ལྷོ་ཕྲུག་སྣ་བོ་ཆེ་ལགས། ཉིད་ཀྱིས་དོན་དངོས་སུ་བདག་གི་སྐད་ཆ་གང་ཞིག་བཤད་ཕྱོགས་ནོར་ཡོད་མེད་ཀྱི་བསྐོར་ལ་བསམ་ཚུལ་ཞིབ་མོ་ཞིག་དང་གསལ་བོ་ཞིག་གནངས་མི་འདུག་སྟབས། བདག་གིས་ཕྲ་ཆུང་མིག་གིས་ཡང་ཡང་བལྟས་ཀྱང་། ཉིད་ཀྱིས་དོན་དངོས་ཐོག་སྐད་ཆ་གང་ཞིག་སྤུན་ཟླ་ང་ལ་གསལ་བོ་དང་ཉན་བདེ་བོ་ཞིག་སྤྲོད་མི་འདུག་ཀྱང་། ཤུགས་བསྟན་དུ་ཉིད་ཀྱིས་ངས་རྒྱལ་བ་ཀརྨ་པ་མཆོག་ལ་གུས་མེད་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་གསུངས་འདུག་པ་ལྟ་བུ་ཞིག་གོ་ཡི་འདུག་ན། ང་རང་སྒེར་ངོས་ནས་རྒྱལ་བ་ཀརྨ་པ་མཆོག་ལ་ཆོས་འབྲེལ་ཞིག་གཏན་ནས་བཞག་མྱོང་མེད་ལ། རྒྱུ་མཚན་ངོ་མའི་ཐོག་རྒྱལ་བ་ཀརྨ་པ་མཆོག་ལ་མི་དགའ་དགོས་དོན་སོགས་གང་ཡང་མེད་ལགས།
སྐུ་ཉིད་ཀྱིས་ཁོང་གིས་གནངས་པའི་བཀའ་ལན་དེ་དག་ལ་ཞིབ་མོ་བློ་ཡི་བརྟག་དཔྱད་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། ཁོང་གི་སྐུ་ཕྲེང་རིམ་བྱོན་ལ་ཆོས་ལུགས་རྐྱང་བའི་མཛད་པ་བཞེས་པ་ལས། སྲིད་ཀྱིས་ཕྱོགས་ལ་འགན་འཁུར་མྱོང་མེད་པ་སོགས་གསུངས་འདུག་ལ། ཁོང་སྐུ་སྒེར་ལ་ཡང་སྐུ་ཕྲེང་གོང་མ་དག་གིས་ཤུལ་བཞག་སྐྱོང་རྒྱུར་འདོད་མོས་ཤུགས་ཆེན་ཡོད་པ་ཞིག་གསུངས་ཀྱི་འདུག་པ་ལས། སྐྱིད་སྡུག་ལེགས་ཉེས་གང་དུ་ཐུག་རང་ང་ནི་བོད་མི་རིགས་ཀྱི་བླ་ཆེན་ཞིག་གི་མིང་ཡོད་མཁན་ཞིག་ཡིན་དུས། གང་ལ་ཐུག་ན་ཡང་ངས་བོད་མི་རིགས་ཀྱི་ཆེད་དུ་རང་གིས་གང་འཇོན་པ་དེ་དག་བྱེད་དགོས་ཀྱི་ཡོད་ལ། བྱེད་རྒྱུའི་ཆོད་སེམས་ཀྱང་ཡོད་ཟེར་ནས་གསུངས་པ་ཞིག་བདག་གིས་ཕྲ་མོ་མིག་གིས་མཇལ་མ་སོང་ལགས།
དེ་ལྟར་ཡིན་དུས། ངས་དུས་ཚོད་འདི་འདྲའི་གཉེན་ཕྲེང་གི་གནད་འགག་གི་སྐབས་སུ་༧གོང་ས་མཆོག་གིས་རྒྱལ་བ་ཀརྨ་པ་མཆོག་དང་༧གོང་ས་མཆོག་གི་ཡོངས་འཛིན་གླིང་རིན་པོ་ཆེ་རྣམ་གཉིས་ལ་༧ཁོང་གིས་སྐུ་ངོས་ཀྱིས་བཀའ་བློན་འདི་འདྲ་ཞིག་གནངས་པ་དེ་དག་བརྙན་འཕྲིན་བརྒྱུད་དེ་ངོས་སུ་མཐོང་མྱོང་། ད་ང་ནི་ལོ་ན་མཐོ་བས་ང་ཤི་སོང་ན་ངའི་ཤུལ་བཞག་ཁྱེད་གཉིས་ཀྱིས་སྐྱོང་དགོས་ཀྱི་ཡོད་པ་རེད་གསུངས་པ་དེ་ཐོས་སྐབས་སུ། བདག་གིས་ཤ་གསེང་རུས་གསེང་དུ་འདར་སུག་རྒྱག་མྱོང་ཡོད། དེའི་སྟབས་ཀྱིས་བདག་གིས་རྒྱལ་བ་ཀརྨ་པ་མཆོག་ལ་དངོས་ནས་རེ་བ་ཆེན་པོ་ཞིག་བཟུང་བ་ཡིན། རེད་དེ། འདི་འདྲའི་གནད་འགག་གི་དྲི་བ་དྲི་ལན་སྐབས་སུ་ཁོང་གིས་ང་ནི་ག་དུས་ཡིན་ཡང་༧སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གིས་བཀའ་ཇི་གནངས་བཞིན། བོད་མི་རིགས་ཀྱི་ཆེད་དུ་བསམ་བློ་གཏོང་བ་ནས་དེའི་ཆེད་དུ་འབད་བརྩོན་བྱེད་དགོས་པའི་བསྐོར་གསུང་རྒྱུ་དེ་ནི་འུ་ཅག་ཁ་བ་ཅན་པ་ཚང་མའི་སེམས་ཀྱི་རེ་སྒུག་ཞིག་ཆགས་ཡོད་པ་རེད།
ང་རང་གིས་རྣ་བ་ལ་སྐྱོན་ཡོད་པ་དང་། མིག་ལ་སྐྱོན་ཡོད་པ། ཡང་ན། ངས་ཀློག་པའི་གསར་འགྱུར་རིགས་དང་། བརྙན་འཕྲིན་རིགས། རྒྱལ་བ་ཀརྨ་པ་མཆོག་དང་འབྲེལ་བ་ཡོད་པ་རེ་ཟུང་ནང་ནས་ངས་ཁོང་གིས་ཆོད་སེམས་གཏན་པོ་ཞིག་ཁ་བ་གངས་ཅན་པའི་ཆེད་དུ་བཞག་ཡོད་པ་ཞིག་ད་ལྟའི་བར་དུ་ཞིབ་མོ་ཞིག་དངོས་ནས་མཐོང་མ་སོང་། ངས་མཐོང་བ་དང་ཐོས་པ་སོགས་ནི། ཁོང་གིས་སྐུ་ཕྲེང་སྔ་མ་དག་གིས་མཛད་པའི་ཤུལ་བཞག་སྐྱོང་རྒྱུར་མོས་པ་ཆེན་པོ་ཡོད་པ་རྐྱང་རེད་འདུག་ལགས། དེ་འདྲ་ཡིན་དུས། ཀརྨ་ཆོས་བརྒྱུད་གཅིག་བུའི་བླ་ཆེན་ཞིག་གིས་བོད་གངས་ཅན་ལྗོངས་སུ་དབང་སྒྱུར་བ་ནས་བོད་གངས་ཅན་ཚང་མ་གཅིག་གྱུར་བཟོ་རྒྱུ་དཀའ་མོ་རེད་སྙམ་སོང་ལ། ཁོང་གི་སྐུ་ཕྲེང་སྔ་མ་དག་གིས་བོད་གངས་ཅན་བརྒྱ་ཆའི་སུམ་བཅུ་ཙམ་ལ་མ་གཏོགས་དབང་སྒྱུར་ཐུབ་མེད་པ་ནི་ཀུན་གྱིས་ཤེས་གསལ་ཡིན་ལ། སྐུ་ཕྲེང་སྔ་མའི་རྣམ་ཐར་ལ་ང་ལས་སྐུ་ཉིད་ལ་རྒྱུས་མངའ་ཡོད་ཤག་རེད།
མཐའ་དོན་ཞུ་རྒྱུ་ཞིག་ནི། ངས་ད་ལྟའི་གཉེན་ཕྲེང་གི་དུས་སྐབས་འདི་ལ། བོད་གངས་ཅན་ཚང་ལ་ཆོས་རྒྱུད་རེ་ཟུང་གི་དབུ་ཁྲིད་དེ་ཁ་རོག་གེར་བཞུགས་འདུག་པའི་བླ་ཆེན་ཞིག་གལ་ཆེན་པོ་དེ་འདྲ་ཞིག་མཐོང་གི་མི་འདུག་ལགས། གཙོ་བོ་བླ་ཆེན་དག་གིས་ཆོས་རྒྱུད་རིས་སུ་མ་ཆད་པར་ཕྱོགས་ཀྱི་བསམ་བློ་དང་རང་ཕྱོགས་ལ་ཆགས་ཞེན་ཤུགས་ཆེན་པོ་དེའི་རིགས་བྱེད་མཁན་ནི་ངེད་ཅག་གངས་ཅན་བོད་པ་ཚང་ལ་དངོས་ནས་དགོས་ཀྱི་མི་འདུག་ལགས། ངེད་ཅག་ལ་དགོས་པ་དེ་ནི་གངས་ཅན་སྐྱེ་འགྲོའི་ཡོངས་ཀྱི་བདེ་སྡུག་གི་ཆེད་དུ་ཆོས་སྲིད་གང་ཐད་ལ་འབད་པ་ལྷོད་མེད་དང་། ཆོས་ལུགས་རིས་མེད་ཀྱི་ལྟ་བ་ལ་འགྱུར་བ་མེད་པ། མཐུན་སྒྲིལ་དམ་ཟབ་ཀྱི་སྤོབས་པ་བླ་ན་མེད་པ། གང་ལ་ཐུག་ཀྱང་ཞུམ་པ་མེད་པར། འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་གིས་ཆོས་སྲིད་གཉིས་འགན་བཞེས་མཁན་ཞིག་ལ་རེ་བ་བརྒྱབ་པ་མང་དྲགས་པས། ངས་གོང་གི་སྐད་ཆ་དེ་དག་སྐུ་ཉིད་ལ་ཞུ་དགོས་པ་ཆགས་སོང་ན། དེའི་ཁྲོད་དུ་མི་འགྲིག་པ་དང་རྣ་ལ་མི་སྙན་པ། གོ་ན་མི་འདོད་པ་དང་། མཐོང་བ་ཙམ་གྱིས་འཚུག་པ་ཟ་ས་དེ་འདྲ་བྱུང་ན་བོད་རིགས་སྤུན་ཟླ་ཞིག་གིས་སྐད་ཆ་བཤད་ཕྱོགས་ལ་ནོར་འཁྲུལ་ཤོར་བར་བཟོད་གསོལ་དང་བཅས་སྐུ་ཉིད་ལ་ལན་ཞིག་གི་ཚུལ་དུ་དྲ་ཐོག་ནས་ཤར་མར་བྲིས་པ་ཡིན་ལགས།
ཤ་ཁྲག་ལགས། ཁྱོད་ཀྱིས་ལྷག་བསམ་དག་པས་བསམ་ཚུལ་ལ་བདག་གིས་ཀྱང་འཆར་སྒོ་ཙམ་ཟོལ་མེད་ཀྱིས་བརྗོད་ཡོད་མོད་མཆན་བྱས་ན་རིང་དྲགས་པས་ངའི་ཟིན་བྲིས་སུ་གཟིགས་པར་ཕེབས་རོགས།
ལགས་སོ་སང་ཉིན་ཕེབས་པར་དགའ་བསུ་ཞུ།
ཤ་ཁྲག་ལགས་སང་ཉིན་ངས་ལན་ཕུལ་ཆོག དཔེ་མི་སྲིད་པའི་ཡག་པོ་རེད། བསམ་ཚུལ་འདི་ལྟར་སླེལ་ན་ཁ་ཞེ་གཉིས་མེད། ད་ནི་མཚན་མོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་རེད། ཉལ་རྒྱུ་ཡིན། བདེ་མོ།
སྐུ་ཉིད་ཀྱིས་དེ་ལྟར་གསུངས་དུས། དངོས་ནས་བོད་པ་འདི་ཚང་གི་མི་ཞིག་ཡིན་དུས་ཡིན་གཅིག་མིན་གཅིག་ནང་བ་ཡིན་དགོས་པ་ཞིག་ཆགས་དགོས་དོན་མེད་པ་དང་། མི་རང་རང་གི་ཁམས་དང་མོས་པ་གང་ལ་གཙོ་བ་དེ་ལ་བདེན་ཁ་སྤྲད་ན་འགྲིག་པར་ཁས་ལེན་བྱས་འདུག དེས་ན་བོད་ཕྱི་ནང་གཉིས་སུ་མི་མི་ཉུང་བ་ཞིག་གིས་རང་གི་ཁམས་དང་མོས་པ་ལ་བརྟེན་ནས་རྒྱལ་ཆེན་ཤུགས་ལྡན་ལ་བློ་སྙིང་བྲང་གསུམ་བཅོལ་ནས་ཐ་ན་༧གོང་ས་མཆོག་གི་བཀའ་གསུང་ལ་ཡང་མི་བརྩི་བར། ༧ཏྰ་ལའི་བླ་མ་སྐྱག་རྫུན་མ་ཤོད་ཟེར་བཞིན་ཡོད་པ་རེད། དེས་ན་སྐུ་ཉིད་ཀྱིས་དེ་དག་ལ་བདེན་ཁ་སྟེར་རྒྱུ་ཡིན་ནམ། དེ་ཡང་ཁོང་ཚོས་འདོད་མོས་ཤིག་ཆགས་ཡོད་ལ། ཁོང་ཚོས་མི་ཐོག་མང་བོ་མཆོད་ནས་འོང་བ་རེད་ལ། ད་དུང་ཡང་མུ་མཐུད་དུ་མཆོད་རྒྱུའི་སེམས་ཤུགས་ཡོད་པར་བཤད་ཀྱི་ཡོད་ལ། དེའི་ཆེད་དུ་རྒན་བློ་བཟང་རྒྱ་མཚོ་མཆོག་དམར་གསོད་བཏང་བ་རེད་ལ། གོ་སྐབས་གང་ཡོད་ལ་བོད་གཞུང་དམངས་གཉིས་དང་ཁ་བྲལ་ནས་རང་གི་འདོད་མོས་ཤིག་བྱེད་ཀྱི་ཡོད་པ་རེད། དེ་ལ་སྐུ་ཉིད་ཀྱིས་འདོད་མོས་ཡིན་པའི་བདེན་པ་སྤྲོད་ཀྱི་ཡིན་ནམ། དེ་ལས་ཀྱང་ལྡོག་ནས་དེང་སང་བོད་པ་མི་ཉུང་བ་ཞིག་གིས་རང་གི་འཚོ་གནས་གཅིག་བུ་ཆེས་གལ་ཆེན་དུ་བརྩིས་དེ་རང་གི་སྐད་ཡིག་ལས་ཕྱི་རྒྱལ་སྐད་ཡིག་ལ་མཐོང་ཆེན་བྱོས་དེ། རང་གི་བུ་ཕྲུག་དག་གི་མ་འོངས་མདུན་ལམ་ཐག་གཅོད་བྱེད་པ་ལ་བོད་ཡིག་གང་ཡང་ཕན་གྱི་མེད་པ་དང་བོད་ཡིག་སྤྱང་བ་ཡིན་ན་རྗེས་ལུས་སུ་འདོད་བཞིན་ཡོད་པའི་འདོད་མོས་དང་བྱེད་སྟངས་དེ་དག་ལ་ཡང་སྐུ་ཉིད་ཀྱིས་ག་རེ་དགོངས་ཀྱི་ཡོད། དེ་དག་ལ་ཡང་བདེན་ཁ་སྟེར་རྒྱུ་ཡིན་ནམ་ཅི། འདི་དག་ནི་བདག་གིས་བསམ་གཞིགས་མ་བྱས་པར་འོལ་ཚོད་ཅིག་བཤད་བཞིན་མེད་པ་ཡིན་དུས། སྐུ་ཉིད་ཀྱིས་ཀྱང་རང་གི་སེམས་ཁོང་གི་ལན་གསལ་བོ་ཞིག་གནོངས་རོགས་ཞུ།
གོང་དུ་རོང་བས་ཕག་ཤ་ཟ་བ་དང་། འབྲོག་པས་མར་ཁུ་འཐུང་བ་སོགས་ཀྱི་རྩོམ་ཡིག་ཚིག་བཅད་དེ་ནི་དགེ་ཆོས་ཀྱི་ཡིན་ཁོ་ཐག་རེད། འོན་ཀྱང་། ཧོར་འཇིགས་ལ་ཡང་དེ་འདྲའི་གཅིག་མཚུངས་ཀྱི་རྩོམ་ཡིག་ཞིག་ཡོད་པ་རེད། དེ་ནི་ཕལ་ཆེར་སྤང་འོས་པའི་གཤིས་ཀ་ཟེར་བའི་རྩོམ་ཡིག་དེའི་ནང་དུ་ཡིན་པ་ཡོད། ད་ལྟ་ངས་གསལ་བོ་ཞིག་དྲན་གྱི་མི་འདུག་ལ། དཔེ་ཆ་དེ་ད་ལྟ་ང་རང་གི་ལག་དུ་ཡང་མེད་ལགས། གང་ལྟར། དེ་ནི་རྩོམ་ཡིག་སུས་ཡིན་མིན་དེ་ནི་སྐབས་དོན་གྱི་གླེང་གཞི་གཙོ་བོ་ཞིག་མ་རེད་སྙམ། གཙོ་བོ་ནི་གོང་ནས་སྐུ་ཉིད་ལ་ཞུས་ཟིན་པ་དེ་དག་ཡིན་ན། ཐུགས་བསམ་ནན་ཏན་ཞིག་བཞེས་དེ་ལན་ཞིག་འདེབས་འདོད་ཡོད་ཚེ་གནོངས་རོགས་ཞུ། མེད་པའམ་དུས་ཚོད་ཀྱི་ཁོམ་ལོངས་མ་བྱུང་ན་འདི་ནས་མཚམས་བཞག་རང་འགྲིག་ལགས།
ཤ་ཁྲག་ལགས་མ་གཞི་ནས་ཆོས་ལུགས་ཞེས་པ་ནི་མི་ཞིག་གིས་བཟོས་པ་རེད་ཅེས་བཤད་ན་འགྲིག དེ་ཡང་མིའི་སེམས་ཁམས་ལ་འཕྲོད་ནི་ཞིག་བཟོས་པ་རེད། གང་ཟག་གི་བདག་ཁས་ལེན་པའི་ངོར་བཅོམ་ལྡན་འདས་ཀྱིས་བདག་ཡོད་པར་གསུངས་པ་རེད། དེ་བཞིན་རྒྱལ་བོ་མ་སྐྱེས་དགྲའི་འགྱོད་གདུང་ཞི་བའི་ཆེད། ཕ་དང་མ་ནི་གསད་བྱ་ཞིང་། །ཞེས་གསུངས་པ་རེད། བོད་པ་ཚང་གི་ཆོས་པ་ཚོ་ནི་ནང་བ་ཡིན་པ་མ་ཟད་ད་དུང་ཐེག་ཆེན་ལ་རེ་བ་བྱེད་ཀྱི་ཡོད་པ་རེད། གལ་ཏེ་ཁ་ཆེའི་ཆོས་ལུགས་དང་དེ་བཞིན་འཇེའུ་ཆོས་ལུགས། ཡེ་ཤུ། ཧིན་རྡི་སོགས་ཀྱི་ཆོས་ལུགས་ལ་མོས་པ་བྱེད་མཁན་ཡོད་ན་བདག་གིས་མཐའ་གཅིག་ཏུ་དང་ལེན་བྱེད་རྐྱང་ཡིན། མོས་བ་ཡོད་ན་སྐབས་ཐོག་ནང་བ་ཡིན་དགོས་པའི་རྒྱུ་མཚན་གཏན་ནས་མེད། དཔེར་ན། སློབ་དཔོན་རྟ་དབྱངས་དང་། སྤྱན་རས་གཟིགས་བརྟུལ་ཞུག་སོགས་མང་པོ་ཞིག་ཀྱང་ཚེ་སྟོད་ཕྱི་རོལ་བ་རེད། འདི་ལྟར་བསམ་བློ་ཐོངས་དང་ཆོས་ལུགས་ནི་སྐས་འཛེག་ཅིག་དང་མཚུངས། རྗེ་ཐམས་ཅད་མཁྱེན་པས་བྱང་ཆུབ་ལམ་གྱི་རིམ་པ་ཟེར་དགོས་པའི་རྒྱུ་མཚན་ཡང་འདི་ལ་ཐུག སྐས་ཐེམ་དང་པོར་འགྲོ་བ་ལ་འོག་མ་ནས་རིམ་གྱིས་འཛེག་དགོས། རོང་བ་ཕག་ཤ་ཟ་རྒྱུར་དགའ་བ་དང་འབྲོག་པ་མར་ཁུ་འཐུང་རྒྱུར་དགའ་བ་ཁམས་དང་མོས་པ་མི་འདྲ་བའི་དཔེ་མཚོན་ལ་ཧ་ཅང་འཚམ་པ་ལས་རོང་བ་ཡོད་ཚད་དེ་འདྲ་ཡིན་དགོས་ཞེས་པའི་དོན་མིན་ལ། ཧོར་འཇིགས་ཀྱི་རྩོམ་ཡིག་ཅིག་ཡིན་མིན་མི་ཤེས་མོད་མཁས་དབང་དགེ་ཆོས་ལགས་ཀྱིས།
འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་། །
རོང་བ་རྣམས་ལ་མར་ཁུ་འཐུང་བ་སོགས། །
མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། །
འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད། ། ཅེས་པའི་སྡོམ་ཚིག་འདི་ལ་གོ་བ་ཆགས་ན་རང་ཉིད་གང་ལ་མོས་ན་དེ་འགོག་མི་ཆོག་པ་དང་། གང་མི་འདོད་ན་དེ་བཙན་ཚུགས་བྱེད་མི་ཆོག་པ་གསལ་བོར་གསུངས་ཡོད་ལ། འདིས་ཆོས་དང་འཇིག་རྟེན་གཉིས་ཀར་སྡོམ་ཆེན་པོ་ཞིག་ཀྱང་བརྒྱབ་ཡོད།
གཉའ་འབྲོང་ཐུ་བུ་ལགས། དེས་ན་བོད་པ་ཚང་ལ་ཆོས་ལུགས་པ་གཞན་དག་མང་བོ་ཞིག་འབྱུང་བ་དེར་སྐུ་ཉིད་ཀྱིས་དགའ་བསུ་ཞུ་ཐུབ་ཀྱི་ཡོད་དམ། ཡང་ན། ཁ་ཆེ་ང་ཚོ་བོད་པ་ཚང་ལ་ཉུང་ཉུང་ཞིག་ཡོད་པ་རེད། དེ་ལས་གཞན་པའི་རྗོ་ཤུ་དང་ཡེ་ཤུ། ཧིན་རྡི། དེ་དག་གིས་ཀྱང་མིའི་སེམས་ཁམས་ལ་ཕན་ནུས་ཐོན་གྱི་ཡོད་ན་སྐུ་ཉིད་ཀྱིས་དེའི་ཐད་དུ་དགོངས་ཚུལ་ག་རེ་ཡོད་དམ།
རོང་བ་ཕག་ཤ་ཟ་རྒྱུར་དགའ་བའི་བཤད་ཚུལ་འདི་ནི་ཧོར་འཇིགས་ཀྱི་རྩོམ་ཡིག་ཞིག་གི་འབྲི་སྟངས་ཤིག་ལས་རོང་འབྲོག་སྤྱི་ལ་ཁྱབ་པ་ཞིག་གཏན་ནས་མ་ཡིན་ལགས། དེས་ན་སེམས་ཁམས་ལ་འཕྲོད་མིན་ཞིག་གི་སྟེང་ཁོ་ན་ཞིག་འགྲིག་གི་ཡོད་ན་ནི། ནང་བ་ཞིག་ཡིན་གཅིག་མིན་གཅིག་ཡིན་དགོས་པའི་ངེས་པ་ཞིག་གཏན་ནས་མ་མཆིས་སྙམ། གང་ལྟར། བདག་གིས་གང་ཞུས་པ་དེར་སྐུ་ཉིད་ཀྱིས་ཐུགས་བསམ་ལེགས་པོ་ཞིག་བཞེས་དེ་དེ་ནས་ལྗག་ལན་རེ་ཁོམ་དུས་གནོངས་རོགས་ཞུ།
ཆོས་རྒྱུད་ཁག་གི་བར་ལ་མཐུན་ལམ་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེདལ། ཆོས་བརྒྱུད་མང་པོ་ཡོད་དགོས་པ་དེ་ཡང་གལ་ཆེན་པོ་རེད། རྒྱུ་མཚན་དཔེ་ཡིས་བཤད་ན། རོང་བ་ཕག་ཤ་ཟ་རྒྱུར་དགའ་བ་དང་འབྲོག་པ་མར་ཁུ་འཐུང་རྒྱུར་དགའ་བས་ན་རང་རང་གི་ཁམས་དང་མོས་བར་འཚམ་པ་ཞིག་གལ་ཆེ་ལ་དེ་ཡང་རང་སེམས་འདུལ་སྦྱོང་གི་ཐབས་ལམ་ལ་འཁྱེར་བདེ་བ་ཞིག་དགོས་ཚོད་རེད། འདི་སྐོར་ཆོས་གཞུང་རང་གི་གསུང་ཚུལ་ཞུ་རྒྱུ་མང་མོད་འབྲི་བའི་ངལ་བ་ལྷུར་ལེན་མ་ཐུབ་པོ། །
སྐར་ཁྲི་བཙན་ལགས། ནམ་མ་ལངས་ན་གཉིད་ལ་བསྡོད། ནམ་ལངས་དུས་འགྱོད་ན་ང་ལ་ཚོགས་གཏམ་མ་གཏོང་། ཆུ་མ་མ་ཡོང་གོང་གི་རག་ཟེར་བ་ལྟར། བརྡ་ཞིག་བརྒྱབ་ཡོད་དོ།
གཉན་འདང་ཕོ་ཉ་ལགས། འུ་ཅག་གིས་འདི་དག་ལ་སྔ་ཐོག་ནས་མ་གླེང་བ་ཡིན་ན། དོན་ཐག་ཆེ་རུ་སོང་དེ་ནམ་ཞིག་མགོ་མི་ཐོན་པའི་སྐབས་སུ་གླེང་དགོས་ཟེར་ན་ཚར་བ་རེད་ལགས། དེ་ལས་སྤུན་ཟླ་ཚང་མས་འགན་ཞིག་འཁུར་ནས་གླེང་བ་ཡིན་ན་ཡག་པོ་ཡོད་པ་རེད་སྙམ་གྱི་ཡོད་ལགས།
དྲྭ་གྲོགས་བོད་ལགས།
ཁྱེད་ཀྱིས་གསལ་བཤད་ཞིག་གནང་ནས་བསྡད་འདུག
དགེ་མཚན་སྣང་།
རེད་དེ་དོན་འདི་ཚོའི་ཐོག་ང་ཚོས་གླེང་རྒྱུར་ཉུང་ན་བཟང་གི་སྙམ།
ད་རུང་ང་ཚོ་བྱིས་པའི་ཚོད་ཅིག་ཡིན་འདུག་ལ།
ད་རུང་ང་ཚོ་སྔོན་མའི་ཚོད་ཅིག་ལུས་ནས་ཡོད་སྣང་བྱུང་།
གཏམ་འདི་ཚོ་ལ་གཉན་ཁ་ཡོད་ལ།
དོན་འདི་ཚཽ་ལ་ཚོར་ཤུགས་ཟབ།
ད་རུང་ང་ཚོ་མིག་གི་རྒྱལ་མོ་ལྟར་འཐོར་ནས་ཡོད།
གནམ་རྒན་མ་་་་་་་་
ནམ་མ་ལང་གོང་ནས་རྩོད་མི་དགོས་པའི་སྣ་གཅིག་ཡོད་ནི་མ་རེད། གཉིད་ཁ་མི་འཇོག་གི
The Dalai Lama Discusses Succession – Unwinking Gaze
འདི་གོང་ནས་བཤད་མ་ཐག་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀརྨ་པ་མཆོག་དང་གླིང་རིན་པོ་ཆེ་རྣམ་གཉིས་ལ་གསུངས་པའི་བཀའ་སློབ་མདོར་བསྡུས་དེའི་འབྲེལ་ཐག་རེད་ལགས། ཡོ་གྲོབ་ནང་དུ་སོང་ནས་འདི་བླུགས་པ་ཡིན་ན་ཐད་ཀར་གཟིགས་ཐུབ་ཀྱི་ཡོད་པ་རེད་ལགས།