་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
བློ་བཟང་དང་བསྟན་འཛིན་ཚེ་སྐྱིད་གཉིས་ཀྱིས་ལྷན་དུ་ཟ་ཁང་དེར་ལས་ཀ་བྱས་དེ་ཟླ་ངོ་གཅིག་ཙམ་འགྲོ་གྲབས་ཡོད། བསྟན་འཛིན་ཚེ་སྐྱིད་ཀྱིས་བློ་བཟང་ལགས། ང་རང་མི་རིང་བར་ཟ་ཁང་འདི་ནས་འབུད་རྒྱུ་ཡིན། གཅིག་བྱས་ན་མགོ་སེར་ཞིག་རྙེད་ས་རེད། ད་ནི་རང་གི་དམིགས་ཡུལ་དེའི་ཕྱོགས་སུ་འབད་འདོད་འདུག ང་ལ་དངོས་ནས་དྲང་གནས་ཀྱི་རེ་བ་ཞིག་འདུག ཁྱེད་རང་ལ་བཤད་ན་འགྲིག་གི་རེད་དམ་ཟེར་ནས་བློ་བཟང་ལ་བཤད།
བློ་བཟང་གིས་འུ་གཉིས་ཟ་ཁང་འདིར་ལྷན་དུ་ལས་ཀ་བྱོས་དེ་ཟླ་ངོ་གཅིག་ཙམ་འགྲོ་གྲབས་འདུག་པ་འདིའི་ནང་དུ་འུ་གཉིས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱས་པ་དངོས་ནས་མི་ཉུང་བ་ཞིག་ཡིན་ཟེར་ན་ཆོག ཁྱེད་རང་དངོས་ནས་བུད་མེད་ཡ་རབས་ཤིག་རེད། རང་གི་ནང་མིའི་ཆེད་དུ་རང་གི་མི་ཚེ་ལ་བསམ་བློ་མ་བཏང་བ་དེ་དག་བསམ་ནས་འོང་དུས་སེམས་པ་ཡང་སྐྱོ་བ་ཞིག་རེད། ཁྱེད་རང་གིས་ག་རེ་གསུང་འདོད་ཡོད་ན་ང་ལ་གསུང་ན་འགྲིག་གི་རེད། ཡིན་ཡང་། རེ་བ་དེ་སྒྲུབ་ཐུབ་མཁན་གྱི་མི་དེ་ནི་ང་རང་ཡིན་མིན་ནི་བསམ་བློ་གཏོང་དགོས་པ་ཞིག་ལོས་ཡིན།
བསྟན་འཛིན་ཚེ་སྐྱིད་ཀྱིས། ང་རང་ལ་ཕྱི་བསྐྱོད་ལག་ཁྱེར་སོགས་ཚང་མ་ཡོད་ཀྱང་། མི་ཞིག་ལ་མ་བརྟེན་པར་འགྲོ་ཐབས་མེད་པ་ནི་སྔོན་ཆད་ནས་ངས་ཁྱེད་རང་ལ་བཤད་ཟིན་པ་དེ་ལྟར་རེད། ཡིན་ཡང་། མི་ཞིག་ལ་བརྟེན་དགོས་ན་བརྟེན་ས་དེ་ཡང་བོད་མི་ཞིག་ཆགས་མི་སྲིད་པ་ལྟ་བུ་ཞིག་འདུག་ན། ང་རང་ལ་དངོས་ནས་རེ་བ་དངོས་ནས་ཞིག་ཡོད་པ་དེ་ནི་རང་གི་མི་ཚེའི་བཟའ་ཚང་བོད་པ་ཞིག་གི་ལྷན་དུ་བསྐྱེལ་འདོད་འདུག་ལ། དེ་ཡང་རང་ཉིད་ཀྱི་སྣང་བ་མཐུན་ས་ཞིག་དངོས་ནས་གལ་ཆེན་པོ་ཆགས་ཡོད་དུས། འུ་གཉིས་དངོས་ནས་སྣང་བ་མཐུན་གྱི་འདུག དེ་ཡིན་དུས་ཁྱེད་རང་གིས་ང་ལ་ལོ་ངོ་ཁ་ཤས་ཤིག་ལ་སྒུག་ན་འགྲིག་གི་རེད་དམ། ད་ལྟ་འུ་གཉིས་ཀྱི་བར་དུ་འགྲེལ་བ་གང་ཡང་མེད་ཀྱང་། ཁྱེད་རང་ལ་འདོད་པ་ཡོད་ན་ངས་ཁྱེད་རང་གི་འདོད་པ་སྐོང་འདོད་འདུག་ལ། ང་རང་ཕྱི་རྒྱལ་དུ་སོང་ནས་ལོ་ངོ་ཁ་ཤས་ཤིག་གི་རྗེས་སུ་ཁྱེད་རང་ཕར་འཐེན་ཐབས་བྱེད་ཆོག་ཟེར་ནས་བཤད།
བློ་བཟང་གིས་སྐད་ཆ་དེ་ནི་རྒྱུན་ལྡན་ཁོ་གཉིས་ཀྱི་ལས་ཞོར་དུ་གླེང་མོལ་བྱས་པ་དེ་དག་དང་མི་འདྲ་བར་ཁོ་མོའི་སྐད་ཆའི་ནང་དུ་གཟབ་ནན་དང་ཡིད་ཆེས། རེ་བ་ཞིག་བཅས་ཡོད་པ་ཞིག་ཡིན་པ་ཤེས་ནས། ཁྱེད་ཀྱིས་དངོས་ནས་དེ་འདྲའི་ཡིད་ཆེས་ཤིག་ང་རང་ལ་གནང་བ་དེར་དངོས་ནས་ང་རང་དགའ་ནི་ཡིན། ཡིན་ཡང་། ཁྱེད་རང་གི་རེ་བ་རྒྱག་ས་ནོར་བ་རེད། དངོས་ནས་ང་རང་ཁྱེད་ལྟ་བུའི་བུད་མེད་ཅིག་ཐོབ་རྒྱུ་བྱུང་ན་ལོས་དགའ། དངོས་ནས་དགའ་མོད། འོན་ཀྱང་། གནས་སྐབས་རིང་ང་རང་དགའ་རོགས་འཚོལ་རྩིས་མེད་པ་མ་ཟད། རང་ཉིད་ཀྱི་གནས་བབ་འདི་འདྲ་ཞིག་གི་འོག་ནས་དགའ་རོགས་ཞིག་འཚོལ་རྒྱུ་དང་དུས་ཆད་བཟོས་དེ་སྒུག་རྒྱུ་བྱེད་པ་སོགས་ནི་དངོས་ནས་ང་ལ་མཚོན་ན་བློ་ཡིད་དུ་མེད་པ་ཞིག་ཡིན་དུས། སེམས་གཏིང་ནས་ཁྱེད་རང་གི་རེ་བ་དང་ལེན་བྱེད་མ་ཐུབ་པ་དེར་དགོངས་དག་ཞུ་ཟེར་ནས་བཤད།
བསྟན་འཛིན་ཚེ་སྐྱིད་ནི་དངོས་ནས་ཟླ་ངོ་གཅིག་གི་རྗེས་སུ་ཟ་ཁང་དང་ཁ་ཁར་ནས་འགྲོ་ཁར་བློ་བཟང་ལ་དྲན་རྟེན་གྱི་འདྲ་དཔར་ཞིག་གི་རྒྱབ་ངོས་སུ། བློ་བཟང་ལགས། དངོས་ནས་དྲང་གནས་ཀྱི་ཁྱེད་རང་ནི་བདག་གི་མི་ཚེ་ནང་དུ་མཐོང་བའི་ཆེས་གྲོགས་པོ་ཡག་ཤོས་ཤིག་ཡིན་ལ། ང་གང་དུ་སོང་ཡང་ཁྱེད་རང་མི་བརྗེད་ཁོ་ཐག་ཡིན། ཁྱེད་ཀྱིས་ཀྱང་ང་རང་མ་བརྗེད་ཅིག བསྟན་འཛིན་ཚེ་སྐྱིད་ཀྱིས་ཟླ་ཚེ་ལ། ཟེར་བ་འདི་འདྲ་ཞིག་བྲིས་ཡོད་པ་སྤྲོད་ཞོར་དུ། བློ་བཟང་གི་སྐེ་རུ་འཐམ་ནས་བདེ་མོ་བྱོས། ཡང་ཡང་ཐུག་ངེས་ཡིན་ཞེས་བཤད་དེ་བསྟན་འཛིན་ཚེ་སྐྱིད་ཟ་ཁང་དེ་ནས་བུད་སོང་།
ཉིན་མ་བཅོ་ལྔ་ཙམ་ཞིག་གི་རྗེས་སུ། བློ་བཟང་གིས་ཟ་ཁང་ནང་དུ་དེབ་ཞིག་ཀློག་བཞིན་བསྡད་ཡོད་སྐབས། བུད་མེད་ཅིག་གིས་བློ་བཟང་ཟེར་ནས་འབོད་བཞིན་པའི་སྐད་ཞིག་གོ་བ་དང་བསྟུན་ཟ་ཁང་གི་སྒོའི་ཕྱོགས་སུ་བལྟས་དུས། གློ་བུར་དུ་མིག་ཤེལ་ནག་པོ་བརྒྱབ་པའི་བུད་མེད་གཅིག་དང་ཕྱི་རྒྱལ་བ་མགོ་སེར་ཞིག་དང་མི་གཉིས་ནང་དུ་འཛུལ་ནས་འོང་གི་འདུག་པ་མཐོང་མ་ཐག་མི་ངོ་ཡང་མ་ཟིན་པ་ལྟ་བུ་ཞིག་ཆགས།
བུད་མེད་དེས་མིག་ཤེལ་འཕུད་ཞོར་དུ། བློ་བཟང་བདེ་མོ་ཡིན་ནམ་ཟེར་ནས་ལག་པ་བསྲིངས་དེ་འོང་དུས། གཞི་ནས་བུད་མེད་དེ་ནི་རང་གི་ལས་རོགས་མ་བསྟན་འཛིན་ཚེ་སྐྱིད་ཡིན་པ་ཤེས་ནས་ཧང་སངས་ཞོར་དུ། ཡིན་ཡིན། དེར་སྡོད་ཟེར་ཞོར་གང་མགྱོགས་རྐུབ་སྟེགས་སྟེང་ནས་ཡར་བླངས།
བསྟན་འཛིན་ཚེ་སྐྱིད་ཀྱིས། བློ་བཟང་འདི་ངའི་དགའ་རོགས་རེད། ཁོ་ཨ་རི་ན་ཡིན། མིང་ལ་རྗོར་རྗི་ཟེར་བ་རེད་ཅེས་ངོ་སྤྲོད་བྱས། དེ་དུས་གཟུགས་སྟོབས་ཅན་གྱི་ཕོ་གསར་རྗོར་རྗི་ཡིས་ཁྱེད་རང་འཕྲད་པར་དགའ་བོ་བྱུང་ཟེར་ནས་ལག་པ་བསྲིངས། བློ་བཟང་གིས་མགོ་བོ་གཡུགས་ཞོར་དུ་ལག་འཇུ་བྱས།
བློ་བཟང་གིས་བསམ་བློ་འདྲ་མིན་ཞིག་འཁོར་ཞོར་དུ་ཐབ་ཚང་ནང་དུ་ཁོ་གཉིས་ལ་ཟ་མ་ཞིག་བཟོ་བཞིན་ཡོད། བློ་བཟང་གིས་ཁྱེད་གཉིས་ཀྱིས་ཇ་མངར་མོ་འཐུང་རྒྱུུ་ཡིན་ནམ་ངས་མངར་ཇ་ཞིག་བཟོས་ཡོད་ཟེར་ནས་འདྲི་རུ་ཐབ་ཚང་ལས་འབུད་དེ་ཟ་ཁང་ནང་དུ་འོང་དུས། ཕོ་གསར་རྗོར་རྗི་ཡིས་བསྟན་འཛིན་ཚེ་སྐྱིད་ཀྱི་ཕྲག་པར་ལག་པ་བཞག་ནས་སྙིང་གཏམ་ཞིག་བཤད་བཞིན་པའི་སྒང་དང་འཁེལ་བས་སྐད་ཆ་གང་ཡང་མ་དྲིས་པར་ཕྱིར་ཐབ་ཚང་ནང་དུ་འཛུལ།
མུ་འགོད།
སྤུན་ཟླ་ཁྱེད་ཅག་ཚང་མའི་སྤུན་ཟླ་བློ་བཟང་གི་ཆེད་དུ་སེམས་འཁུར་དང་མཛེས་མ་བསྟན་འཛིན་ཚེ་སྐྱིད་དོན་དོན་ལ་ཧམ་སེམས་སྐྱེ་ཞོར་དུ་ཀློག་རོགས་ཞུ། ཁྱེད་ཅག་ཚང་མ་དུས་རྒྱུན་དུ་ཕེབས་པ་ཐུགས་རྗེ་ཆེ།
ཤུ་རེ་ཁོ་བློ་བཟང་ཡང་ང་ལྟ་བུའི་བླུན་པོ་ཞིག་རེད། མཚམས་ལན་རེར་སྒྲུང་འདིས་ང་ཅིག་བཤད་ཀིན་ཡོད་པ་ལྟ་བུའི་སྣང་བ་ཤར་སོང་།
བློ་བཟང་ངོ་ཚ་དང་སྡོམ་པའི་ལྕགས་སྒྲོག་གིས་བསྡམས་པའི་རིང་།
མཛེས་པ་བསྟན་འཛིན་ཚེ་སྐྱིད་གཞན་ལག་ཏུ་ཤོར་ཐལ།།
ད་ཡིན་ན་རྨི་ལམ་ཞིག་གི་དག་སྣང་ལ་ཁྲིད་སོང་ཡ།
དངོས་ཡོད་ཡིན་ན་ངོ་མ་སེམས་ཕམས་འདུག
བཀླགས་ཟིན་དེ་རིང་བློ་བཟང་སྟེང་ལ་ཅུང་ཁྲོས་ཡོད།
ཚེ་སྐྱིད་ནི་བུ་མོ་ཚད་ལྡན་ཞིག་དང་། བློ་བཟང་ནི་བཟང་སྤྱོད་ཀྱི་མཐའ་ཐར་སོན་པའི་མི་ཞིག་ཡིན་པའི་སྣང་བ་མ་བྱུང་། དེ་ལས་ལྡོག་སྟེ་ཚེ་སྐྱིད་ནི་བུ་མོ་ཕམ་སེམས་ཅན་ཞིག་དང་། བློ་བཟང་ནི་བསམ་རྒྱུ་དྲན་རྒྱུ་མེད་པའི་ཕོ་སར་ཞིག་གི་སྣང་བརྙན་གསོན་པར་བཞེངས་འདུག་མཐོང་།
ཤ་ཁྲག་ལགས། དེང་སང་ལས་བྲེལ་ཆེ་བས་ཁོམ་པ་མི་འདུག དཔར་གློག་བྱས་ཏེ་བཀླག་གི་ཡིན།
མ་གཞི་མི་དྲང་མོའི་རིགསདེར་བླུན་ཞད་ཞིག་ཡོད་མོ།
ངའི་གྲོགས་པོ་གཞན་ཞིག་ནི་ངོ་མ་བློ་བཟང་བཞིན་གྲྭ་ནས་མ་བསྡད་པར་རྡ་སར་ཡོང་སྟེ་ལས་རོགས་གཞིས་ཆགས་བུ་མོ་ཞིག་གི་མཉམ་དུ་གྲྭ་པ་ལོག་ཅིང་བརྩེ་དུང་ཆགས། མཐའ་མར་བུ་མོ་དེའི་ཕ་མས་བར་ཆད་བཏང་སྟེ་ཁོ་གཉིས་མཉམ་དུ་མ་ཡོང་བར་མགོ་སེར་ཞིག་ལ་ཆང་ས་བརྒྱབ་སྟེ་ད་ལྟ་འདི་གར་ཡོད། དེའི་མིང་ལ་བློ་བཟང་་་་་་་་་ཟེར།
འགྲེང་མེད་མ་ནིང་འདི་རིགས་ཀྱིས་རང་གིས་མི་འཇོན་གཞན་ལ་ཕྲག་དོག་ཆེ་བས། ཕྲག་དོག་མ་ནིང་ཡང་ཟེར། བློ་བཟང་འདི་ངོ་མ་ཕྲག་དོག་མ་ནིང་ཞིག་ཡིན་པའི་སྣང་བ་བཅོས་མིན་དུ་སྟེར། ང་ལ་གྲོགས་པོ་ཕྲག་དོག་མ་ནིང་འགའ་ཞིག་ཡོད་ཡ། དྲ་ངོས་འདི་ན་ཡང་དེ་རིགས་འགའ་ཡོད།
ང་ལ་དོགས་པ་ཞིག་འདུག བློ་བཟང་ནི་ཀུ་ཤུ་ཞིག་མིན་ན་བསོད་སྐམ་ཞིག་རེད། ཀུ་ཤུ་ནི་ཨ་མདོའི་ས་ཁུལ་ལ་ལར་མ་ནིང་འགྲེང་མེད་ལ་ཟེར།