ཁོང་ཚོ་ལྷ་རྩེ་རུ་འབྱོར་ནས་དགོང་མོ་དེར་མགྲོན་ཁང་ཞིག་གླས་པ་དང་། མགྲོན་ཁང་ནང་ནས་བློ་བཟང་གིས་དོ་ནུབ་ངེད་ཅག་མཚན་དཀྱིལ་དུ་འདི་ནས་ལམ་ལ་ཆས་དགོས་ཀྱི་ཡོད་པ་རེད། གང་ལྟར། ངེད་ཅག་གིས་བཀྲ་ཤིས་དོན་འགྲུབ་ཀྱིས་མི་ལ་གཡར་བའི་མི་གྲངས་ལག་ཁྱེར་དེ་འདི་ནས་བློས་གཏོང་མི་བྱེད་ཐབས་མེད་ཡིན། གང་ཡིན་ཟེར་ན། ང་ཚོས་མི་གྲངས་ལག་ཁྱེར་དེ་ཚུར་སྤྲོད་རོགས་གནོང་ཞེས་བཤད་ཐུབ་མེད་པ་དང་། དོ་ནུབ་ང་ཚོས་མགྲོན་ཁང་འདིའི་རྒྱབ་ལོག་ནས་ལམ་ལ་འབུད་དགོས་ཀྱི་ཡོད་པ་དང་། མི་གཉིས་དང་བོ་བྱས་དེ་མགྲོན་ཁང་གི་རྒྱབ་ལོག་དེར་སོང་ནས་སྒུག་ནས་བསྡོད། མི་རིང་བར་ང་ཚོས་འདི་ནས་ཅ་ལག་ཡོད་ཚད་སྒེའུ་ཁུང་ནང་ནས་མར་སྤྲོད་ཆོག མགྲོན་ཁང་ནང་གི་མི་ཚང་མ་ཉལ་ཟིན་པ་དང་ང་ཚོ་འགྲོ་ཆོག་ཞེས་བློ་བཟང་གིས་རང་གི་སྤུན་མཆེད་དང་ནུ་མོ་མཚོ་མོ་སྐྱིད། རྡོར་སྐྱབས། ཤེས་རབ་རྒྱ་མཚོ་བཅས་ལ་དེ་ནུབ་ཇི་ལྟར་མགྲོན་དང་ཁ་བྲལ་དགོས་པའི་སྐོར་ལ་སྐད་ཆ་བཤད་ནས་ཁོང་ཚོས་ལྷ་རྩེ་རྫོང་ཐོག་གི་མགྲོན་ཁང་དེ་ལས་དུས་ཚོད་ཁ་ཤས་ཤིག་གི་རིང་དེར་ངལ་གསོ་བྱས་པ་རེད།
བློ་བཟང་གིས། ཚང་མས་གཟབ་གཟབ་བྱས་དེ་ངས་རྗེས་སུ་ག་ལེར་ཤོག ང་ཚོ་ཕར་ཕྱོགས་ཀྱི་རི་མགོ་དེར་འཛེགས་དགོས་ཀྱི་ཡོད་པ་རེད། རི་འདབས་དེ་ན་གློག་འོད་ཁ་ཤས་ཤིག་མཐོང་བ་དེ་ནི་ལྷ་རྩེ་རྫོང་གི་གཉེན་རྟོག་རི་ཁུག་རེད་ཅེས་ག་ལེར་ཁོང་ཚོ་མགྲོན་ཁང་དེ་ཡི་རྒྱབ་ལོག་ནས་རི་བོ་དེ་ཡི་ཕྱོགས་སུ་ལམ་ལ་བུད།
རི་བོ་དེ་ཡི་འདབས་སུ་འགྲོ་བ་ལ་གཞུང་ལམ་མ་སྐོར་ཐབས་མེད་ཡིན་དུས། གཞུང་ལམ་དུ་འགྲོ་བ་ལ་རླངས་འཁོར་ཡར་འགྲོ་མར་འགྲོ་མི་ཉུང་བ་ཞིག་ཡོད་དུས། ཁོང་ཚོས་རླངས་འཁོར་རེ་ཡིས་གློག་འོད་རྒྱང་རིང་ནས་མཐོང་ཐེངས་རེར་སེམས་ལ་ངང་འཚུབ་སྐྱེ་ཞོར་རྡོ་དང་ས་དོང་རེ་ལ་གཡིབ་བཞིན་རི་འདབས་སུ་སླེབས་པ་དང་། མཚན་མོ་དེར་གནམ་གཤིས་ཀྱང་བཟང་རྒྱུ་མེད་ན་ཡང་། ཁོང་ཚོས་མུན་ནག་གི་ལམ་ཕྲན་ཁྲོད་ནས་བློ་བཟང་གི་རྗེས་སུ་གང་ཐུབ་ཅི་ཐུབ་བྱོས་དེ་འགྲོ་བཞིན་ཡོད་པ་རེད།
ཞོགས་པ་ནམ་མ་བླངས་གོང་ཙམ་ལ་ཁོང་ཚོ་ཚང་མ་རི་བོ་དེ་ཡི་སྒང་དུ་སླེབས་དུས། བློ་བཟང་གིས་ད་གཟོད་རང་ཉིད་སྔ་མོ་ལམ་ཁ་གང་ཞིག་བརྒྱུད་དེ་སོང་མིན་དེ་ཡི་ཐད་ལ་བསམ་བློ་ནང་དུ་གང་ཡང་འཁོར་རྒྱུ་མེད་པར་གྱུར་ནས། ཁོང་ཚོ་ལ་ང་ཚོ་འདི་ནས་སླར་ཡང་རི་བོ་ཕར་ཕྱོགས་ཀྱི་ལུང་བ་དེ་ཡི་ནང་དུ་འགྲོ་དགོས་ཀྱི་ཡོད་པ་འདྲ། དེ་ཡིན་དུས་ད་ནི་ཕྱི་དྲོ་བར་དུ་ང་ཚོ་འདི་ནས་རི་ཤོད་དུ་འབབ་མི་ཐུབ་པ་ཡིན་དུས། འདི་ནས་ཟ་མ་རེ་ཟོས་དེ་ངལ་གསོ་ཞིག་མི་བྱེད་ཐབས་མེད་རེད་ཅེས་བཤད་པ་དེར་ཚང་མས་མོས་མཐུན་བྱས་ནས་ཁོང་ཚོ་དེ་ནས་ཕྱི་དྲོ་བར་དུ་བསྡད་པ་རེད།
ཉི་མ་ཕར་ཕྱོགས་ཀྱི་རི་རྩེ་ནས་བཞུད་གྲབས་ཡོད་པའི་སྐབས་དེ་འདྲ་ཞིག་ལ་བློ་བཟང་གིས། ད་ང་ཚོ་ག་ལེར་ལམ་དུ་ཆས་ན་རེད། རི་ཤོད་དུ་སླེབས་དུས་ཏན་ཏན་སུ་རུབ་འགྲོ་ས་རེད་ཅེས་ཁོ་རང་སྔོན་མ་བྱས་ནས་རང་གི་ནུ་མོ་མཚོ་མོ་སྐྱིད་ལག་མགོ་ཁྲིད་ནས་ལྷ་རྩེ་རྫོང་གི་ཡར་འདབས་ཀྱི་རི་བོ་མཐོ་ས་དེ་ནས་ཁ་ཆར་བུ་ཡུག་འཚུབ་པའི་བར་གསེང་ནས་མར་བབས་པ་རེད།
བློ་བཟང་གིས་བཤད་པ་ལྟར། ཁོང་ཚོ་ཉིན་གསུམ་ཙམ་ལ་རི་བོ་དེ་ནས་མར་འབབ་པ་དང་རི་བོ་ཕར་ཕྱོགས་ཀྱི་ལུང་ཁུག་དེ་བརྒྱུད་ནས་སོང་ན་ཡང་། བློ་བཟང་ལ་འདི་ལམ་པ་རེད་འདུག་བསམ་པའི་སྣང་བ་ཞིག་གཏན་ནས་ཡིད་ལ་ཤར་རྒྱུ་མེད་པར་གྱུར་དུས་སུ། རོགས་པ་ཚོས་ཁྱེད་རང་གིས་དངོས་ནས་ལམ་ཁ་གསལ་བོ་ཞིག་དྲན་གྱི་མི་འདུག་ན། ང་ཚོ་འདི་ནས་རི་བོ་དེ་ཡི་སྒང་ལ་འཛེགས་ནས་ཡར་མར་ལ་ཞིབ་དུ་བལྟས་པ་ཡིན་ན་ལམ་ཁ་ཞིག་རྙེད་མི་ཡོང་ངམ་ཟེར་ནས་ཁོང་ཚོས་ཕར་ངོས་སུ་མཐོང་བའི་ལམ་ཕྲན་དེར་མཛུབ་མོ་བཙུགས་ནས་ཚང་མ་རི་བོ་གཞན་ཞིག་གི་མགོ་རུ་འགྲོ་རྒྱུའི་གྲོས་ཁ་འཆམ་པ་རེད།
དགོང་མོར་དེར་ཆར་བ་ཤུགས་ཆེན་པོ་འབབ་པ་དང་། རི་མགོ་ནས་སེར་དྲགས་ཀྱང་འབབ་ནས་དངོས་ནས་ཁོང་ཚོ་རྡོ་ར་ཆུང་ཆུང་ཞིག་གི་ནང་དུ་ཆུ་ཤོག་ཆེན་པོ་ཞིག་ཡོད་པ་དེ་ཡི་ནང་དུ་འཛུལ་ནས་ངལ་གསོ་བྱས་ཀྱང་། ཇེ་འཁྱག་ནས་ཇེ་སྡུག་དུ་སོང་བའི་སྐབས་དེར། བློ་བཟང་གིས། ཁོ་རང་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་དང་རྡོར་སྐྱབས་གཉིས་ལ་ཁོང་ཚོས་ཁ་གཏད་ཀྱི་རི་བོ་དེ་མགོ་ལ་སོང་ནས་རི་བོ་དེ་ཡི་གཡས་གཡོན་གང་རུང་དུ་འབྲོག་ཁྱིམ་འདྲ་མཐོང་རྒྱུ་ཡོད་མེད་ལ་ལྟ་རོགས་ཟེར་ནས་བཤད་པ་ལྟར། ཁོ་གཉིས་དེ་རུ་སོང་ནས་ཕྱིར་ཡོང་དུས། ཁོ་གཉིས་ཀྱིས་རི་བོ་དེ་ཡི་གཡས་ཕྱོགས་ཀྱི་ལུང་ཁུག་དེ་ནས་རི་སྡེ་ཞིག་མཐོང་གི་འདུག ང་ཚོ་དེ་རུ་སོང་བ་ཡིན་ན་བཟང་ས་རེད་ཅེས་བཤད་པ་དེར། བློ་བཟང་གིས་དེ་ནི་དངོས་ནས་ཐབས་ཤེས་ཡག་པོ་རེད། ང་ཚོ་འདི་ནས་ཡར་མར་གང་དུ་ཡང་མི་མ་སླེབས་པར་འཁྱག་ཤི་ཐེབས་པ་ལས། འཛིན་བཟུང་བྱས་ཀྱང་གོ་སྐབས་གསར་བ་ཞིག་ཡོད་པ་རེད་ཟེར་ཞོར་དུ། ནུ་མོ་མཚོ་མོ་སྐྱིད་ལག་མགོར་ཁྲིད་དེ་ཁ་ཆར་བུ་ཡུག་དྲག་པོ་དེ་ཡི་ཁྲོད་ནས་ཁོང་ཚོ་ལུང་ཁུག་དེ་ཡི་ཕྱོགས་སུ་ཆས་པ་རེད།
མུ་འགོད།
སྤུན་ཟླ་ཁྱེད་ཅག་གསུམ་པོ་ཕེབས་ནས་རང་རང་གི་བསམ་ཚུལ་དང་ཁ་གཡང་བོས་པ་དེར་དགའ་ཡོད། རྗེས་ཕྱོགས་ཀྱང་ཁོམ་པ་གང་ཡོད་ལ་ཕེབས་རྒྱུར་བལྟས་ནས་འདུག
བོད།ཤ་ཁྲག་རུས་གསུམ་ལགས། ལོ ་གསར་བཟང་།
དྲ་གྲོགས་སྐར་ཁྲི་བཙན་གྱི་ཐ་སྙད་གསར་བ་དང༌།བོད།ཤ་ཁྲག་རུས་གསུམ་གྱི་སྦྱིན་བདག་མི་དགོས། གྲྭ་བ་མི་བྱེད། སྙན་ངག་པ་གནམ་ལྕགས་ལགས་ཀྱི་ས་མཐའི་མི་བཅས་ག་དུས་མཇུག་རྫོགས་ཀྱི་རེད།
ངས་མདང་དགོང་སྒྲུག་གཏམ་ལེའུ་རྻབ་དང་ལྔ་བཅུ་ཅན་ཞིག་ཀློག་གིན་པའི་རྨི་ལམ་ཞིག་བཏང་བྱུང་སྟེ། ཕལ་ཆེར་ཁྱེད་ཀྱི་འདི་ཡིན་ས་རེད་ཀོ ཧྲ་ལ་བྱོས་ཧྲ་ལ་བྱོས། ཡིག་ནོར་ཇེ་མང་དུ་འགྲོ་ཡིན་འདུག་སྟེ་རྗེས་ནས་ཞུ་དག་བྱས་ན་འགྲིག་གི་རེད།