེ་སྲོག་གི་རིན་ཐང་གི་ཐད་ནས་བཤད་གཅིག་ཀྱང་དེ་གཉིས་ཀྱི་རྣམ་དཔྱོད་གྲུབ་འབྲས་ཀྱི་རིན་ཐང་གི་ཆ་ནས་རིན་ཐང་མངོན་སྟངས་དམིགས་བསལ་བ་རེ་ཡོད་སྙམ།
ཤེས་ཡོན་པ་ཚོ་རེ་རེ་བཞིན་ཁྲིད་ནས་མུན་དོང་ནང་ནས་སྦྱོང་བརྡར་སྤྲོད་ཀྱིན་པ་འདི་དངོས་གནས་ཡིད་སྐྱོ་ནི་ཞིག་རེད། ང་ཚོས་ནམ་ཡང་སེམས་ཤུགས་མ་ཉམས་པར་ཁོང་ཚོར་གདུང་སེམས་མཉམ་སྐྱེད་བྱ་དགོས་པ་མ་ཟད། ལས་དོན་འདྲ་མིན་ཐོག་ནས་རོགས་རམ་བྱེད་ཅི་ཐུབ་བྱ་དགོས།་