མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཉེར་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

 


ཉེར་དགུ


བློ་བཟང་གིས་སེམས་ནང་དུ་དོགས་པ་རྣམ་དོག་གང་ཡང་མེད་པར་བདེ་གྲོལ་ལ། ཡ་་་འདི་ནས་བསྡོད་ཅེས་ཡར་བླངས་དེ་བསུ་མ་བྱས་ཀྱང་། བདེ་གྲོལ་གྱིས་གདོང་གི་རྣམ་འགྱུར་དེ་ཉིད་ཉི་མ་སྤྲིན་གྱིས་གློ་བུར་དུ་སྒྲུབ་པ་བཞིན་དུ། ཁྱེད་གཉིས་དངོས་ནས་སྐྱིད་པོ་རེད། ངོ་ཚ་མེད་པའི་ཁྱི་མོ་ཁྱོད། ནང་དུ་མི་འདུག་པར་རྒྱུན་དུ་འདི་རུ་ཡོང་ནས་ཅི་བྱེད་ཀྱི་ཡོད། སོང་། ནང་དུ་སོང་། སྐུ་ཞབས་ཨེས་ལ་མི་བཟང་དྲགས་སྟབས། མི་ངོ་བཟང་ངོ་མི་ཤེས་པའི་ཁྱོད། དྲན་རྒྱུ་མ་མང་ན་ཡག་གི་རེད། ངས་བལྟས་ན་ཁྱོད་རང་གིས་འདང་ཡག་པོ་རྒྱག་རན་རེད་ཅེས་ཚིག་ངན་རྡོ་ལོག་འདྲ་བ་ཞིག་གིས་སྐར་ཆ་ཁ་ཤས་སྔོན་གྱི་ནོར་བུ་བཟང་མོའི་འཛུམ་མདངས་དེ་ཉིད་མིག་ཆུར་བཏང་།

ནོར་བུ་བཟང་མོ་ངུ་བཞིན་ངུ་བཞིན་སྒོ་ཕྱི་རུ་བུད། བློ་བཟང་གིས་ཁོ་མོས་རྗེས་སུ་བལྟས་དེ་བསྡད། བར་སྐབས་ཤིག་ལ། ཁོ་མོ་ནགས་གསེང་དེ་ནས་ས་རུ་བསྡད་ཡོད་པ་མཐོང་ནས། བློ་བཟང་ཁོ་རང་ཡང་རྗེས་སུ་སོང་ནས་ཁ་བརྡ་དང་སེམས་གསོ་བྱས་སྟབས། ཁོ་མོ་ཡང་འདོད་ལ་མི་འདོད་ཀྱི་རྣམ་འགྱུར་ཞིག་དང་བཅས་ནང་དུ་ལོག་པ་རེད།

བློ་བཟང་ཕྱིར་ནང་དུ་འབྱོར་དུས། བདེ་གྲོལ་ད་དུང་ནང་དུ་ཁོ་རང་ལ་སྒུག་ནས་བསྡད་ཡོད་པ་དང་། བདེ་གྲོལ་གྱིས་བློ་བཟང་ལ། ད་དངོས་ནས་ཁྱེད་རང་གིས་བསམ་བློ་གཏོང་རན་རེད། མོ་ནི་གཉེན་སྒྲིག་བྱས་ཚར་མ་ཐག་རེད། དངོས་ནས་དེ་འདྲའི་ཕན་ཚུན་ལ་དགའ་ནས་བློས་མི་གཏོང་བ་འདྲ་ཡོད་ན། ཁྱེད་རང་གིས་ཁོ་མོ་ཁྲིད་དེ་ས་གཞན་ལ་སོང་ན་འགྲིག་གི་རེད། དེ་མིན་ངོ་ཚ་རྒྱུ་མེད་པའི་མོ་རང་ལ་ཁ་བརྡ་བྱས་དེ་རྗེས་ཕྱོགས་ཁྱེད་རང་གི་ནང་དུ་གོམ་བཀང་སྤོ་རུ་མ་བཅུགས་ན་ཡག་གི་རེད།

བློ་བཟང་གིས། ངས་ཁོ་མོར་རང་གི་ནང་དུ་མ་ཡོང་ཟེར་ནས་བཤད་ཐུབ་ཀྱི་མེད། ངེད་གཉིས་ཁྱེད་རང་བཟའ་མི་གཉིས་བརྒྱུད་དེ་ངོ་ཤེས་པ་རེད་ལ། ཕན་ཚུན་ལ་སེམས་གཏིང་གི་གྲོགས་པོ་ཞིག་གི་འདུ་ཤེས་ལས་གཞན་མེད། རེད་དེ། ང་རང་གི་ཐད་ནས་འདང་རྒྱག་ངེས་ཡིན། དེའི་ཕྱོགས་སུ་ཁྱེད་རང་གི་སེམས་འཁྲལ་མ་བྱེད།

བདེ་གྲོལ་གྱིས་རང་གི་གྲོགས་པོ་བློ་བཟང་ལ་དེ་ལས་ལྷག་པའི་ཚིག་ལྕི་མོ་དེ་འདྲ་གང་ཡང་བཤད་མ་ཐུབ་པར་དེ་ཙམ་གྱིས་འགྲིག་ནི་འཐུས་ནི་བྱོས་དེ་བློ་བཟང་གི་ནང་དང་ཁ་ཁར།

བློ་བཟང་རྡ་སར་འབྱོར་ནས་ཟླ་ངོ་གཉིས་ཙམ་ཞིག་འགྲོ་བཞིན་ཡོད་ལ། དེའི་རིང་དུ་དུས་ཚོད་མང་ཤོས་ཤིག་ནོར་བུ་བཟང་མོ་དང་ལྷན་དུ་བསྐྱལ་ཡོད་ཀྱང་། ཁོ་གཉིས་ལ་དམིགས་བསལ་གྱིས་ཕོ་མོའི་བར་གྱི་ལུས་འབྲེལ་ཕྱོགས་སུ་སྐད་ཆ་གང་ཡང་མ་བྱུང་མོད། རེད་དེ་བཀག་ན་མི་ཐུབ་པའི་ནོར་བུ་བཟང་མོའི་སེམས་ཁོང་གི་ན་ཟུག་མི་ཉུང་བ་ཞིག་བློ་བཟང་ལ་བཤད་ཡོད་ལ། སེམས་པ་སྙི་བའི་བློ་བཟང་གི་སེམས་པའི་ཟབ་སར་ཡང་སྐད་ཆ་དེ་དག་གི་ཤན་ཤུགས་མི་ཉུང་བ་ཞིག་ཐེབས་ཡོད་པ་དེ་ནི་དངོས་ཡོད་ཆགས་ཡོད་པ་རེད་ལ། ཕན་ཚུན་ལ་བཤད་འདོད་པའི་སྐད་ཆ་དག་ནི་རི་དྭགས་རྙི་ལས་ཤོར་བ་ལྟར་བཤད་རེས་དང་ཉན་རེ་བྱས་པ་དེ་ནི། མྱི་ཁ་དང་འཕྱ་དམོད་སྣ་ཚོགས་ཀྱི་བར་གསེང་གི་ཁོ་གཉིས་ཀྱི་ཚོད་དཔག་དཀའ་བའི་སེམས་ཀྱི་མྱོང་བྱང་ཟབ་མོ་ཞིག་དུ་གྱུར་ཡོད་པ་རེད།

བློ་བཟང་གི་གྲོགས་པོས་ཁོ་རང་ལ་རྒན་རྒོན་གཉིས་ཀྱིས་ཁ་པར་ཞིག་གང་མགྱོགས་གཏོང་རོགས་ཟེར་གྱི་འདུག་ཟེར་ནས་ལས་ཀ་གྲོལ་ནས་ནང་དུ་སླེབས་མ་ཐག་བཤད།

ངས་རོགས་པས་ང་ལ་དེ་རིང་ཕྱི་དྲོ་ཁྱེད་གཉིས་ཀྱིས་ཁ་པར་ཞིག་གཏོང་རོགས་ཟེར་གྱི་འདུག་པ་ལྟར། ང་རང་ཁ་པར་གཏོང་དུ་ཡོང་བ་ཡིན། ཁྱེད་གཉིས་བདེ་ཐང་ཡིན་ནམ་ཞེས་བློ་བཟང་གིས་ཁ་པར་ཁྲོད་ནས་ཨ་ཅག་ཚེ་འཛོམ་ལ་དེ་ལྟར་བཤད།

ཨ་ཅག་ཚེ་འཛོམ་གྱིས། ངེད་གཉིས་བདེ་ཐང་ཡིན། ད་ནི་ངེད་གཉིས་ཀྱིས་ཁྱེད་རང་གི་བཤད་པ་ལྟར། ད་ལོ་རྡོ་རྗེ་གདན་དུ་གནས་བསྐོར་ལ་འགྲོ་ཐུབ་ན་བསམ་གྱི་ཡོད། གལ་སྲིད། ངེད་གཉིས་གནས་བསྐོར་ལ་བུད་སོང་བ་ཡིན་ན། ཁྱེད་རང་འདིར་ཡོང་ནས་ཟ་ཁང་གཅིག་ལ་བདག་སྐྱོང་བྱེད་དགོས་ཀྱི་འདུག ཁྱེད་ཀྱིས་དེ་ལྟར་ངེད་གཉིས་ལ་རོགས་རམ་བྱེད་ཐུབ་ས་ཨེ་རེད།

ལོས་ཐུབ། ངས་སྔོན་ཆད་རང་གི་ཁས་ལེན་བྱེད་མྱོང་བ་ལྟར། ཁྱེད་རང་གཉིས་ལ་ཕན་ཞིག་ཐོག་ན་རོགས་པ་བྱེད་དུ་ཡོང་དང་ཡོང་།
དེས་ན་ཉིན་མ་ལྔའི་རྗེས་སུ་ཡང་བསྐྱར་ཁ་པར་ཞིག་གཏོང་རོགས་གནོང་།

ཉིན་ལྔའི་རྗེས་ཏག་ཏག་ལ་བློ་བཟང་གིས་ཁ་པར་བརྒྱབ་དུས། ཨ་ཅག་ཚེ་འཛོམ་གྱིས། བུ། ངེད་གཉིས་གནས་བསྐོར་ལ་འགྲོ་རྒྱུ་གཏན་འཁེལ་སོང་། ཁྱེད་ཀྱིས་རང་གི་གློག་ཀླད་དང་ཅ་དངོས་དག་བཙོང་ནས་འདིར་ཡོང་རོགས། གློག་ཀླད་དང་ཅ་དངོས་དག་རྗེས་ཕྱོགས་གསར་དུ་ཉོས་ཀྱང་འགྲིག་གི་རེད། ད་རེབས་ཁྱེད་རང་འདིར་སླེབས་ན་ཅུང་ཙམ་འགོར་རྒྱུ་རེད།

ཡ་ཡ་་་ དེས་ནས་ང་རང་གང་མགྱོགས་མགྱོགས་ཤིག་ལམ་དུ་ཆས་ངེས་ཡིན། མེ་འཁོར་འཛིན་བྱང་ག་རེ་བྱེད་དགོས་སམ།

མེ་འཁོར་འཛིན་བྱང་འདི་ནས་བསྔགས་ཆོག གཅིག་བྱས་ནས་ལྡི་ལུ་ནས་ཉིན་རེ་གཉིས་ཤིག་ལ་སྒུག་དགོས་སྲིད། ཡིན་ཡང་། མགྲོན་ཁང་ཞིག་དུ་བསྡད་ན་འགྲིག་གི་རེད། ལྡི་ལུར་འབྱོར་ནས་ཁ་པར་གཏོང་།

བློ་བཟང་གིས་དེ་ལྟར་ཁས་ལེན་བྱས་པ་ལྟར། མི་འགྱངས་པར་ལམ་ལ་ཆས་རྒྱུའི་བསྐོར་གྲོགས་པོ་དེར་བཤད་དུས། གྲོགས་པོས། ངས་བལྟས་ན་འདི་རུ་བསྡད་དེ་མུ་མཐུད་དུ་སློབ་སྤྱོང་ཞིག་བྱས་པ་ཡིན་ན་ཡག་པོ་འདུག ས་ཆ་དེ་ནི་མི་གཤིས་རྩུབ་ས་དང་བདེ་འཇག་མེད་ས་ཞིག་རེད། སྒོར་མོ་རེ་གསོག་ཐུབ་ཀྱང་། དེའི་མི་ཚེ་བཟོ་ཐུབ་ནི་མ་རེད།

བློ་བཟང་གིས། ཁྱེད་རང་གིས་བཤད་པ་བདེན་པ་རེད། འོན་ཀྱང་། ཁོང་རྒན་རྒོན་གཉིས་ང་རང་ལ་བཀའ་དྲིན་ཆེན་པོ་ཡིན་ལ། ངས་ཁོང་གཉིས་ལ་དགོས་འཁོ་བྱུང་ན་རོགས་བྱེད་རྒྱུའི་ཁས་ལེན་ཡང་བྱས་ཡོད་ལ། དེ་ལྟར་བྱེད་པ་དེ་ནི་འོས་པ་ཞིག་ཀྱང་ཡིན། རྗེས་ཕྱོགས་རང་ཉིད་དཀའ་ངལ་འདྲ་ཐུག་དུས་ཕ་མ་སྤུན་མཆེད་སོགས་གང་ཡང་མེད་པའི་ས་མཐའ་འདི་ནས་ཁོང་གཉིས་ཀྱི་ང་རང་ལ་རོགས་རམ་ཐུབ་ངེས་ཡིན།

བློ་བཟང་ནི་བློ་བཟང་དེ། སུས་ཀྱང་འགྱུར་བ་གཏོང་མི་ཐུབ་པའི་རང་ཚུགས་ཅན་ཞིག་ཡིན། ཁོ་རང་གི་གང་ཐག་བཅད་པ་དེ་ལྟར་དུ་ཡིན་པ་གྲོགས་པོས་ཀྱང་། གཞི་ནས་ངོས་ཟིན་ཐོབ་ནས་མཐར་བློ་བཟང་གི་ཅ་དངོས་དག་ག་རེ་བྱེད་མིན་བསྐོར་ལ། བློ་བཟང་གིས་ཅ་དངོས་གང་ཡང་བཙོང་དགོས་དོན་མེད། ཁྱེད་ཀྱི་གཉར་ན་འགྲིག ནམ་ཞིག་ང་རང་ཕྱིར་སླེབས་ན་དེ་དུས་འུ་གཉིས་ཀྱིས་བེད་སྤྱོད་གཏོང་། གལ་སྲིད། ང་རང་ཕྱིར་མ་སླེབས་པ་ཡིན་ན་ཡོད་ཚད་ཁྱེད་ལ་བདག་པ་ཡིན།

ཉིན་དེ་ནི་སྤྱི་ལོ་ཉིས་སྟོང་གཉིས། སྤྱི་ཟླ་བཅུ་གཅིག་གི་ཚེས་ཉི་ཤུའི་ཉིན་ཡིན་ལ་བློ་བཟང་ཕྱི་དྲོ་དེར་སླར་ཡང་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་དུ་རྡ་ས་མེག་ལོར་དང་ཁ་གྱེས་བཞིན་ཡོད་པ་རེད། འོན་ཀྱང་། ཉིན་དེའི་ཞོགས་པ་སྔ་བོ་ནས་ནོར་བུ་བཟང་མོ་ཁོ་རང་གི་ནང་དུ་སླེབས་ནས་ཁོ་གཉིས་སྲང་དུ་སོང་དེ་དྲན་རྟེན་གྱི་འདྲ་དཔར་ཞིག་ལྷན་དུ་བརྒྱབ་དེ་ཕྱིར་བློ་བཟང་གི་ནང་དུ་ཡོང་ནས་ཉིན་གུང་ཁ་ལག་བཟོ་རྩིས་བྱས། ནོར་བུ་བཟང་མོས། དེ་རིང་ངས་ཁྱེད་རང་ལ་ཁ་ལག་བཟོ་ཆོག་ཟེར་ནས་ཞོག་ཁོག་ཁ་ཤས་ཤིག་གཏུབ་ནས་ཉིན་གོང་གི་ཁ་ལག་བཟོས།

བློ་བཟང་གིས་དེ་རིང་གང་ཡིན་ནམ། ཞོགས་པ་ནས་བཟུང་དེ་ང་རང་གི་སྙིང་ཆུང་ལྡིང་ནས་མཚམས་ཤིག་འཇོག་གི་མི་འདུག་ཟེར་ནས་ནོར་བུ་བཟང་མོ་ལ་ཡང་ཡང་བཤད། ནོར་བུ་བཟང་མོས་ཀྱང་། དེ་རིང་ཁྱེད་རང་འདི་ནས་གྱེས་དེ་འགྲོ་དགོས་པའི་ཡིན་རྒྱུ་རེད་ལ། འུ་གཉིས་ཐུག་འཕྲད་བྱེད་པའི་ཉིན་མ་མཐའ་མ་དེ་ཆགས་སྲིད་པའི་ཡིན་རྒྱུ་རེད་ཅེས་བཤད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. samkhar says:
    ལོ་ 17 སྔོན།

    བློ་བཟང་གང་བྱེད་གར་འགྲོ།།
    ཤ་ཁྲག་ལགས་ཀྱི་དབང་རེད།།
    དྲ་གྲོགས་མོ་པ་རྣམས་ཀྱིས།།
    ཚོད་དཔག་གནང་ཐབས་མེད་དོ།།

    Reply
  2. དགོ་རྭ says:
    ལོ་ 17 སྔོན།

    བློ་བཟང་ཕ་ཡུལ་དུ་སོང་ནས་ཕྱིར་རྡ་སར་འབྱོར་བྱུང་། ངེད་གཉིས་ཐེངས་འགར་གསོག་སྒར་སློབ་གྲྭའི་ཆུ་འགྲམ་དེ་ནས་ཐུག་སོང་། སྐབས་དེར་བློ་བཟང་བུད་མེད་ཞིག་ལ་དགའ་ནས་སྨྱོན་པ་ཞིག་དང་འདྲ་ལ། གདོང་གི་འཛུམ་མདང་ཡལ་ནས་ངུ་ལ་ཁད་ཏུ་གྱུར་འདུག། ཤ་ཁྲག་ལགས་འབྲི་མཚམས་འདིར་ཁྱེད་རང་ད་དུང་སླེབས་མེད་པ་འདྲ།

    Reply
  3. tseten says:
    ལོ་ 17 སྔོན།

    སྦྱིན་བདག་དགོས་ན་གྲྭ་བ་བྱེད་དགོས་ཟེར་བ་རེད་ཇི་འདྲ་རེད་ངོ་མ་ཁྱད་མཚར་སོང་།་་་་་་་་་་་བོད་པའི་སྤྱི་ཚོགས་ནང་གི་སྦྱིན་བདག་ཟེར་བ་དེ་ལ་མཐོ་སྨན་དང་རྒན་གཞོན་སྐྱ་སེར་ཁྱད་མེད་ཡིན་པ་ཤེས་བཞིན་ཁྱེད་ཀྱི་སྒྲུང་བྱང་དེར་ད་ལྟར་འབྲི་དོན་གང་རེད།

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    དྲ་ཐོག་གི་སྤུན་ཟླ་ཚོ། ད་ནི་ཁྱེད་ཅག་གི་བློ་བཟང་ལ་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད། ཡིན་ཡང་། སེམས་འཁྲལ་མེད་པར་ག་ལེར་གཟིགས་དང་། དངོས་ནས་བློ་བཟང་འདིས་ག་རེ་བྱེད་རྩིས་འདུག

    Reply
  5. tseten says:
    ལོ་ 17 སྔོན།

    སྒྲུང་དེ་བཀླག་ཟིན་ཀྱང་སྒྲུང་གི་ཁ་ཡིག་མཐོང་དུས་ཡ་མཚན་བྱུང་སོང་།

    Reply
  6. free sopu says:
    ལོ་ 17 སྔོན།

    ད་ལ་ཕར་ཆེར་སྤྱིན་བདག་ཚང་གི་བུ་མོ་ཆུང་དང་མཉམ་དུ་འབྲེལ་བ་ཞིག་ཆགས་རྒྱུ་རེད་སྙམ་གི

    Reply
  7. chentsasopa says:
    ལོ་ 17 སྔོན།

    ངས་ཀྱང་རགས་ཙམ་བཀླགས་ཟིན།

    Reply
  8. Baichung says:
    ལོ་ 17 སྔོན།

    བློ་བཟང་གི་གཤིས་ཀ་དེར་འཐད་རྒྱུ་བོ་འཐད་ཀྱི། སྐྱེས་པ་ཕོ་ཞིག་ཡིན་རང་ཚུགས་ཐུབ་པ་གལ་ཆེན་ཡིན་རེད། མི་རེ་རེས་བཤད་ནོ་རྗེས་འདེད་བྱས་ན་ཡག་པོ་ཡོད་ནི་མ་རེད། རེད་དེ་གནས་ལུགས་དང་རྒྱུ་མཚན་ཡོད་ན་ལྟ་བ་མཁྲེགས་ཉན་གྱི་མ་རེད། ནོར་བུ་བཟང་མོ་དང་ཁ་མ་བྲལ་དེས་གནོད་སྐྱེལ་བའི་ཉེན་ཁ་ཡོད་རེད། ཨེ་ད་ཐེངས་ད་ལམ་ཁ་ཡག་པོ་ཞིག་གི་ལག་གཡུག་བྱ་བཞིན་ཡོད་གི་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese