མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཉེར་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

ཉེར་གཅིག


དངོས་ནས་དྲང་གནས་ཀྱི་བློ་བཟང་འདང་ནུབ་ཨ་རག་འཐུང་བ་དང་བོ་ཡིན་སྟབས། ཞོགས་པ་སྐྱུག་པ་སྐྱུག་ཟིན་པའི་སྣོད་ལ་ལྟ་ཞོར་དུ། གནམ་རྒན་མ། འདི་ང་ཡིན་སྲིད་དམ་སྙམ་ཞོར། སྐྱིད་པོའི་གཉིད་དུ་གཡུར་བཞིན་པའི་གྲོགས་པོ་སངས་རྡོར་གཉིད་ལས་སད་རྒྱུར་རེ་སྒུག་བྱས་དེ་བསྡད། དུས་ཡུན་གང་ཙམ་ཞིག་གི་རྗེས་སུ་སངས་རྡོར་གཉིད་ལས་སད།

བློ་བཟང་། ཆང་འཐུང་ཟེར་ནོ་རེད། ལྟོས་དང་འདང་ནུབ་ཁྱེད་རང་གི་གྲུབ་རྟགས་བསྟན་པ་དེ་ལྟར་དུ་བདག་གིས་གཙང་མ་ཡང་མ་བཟོས་པར་ཁྱེད་རང་ལ་བཞག་ཡོད་ཟེར་ནས་སྐྱུག་སྣོད་ནང་གི་སྐྱུག་རོ་དེ་དག་ལ་འཛུབ་མོ་བཙུགས་དེ་བཤད།

བློ་བཟང་དངོས་ནས་ར་བཟི་བ་དེ་ནི་རང་གི་གང་བྱས་པ་དེ་ཡང་དྲན་པ་མེད་པར་ཆགས་པ་གཞི་ནས་ཤེས་ན་ཡང་། འདང་ནུབ་འདྲ་མིན་མི་འདྲ་རེ་བཤད་མེད་ངེས་ཡིན་སྙམ་ཞོར་དུ། སངས་རྡོར། འདང་ནུབ་འུ་གཉིས་ཀྱིས་ཤེལ་དམ་གཅིག་མ་གཏོགས་འཐུང་མེད་ངེས་ཡིན། འདི་འདྲ་ཞིག་བཟི་དོན་གང་རེད་ཅེས་དྲིས་དུས།

སངས་རྡོར་དངོས་ནས་བློ་བཟང་གི་དྲན་གྱི་མེད་པར་ཡིད་ཆེས་ལ་མི་ཆེས་ངང་དུ། ཁྱེད་རང་གིས་དངོས་ནས་འདང་ནུབ་འུ་གཉིས་གང་དུ་སོང་མིན་སོགས་ཀྱང་དྲན་གྱི་མི་འདུག་གམ་ཟེར་ནས་སླར་བློ་བཟང་ལ་དྲིས།

བློ་བཟང་གིས་མགོ་བོ་ཕུར་ཞོར་དུ། དངོས་ནས་དྲན་གྱི་མི་འདུག་ལ། འུ་གཉིས་ཀྱིས་ཨ་རག་ཤེལ་དམ་གཅིག་པོ་རྫོགས་པ་དེ་ལས་གང་ཡང་དྲན་གསོས་ཀྱི་མི་འདུག

དེ་ན་ཁྱེད་རང་གིས་ང་ཨ་རག་ཉོ་རུ་སླར་ཡང་སོང་དེ་ཤེལ་དམ་གཞན་ཞིག་ཉོས་དེ་འོང་ནས་འུ་གཉིས་ཀྱིས་འཐུང་བ་དེ་ཡང་དྲན་གྱི་མེད་པ་འདྲ། འདི་ཟེར་ནས་ཤེལ་དམ་སྟོང་བ་གཉིས་ཀ་ཡར་བཀྱག་ནས་བློ་བཟང་ལ་བསྟན།

བློ་བཟང་ཅུང་ཙམ་ངོ་གནོང་ཞོར་དུ། ཨ་རག་འདི་ངས་འཐུང་རྒྱུ་ཞིག་མིན་པ་འདྲ། དངོས་ནས་དྲན་པ་ཞིག་མི་འདུག དང་བོ་དངོས་ནས་སྐྱིད་པོ་ཆགས་སོང་། དེ་ནས་མགོ་བོ་ན་སོང་། དེ་ནས་ང་རང་ཉལ་བ་ཡིན་ས་ཡོད་ཅེས་བཤད།

སངས་རྡོར་གྱིས་ལྟས་ངན་ཁྱོས། དངོས་ནས་དྲན་གྱི་མེད་ས་རེད། ཁྱེད་རང་གིས་བུ་མོ་ཞིག་གི་མིང་ནས་བོས་དེ། ངས་ལག་དུ་རེག་པ་ཡིན་ན། ད་གཟོད་ངས་འདོད་པ་ཚིམ་ནི་ཡིན། ང་དངོས་ནས་ཁོ་མོར་དགའ་ཟེར་གྱི་འདུག མིང་དེ་གསལ་བོ་ཞིག་གོ་ཐུབ་ཀྱི་མི་འདུག ལྟས་ངན་ཁྱེད་རང་ལ་དགའ་ས་ཞིག་ཡོད་ས་རེད་མོད། ད་ལྟ་གང་དུ་ཡོད་པ་རེད། སུ་རེད་ང་ལ་ཤོད་དང་། གཅིག་བྱས་ན་ཐབས་ཤེས་རེག་ངེས་ཡིན།

བློ་བཟང་གིས། ད་ཁྱེད་རང་གིས་ང་རང་ལ་རྫུན་བཤད་ཀྱི་འདུག དེ་འདྲ་ཞིག་གང་ནས་ཡིན། ང་རང་ལ་དགའ་ས་ཞིག་ཡོད་ན་ཁྱེད་རང་གིས་སྔ་ས་ནས་ཤེས་ཡོད་ངེས་རེད། ད་ངས་འདང་ནུབ་འུ་གཉིས་ཀྱིས་སྐད་ཆ་ཞིག་དྲན་གསོས་སོང་། ཁྱེད་རང་གིས་ང་ལ་བུད་མེད་ཅིག་ངོ་སྤྲོད་བྱེད་ཟེར་བ་དེ་ནི་དངོས་ནས་སུ་རེད། མོ་རང་ད་ལྟ་གང་དུ་ཡོད་པ་རེད་དམ།

སངས་རྡོར་གྱིས་དེང་སང་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོད་པ་རེད་ལ། མོ་རང་ཁྱེད་ལ་ཐེངས་ཁ་ཤས་ཤིག་ལ་འཕྲད་མྱོང་ཡོད་པ་མ་ཟད། སྐད་ཆ་ཡང་བཤད་མྱོང་ཡོད་པ་རེད། དེ་ནི་ཁྱེད་རང་གི་གྲོགས་པོ་ཞིག་གི་རྒན་མོའི་སྤུན་མཆེད་ཅིག་རེད། མོ་རང་རྒྱ་གར་དུ་སླེབས་ནས་ལོ་གཅིག་ཙམ་ཞིག་འཁོར་གྲབས་ཡོད། ཚོད་དཔག་ཞིག་བྱོས་དང་ཟེར་ནས་བཤད།

བློ་བཟང་གིས་བསམ་བློ་ཞིག་བཏང་ནས། ཨོ་རེད། ད་ཡིན་ན་ངས་ཤེས་སོང་། དེ་ནི་བདེ་གྲོལ་གྱིས་ཆུང་མའི་སྤུན་མཆེད་ཅིག་རེད་མོད། སྔོན་ཆད་ང་རང་ལ་བདེ་གྲོལ་གྱིས་དེ་ལྟར་བཤད་ཀྱང་། ངས་དེ་ལ་གཏན་ནས་ཡིད་ཆེས་མ་བྱས་པ་ཡིན། ད་ཡིན་ན་དངོས་ནས་བུད་མེད་དེ་ནི་ང་རང་ལ་ཚོར་བ་ཞིག་ཡོད་ས་རེད། ཡིན་ཡང་། མོ་རང་ནི་བྱིས་པ་གསུམ་གྱི་ཨ་མ་ཡིན་ས་ཡོད། སྤྱིར་བཏང་བྱིས་པ་གསུམ་གྱིས་ཨ་མ་ཡིན་ཡང་མི་སྐྱོན་མོད། ང་རང་ལ་དེའི་ཐད་དུ་ལྟ་ཚུལ་སྡུག་ཆག་དེ་འདྲ་མེད། རེད་དེ། སྤྱི་ཚོགས་དང་ཁོར་ཡུག ང་རང་གི་ནང་མི་དག་གིས་གོ་ན་སེམས་པ་སྡུག་ངེས་ཡིན་ལ། ང་རང་ལ་ད་ལྟའི་བར་དུ་རེ་བ་བྱེད་མྱོང་བའི་གྲོགས་པོ་དག་ཀྱང་ཡིད་ཆད་འགྲོ་ངེས་ཡིན་ཟེར་ནས་བཤད།

སངས་རྡོར་གྱིས་ལྟས་ངན་ཁྱེད་རང་། ངས་མ་བཤད་ཀྱང་ཁྱེད་རང་གིས་སྔ་ས་ནས་ཤེས་འདུག་མོད། ད་དུང་། ཁྱེད་རང་གཉིས་ཀྱིས་ཁ་བརྡ་ཡང་མང་བོ་ཞིག་བྱེད་མྱོང་ཡོད་འདུག་ལ། ཁྱེད་རང་གི་གྲོགས་པོ་བདེ་གྲོལ་གྱི་རྒན་མོའི་སྤུན་མཆེད་ཡིན་པ་ཡང་ཤེས་འདུག་མོད། རེད་རེད། ངས་བཤད་པ་ཡང་ནོར་བུ་བཟང་མོ་ཡིན་ཟེར་ནས་ཁས་བླངས།

དོན་དངོས་ཐོག བློ་བཟང་གིས་ནོར་བུ་བཟང་མོ་ནི་སྔོན་ཆད་ནས་གྲོགས་པོ་བདེ་གྲོལ་བཟའ་མི་གཉིས་བརྒྱུད་དེ་ཡག་པོ་ཤེས་ཀྱི་ཡོད་ལ། སྤྱིར་བཏང་གི་སྐད་ཆ་ཡང་མི་ཉུང་བ་ཞིག་ཕན་ཚུན་ལ་་བཤད་མྱོང་ཡོད་ལ། གྲོགས་པོ་བདེ་གྲོལ་གྱིས་ཨ་རོགས། ངེད་ཚང་གི་ནོར་བུ་བཟང་མོ་ཁྱེད་རང་ལ་དགའ་བཞིན་འདུག་ཟེར་ནས་བཤད་པ་དེ་ལ་ཡང་བསྐྱར་དུ་བསམ་བློ་ཞིག་འཁོར་དགོས་གྱུར།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. kangtuk says:
    ལོ་ 17 སྔོན།

    ཨཨ་་་ཨ ད་ཡིན་ན་དངོས་ནས་རྩོག་གི་ཡ། བློ་བཟང་གི་ལས་དབང་འདི་ཨ་་་་ཨ་་་ཨ་
    ཡང་ཨ་མ་ཞིག་རེད་འདུག་ག
    དེར་མ་ཐུགས་ན་ཡག་ས་རེད།
    མ་མཐའ་ཡང་ཐོག་དང་པོའི་བྲོ་བ་དེ་གསར་མོ་ཞིག་ལ་མྱང་ཐུབ་ན་་་་་

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་ཕེབས་ཀི་བསྡོད། ང་སྒོ་བུད་དེ་བསུ་ཡི་འདུག མུ་མཐུད་དུ་འགྲོ་ཡ། བློ་བཟང་ལས་ངན་པོ་འདིས་ཆེད་དུ།

    བསེ་རུ་ལགས། ངས་དེ་གཉིས་ཀྱི་ཁྱད་པར་གསལ་བོ་ཞིག་མི་ཤེས་མོད། ང་རང་གི་དྲན་ཚུལ་ལ་དག་གསར་ནང་དུ་འདང་ནུབ་ཟེར་ནས་བྲིས་པ་ཞིག་ཡོད་པ་དེ་རེད། སྐུ་ཉིད་ལ་དེའི་ཐད་དུ་ལྟ་ཚུལ་གང་ཡོད་དེ་སྤུན་ཟླ་དག་ལ་ཞིབ་དུ་གསུང་རོགས་ཞུ།

    Reply
  3. samkhar says:
    ལོ་ 17 སྔོན།

    མང་མོས་འོས་བསྡུ།

    འདང་ནུབ། མདང་ནུབ།

    Reply
  4. samkhar says:
    ལོ་ 17 སྔོན།

    ཁྱོད་དྲ་ཐོག་ཡོད་དམ།

    Reply
  5. free sopu says:
    ལོ་ 17 སྔོན།

    བཀླགས་ཟིན།

    Reply
  6. shaalen bu says:
    ལོ་ 17 སྔོན།

    བོད་ལགས། ཁྱོད་ཀྱི་སྒྲུང་གཏམ་འདི་ལ་ལེའུ་ག་ཚོད་ཡོད། ངས་ཉིན་གཅིག་ཀློག་ཐག་ཆོད་ཡིན།

    Reply
  7. l.yonten says:
    ལོ་ 17 སྔོན།

    འོ་་་ཡ་་ད་ཡིན་ན་བློ་བཟང་ལས་ངན་པ་འདིའི་ལས་དབང་ནི་མགོ་ན་ཡག་ཞིག་རེད།
    འཁོར་བ་འཁོར་སྟངས་འདི་ནི་རྙོག་གྲ་ཚར་པོ་ཞིག་རེད་འདུག

    Reply
  8. Baichung says:
    ལོ་ 17 སྔོན།

    ཨོ་ལས་ངན་བོ་ཡང་མ་རྒན་མ་ཞིག་ལ་ཐུག་གྲབས་བྱ་འདུག ལས་ངན་ན་ལས་ངན་ཕོ་གསར་བུ་མོ་ཞིག་གི་བྲོ་བ་མྱངས་མ་མྱོང་བ་ཞིག་གི་ལས་དབང་འདི་རྩོག་གི་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese