སུ་ལ་འཕོག་ཐུག་འགྲོ་བའི་ཆེད་དུ་ངས་གཏན་ནས་འབྲི་བཞིན་མེད། འདི་ནི་རང་ཉིད་བོད་རིགས་ཤིག་གི་ལས་དབང་འོག་དུ་ཡོད་སྟབས། བོད་མིའི་སྐྱིད་སྡུག་གི་འགག་འཕྲེང་དེ་ཉིད་འཐོར་ནས་བཤིག་བཞིན་ཡོད་པ་དེ་ཡི་སྐོར་ལ་ཞིག་ཞུ་འདོད་ཀྱི་ཡིན།
ཉེ་དུས་སུ་༧རྒྱལ་བ་རིན་པོ་ཆེ་ཚང་གིས་སྐུ་ངོས་སུ་ཨ་རིའི་གཞུང་ཚབ་ཁང་ལ་བོད་མི་རེ་ཟུང་གི་བྱས་ཉེས་ལ་བརྟེན་ནས་དགོངས་དག་ཁོང་གིས་བོད་མི་རིགས་ཀྱི་ཚབ་དུ་ཞུས་འདུག་པ་དེ་ཡི་སྐོར་ཡིན། ངས་སྔོན་ཆད་ནས་སྤུན་ཟླ་མི་ཉུང་བ་ཞིག་ལ་འདི་ལྟར་གླེང་མྱོང་ཡོད།
དེ་རིང་ངས་གང་གླེང་མྱོང་བ་དེ་དག་དྲ་ཐོག་ནས་གླེང་གི་ཡིན། དེ་ཡང་སྤུན་ཟླ་དག་གིས་ཤ་དང་རུས་པའི་གསེང་ནས་བསམ་བློ་བཏང་ནས་བསམ་ཚུལ་རེ་ཤོད། གནས་ལུགས་རེ་འཚོལ་རོགས། རྒྱུ་མཚན་ཐད་ཀར་ཡོད་ན་གསུང་རྒྱུ་མ་བརྗེད་ཅིག
དེ་ནི་ལོ་འགའི་སྔོན་ནས་བཟུང་། བྱེས་ཀྱི་གཙོ་བའི་བོད་ཀྱི་མི་རབས་གསར་བའི་སྙིང་ཁམས་སུ་ནད་ཚ་ཤུགས་ཆེན་པོ་ཞིག་བྱུང་ཡོད་པ་དེ་ཡིན། དེ་ནི་ཕྱི་རྒྱལ་ལ་འགྲོ་རྒྱུ་དེ་ཡིན། དེ་ཡི་ཆེད་དུ་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་བསྟེན་བཞིན་ཡོད། དེ་དག་ལ་ཡང་རྒྱུ་མཚན་མང་བོ་ཞིག་ཡོད་ཀྱང་། གནད་འགག་གི་སྐབས་སུ་གླེང་བར་བྱ་བ་ནི། བོད་མི་རིགས་ཀྱི་ཚོགས་པ་དང་བོད་གཞུང་གི་མིང་ཐོག་ནས་སྒེར་གྱི་ཁ་ལྟོ་གཉེར་མཁན་དེ་ཡི་སྐོར་ཡིན།
དེ་ཡི་སྐོར་ལ་དྲང་མོ་ཞུས་པ་ཡིན་ན། མི་སྒེར་ཞིག་ཕྱི་རྒྱལ་དུ་འགྲོ་བ་དེ་ནི་སྒེར་དོན་ཞིག་རེད་ལ། སོང་ཡང་དེ་ལ་དོན་མེད་དུ་སྐྱོན་བརྗོད་བྱེད་ཁག་པོ་རེད། མི་རེ་ལ་གནས་ལུགས་རེ་དང་རྒྱུ་མཚན་རེ་ཡོད་པ་རེད། དེ་ལ་འགག་པ་མི་བྱེད་ལ། སྐྱོན་བརྗོད་ཀྱང་བྱེད་འདོད་གནས་སྐབས་རིང་མེད། འགྲོ་སྟངས་ཀྱི་ཐད་ནས་ངས་སྐྱོན་བརྗོད་བྱེད་འདོད་ཡོད། འགག་འདོད་འདུག དེ་ནི་ལོ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་དེ། བོད་མི་ལྟོ་འདོད་ཆེན་པོའི་ནད་ཚ་དེ་དྲགས་བསྐྱེད་འགྲོ་རྒྱུ་ལས་སྡུག་དུ་ཕྱིན་པ་རེད།
བོད་གཞུང་གི་མིང་ཐོག་ནས་ཕྱི་བསྐྱོད་ལག་ཁྱེར་ཐོབ་ཐུབ་བྱེད་པ། ཐོབ་རྗེས་སུ་བོད་གཞུང་གི་མིང་ལས་རང་གི་ལྟོ་འདོད་ཆེ་བ། དགོན་པའི་མིང་ཐོག དེ་ནས་ཚོགས་པ་ག་གེ་མོའི་མིང་ཐོག་ནས་ཕྱི་བསྐྱོད་ལག་ཁྱེར་ཐོབ་རྗེས་སུ། ཚོགས་པ་སྐྱིད་སྡུག་གི་བརྟན་བརླིང་དང་། མ་འོངས་པའི་འབྲེལ་ལམ་ལ་འགན་མི་ལེན་པར་ངོ་ཚ་མེད་པར་སྤྲང་ཁྱི་བཞིན་བྲོས་འགྲོ་བ། ལྷག་པར་དུ་ཤེས་ཡོན་པའི་མིང་ཆེན་པོ་རེ་འཁུར་ནས་ཉེག་ཕྲ་བའི་དུས་འདིར་མི་རིགས་ཀྱི་བདེ་སྡུག་གི་མགྲིན་ཚབ་ཀྱི་སྟེགས་བུར་བསྡད་ནས་ལོ་མང་ཞབས་ཞུ་བྱས་ཀྱང་། མཐར་རང་ཉིད་ཀྱི་ཁེ་ཕན་ཕྲག་ཚེགས་ཤིག་གི་ཆེད་དུ་རྒྱལ་ཁབ་གཞན་དག་གིས་བོད་མིའི་ཤེས་ཡོན་པར་མཐོང་ཆེན་བྱེད་པའི་ལམ་ཁ་དེ་མེད་པར་བཟོ་བ། འདི་དག་གི་རིགས་ཡིན།
འདི་དག་ལ་ང་ཚོ་བོད་མི་དག་གིས་དོག་གཟོན་བྱེད་དགོས་པ་མ་ཟད། སྐྱོན་བརྗོད་ཀྱང་ཤུགས་ཆེན་བྱེད་དགོས་ལ། རྗེས་སུ་འདི་ཡི་རིགས་ལ་སླར་ཡང་གོ་སྐབས་གཏན་ནས་མི་སྤྲོད་པ་དང་། ཉེས་ཅན་དེ་ཡི་རིགས་རྗེས་སུ་བོད་མི་རིགས་ཀྱི་གནད་འགག་ཆེ་བའི་ལས་སྣེ་ཡི་རིགས་ལ་ཞུགས་པར་སྔོན་འགོག་བྱེད་དགོས།
སྤྱིར་ན། བོད་མི་དག་ཕྱི་རྒྱལ་དུ་འགྲོ་བའི་ནད་ཚ་འདི་ཚབ་ཆེན་པོ་ཆགས་ཡོད་སྟབས། དེ་ལ་ངོ་རྒོལ་བྱེད་པར་ཡང་ང་ལྟ་བུ་ཞིག་གིས་འཇོན་པ་མེད་ལ། སྐད་འགག་རེག་བར་དུ་བཤད་ཀྱང་གོ་མཁན་མེད་ངེས་ཡིན། འོན་ཀྱང་། མི་རིགས་ཀྱི་མིང་ཐོག་ནས་འགྲོ་བ་དང་། དགོན་པ་དང་ཚོགས་པ་སྐྱིད་སྡུག་གི་མིང་ཐོག་ནས་འགྲོ་བ་འདི་དག་དངོས་ནས་བསམ་བློ་གཏོང་རན་རེད།
སྒེར་དོན་དུ་ཕྱི་རྒྱལ་ལ་འགྲོ་ན་སོང་། ཡིན་ཡང་། བོད་མིའི་མིང་བཙོང་ནས་མ་འགྲོ རང་གིས་དཀའ་སྤྱད་སྡུག་རུས་ལ་བསྟེན་ནས་སོང་། གཞན་གྱི་མཐུན་འབྲེལ་རོགས་རམ་ལ་བསྟེན་ནས་སོང་། མི་རིགས་ཀྱི་མིང་བརྫད་དེ་མ་འགྲོ ཚོགས་པའི་འབྲེལ་ཐག་བཅད་དེ་མ་འགྲོ རྒྱལ་བ་རིན་པོ་ཡི་དགོངས་དག་ཞུ་དགོས་པའི་ལས་ཀ་བྱོས་དེ་མ་འགྲོ མཐའ་མཇུག་དུ། བོད་དོན་བྱེད་མི་ཐུབ་ཀྱང་། བོད་དོན་བྱེད་མཁན་གྱི་སྤུན་ཟླ་དག་གི་ཟམ་པ་མ་གཏོར་རོགས། མ་བཤིག་རོགས། ངས་ཁྱེད་ཅག་ལ་ཞུ་བ་བྱེད།
དངོས་ནས་ཁྱེད་ཅག་ཕྱི་རྒྱལ་དུ་འགྲོ་འདོད་ཡོད་ཀྱང་འགྲིག་གི་རེད། དེ་ནི་ཁྱེད་རང་གི་སྒེར་དོན་རེད། སོང་ན་ལོས་འགྲིག འགྲོ་སྟངས་དེར་དངོས་གནས་ཐུགས་བསམ་ལེགས་པོ་ཞིག་བཞེས་ཤིག ཤ་ཁྲག་གི་འབྲེལ་བ་དམ་པའི་བོད་རིགས་སྤུན་ཟླ་ཚོ།
དྲ་གྲོགས་ཚོ། ཉེ་ཆར་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཁོང་གི་ཟིན་བྲིས་སུ་བསམ་ཚུལ་ཞིག་སྤེལ་ཡོད་པ་དང་། དེའི་ནང་གསུང་བཤད་ཅིག་གི་གློག་བརྙན་ཁུངས་སྐྱེལ་དུ་བཞག་ནས་གསུང་བཤད་དེའི་ནང་དོན་གྱི་ཐོག་ལ་ཧ་ལས་པའི་སྒོ་ནས་སྐྱོན་བརྗོད་དང་བློ་ཕམ་བྱས་འདུག གནད་དོན་འདིའི་ཐད་འདི་ལ་ལྟ་ཚུལ་གང་ཡོད་ཀྱང་དོ་སྣང་ངེས་པར་བྱེད་དགོས་པ་ཞིག་རེད། གཤམ་ལ་འཇམ་དབྱངས་ནོར་བུ་ལགས་ཀྱི་དྲ་བ་དང་། གློག་བརྙན་གྱི་འབྲེལ་ཐག་བཅས་བཞག་ཡོད། གནས་ཚུལ་འདི་ལ་ཕྱོགས་ཡོངས་ནས་དོ་སྣང་བྱེད་རོགས། དྲ་གྲོགས་ཚོ།
༡ འཇམ་དབྱངས་ནོར་བའི་ཟིན་བྲིས་ཀྱི་ནང་བཀོད་པའི་རྩོམ་དང་བཅས་པའི་ཁ་བྱང་། http://www.jamyangnorbu.com/blog/2010/09/10/dangerous-liaison-i/
༢ འཇམ་དབྱངས་ནོར་བུ་ལགས་ཀྱི་ཟིན་བྲིས་སུ་དྲངས་པའི་གསུང་བཤད་གློག་བརྙན་གྱི་དྲ་ཐག http://www.youtube.com/watch?v=c-_7sBcuyqA&feature=player_embedded
བྱ་གཞུང་དཔལ་རྡོར་དང་མིག་གསུམ་པ་ལགས། ཁྱེད་གཉིས་ཕེབས་པ་དངོས་ནས་དགའ་བོ་བྱུང་། བདག་གིས་འདི་ན་གླེང་བཞིན་པ་དེ་ནི་གསལ་བོ་ཡིན། རྣམ་པ་གཉིས་ཀྱི་གཙོ་བའི་སྤུན་ཟླ་དག་གིས་ཀྱང་རང་གི་མི་རིགས་འདི་ཉིད་བསམ་ན་སྐད་ཆ་དྲང་མོ་རེ་ཤོད། དྲང་མོ་རེ་བྱོས། ལྟོ་དོན་དང་སྒེར་དོན་གཅིག་བུའི་ཆེད་དུ་དོན་མེད་དུ་འགན་འཁུར་མེད་པའི་ལས་ཀ་མ་བྱས་ན་ཡག་པོ་འདུག དེ་ཡིན། ཚང་མས་བསམ་བློ་ཐོངས། རང་ཉིད་བོད་ཡིན་པ་དེར་བསམ་བློ་ཐོངས།
སྤྱིར་བཏང་བཤད་ན། བཙན་བྱོལ་དུ་གནས་པའི་བོད་མི་སུ་ཞིག་ཕྱི་རྒྱལ་འགྲོ་ཆོག་མི་ཆོག་ཟེར་བ་མི་གཅིག་གིས་བཤད་ནས་ཚོད་དུ་ཐུག་པ་ཞིག་མ་རེད་དེ། ཕྱི་རྒྱལ་དུ་འགྲོ་བ་ལ་ལུགས་མཐུན་གྱི་སྒོ་ནས་སོང་བ་ཡིན་ན་བདག་གཞན་གཉིས་ཀར་གླེང་རྒྱུར་གང་ཡང་ཡོད་པ་མ་རེད།
གང་ལྟར། ལུགས་མཐུན་གྱི་སྒོ་ནས་སོང་བ་ཡིན་ནའང་འདྲ། ཁྲིམས་འགལ་གྱི་སྒོ་ནས་སོང་བ་ཡིན་ནའང་འདྲ། ཕྱི་རྒྱལ་དུ་སོང་ཚར་རྗེས་ནམ་ཡང་སེམས་ཀྱི་གཏིང་རིམ་ལ་ཉར་དགོས་པ་དེ་རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་འདོར་མི་ཉན་པ་དེ་རེད།
རང་ཉིད་བོད་པ་ཡིན་པའི་འདུ་ཤེས་མ་དོར་བ་ཡིན་ན་དུས་ནམ་ཞིག་ལ་རང་ཉིད་ཀྱིས་རང་ཉིད་ལ་ཚ་འདྲི་བྱེད་སྲིད་ལ། དེ་དུས་འདས་ཟིན་པའི་ལོ་ཟླར་ཕྱིར་རྟོགས་ཐེངས་གཅིག་བགྱིས་པ་ཡིན་ན་བོད་མི་མང་ལ་ཞབས་འདེགས་ཞུ་བསམ་པའི་ཀུན་སློང་ཞིག་གིས་བསྐུལ་ཏེ་བོད་རིགས་སྤུན་ཟླ་དག་སེམས་ངོར་འཁོར་སྲིད། དེ་ནི་ཐད་ཀར་དུ་བརྗོད་ན་གང་ཉིད་རུས་པ་སྲ་མོ་ཡིན་པའི་རྟགས་མཚན་ཞིག་གོ།
བོད་གཞུང་དང་༸གོང་ས་མཆོག་སུས་ཀྱང་བོད་མི་ཕྱི་རྒྱལ་ལ་འགྲོ་བ་དེར་དགག་པ་རྒྱག་གི་མེད། ཡིན་ནའང་ཕྱི་རྒྱལ་ལ་འགྲོ་ཆེད་ཁྲིམས་དང་བཟང་སྤྱོད་དང་འགལ་ཏེ་འགྲོ་བ་དེ་དག་ཅིས་ཀྱང་འགོག་དགོས་བ་ཞིག་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། དེ་བོད་མི་སྤྱིའི་མཚན་མཐོང་དང་བོད་མིའི་སྤྱི་དོན་ལ་གནོད་ཀྱི་ཡོད། ད་སྐབས་ཕྱི་རྒྱལ་གཞུང་ཚབ་ཁག་གིས་བོད་མི་ཞིག་ཡིན་ཕྱིན་ཁྲམ་པ་ཞིག་ཡིན་པར་བསམ་གྱི་ཡོད་ལ། དེ་ལ་བརྟེན་ནས་བོད་སྤྱི་བའི་དོན་སྒྲུབ་པར་རྒྱལ་སྤྱིའི་སྡིངས་ཆ་རྣམས་སུ་ཚོགས་ཞུགས་བྱེད་པ་རྣམས་ཡང་འགག་འགྲོ་གི་ཡོད། གང་ལྟར་རང་དོན་ཅི་འདྲ་ཞིག་གལ་ཆེ་ནའང་སྤྱི་བའི་མཚན་མཐོང་ལ་གནོད་པའི་བྱ་སྤྱོད་རིགས་ངེས་པར་དུ་ཐབས་ཤེས་ཅི་ཡོད་ཀྱིས་འགོག་དགོས་བ་རེད། ད་སྐབས་སྒོར་འབུམ་མང་པོ་བཏང་སྟེ་ཕྱི་རྒྱལ་ལ་འགྲོ་གི་ཡོད་པ་དེ་ཅིས་ཀྱང་གཏན་འགོག་བྱེད་དགོས། འདིའི་ཐད་ལ་བོད་གཞུང་བདེ་སྲུང་དང་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་འཆར་ཞིག་བརྩམ་དགོས་བ་རེད། ཉུལ་ཞིབ་པ་འདྲ་མིན་འཇོག་དགོས་བ་རེད། དེ་མིན་རྒྱལ་སྤྱི་ཚོགས་འདུ་དང་སློབ་སྦྱོང་སོགས་ལ་འགྲོ་མཁན་ཚོར་ཐབས་ཤེས་ཅི་ཡོད་འཚོལ་དགོས་བ་རེད། བོད་གཞུང་གིས་རྒྱལ་ཁག་དེ་དག་གི་མི་སེར་ལས་ཁུངས་ལ་འབྲེལ་བ་བྱས་ཏེ་ལས་འཆར་རྩོམ་ཐུབ་ན་ཅུང་ཕན་ཐོགས་པར་སྙམ།
ཅོ་རི་ཉི་མ་ལགས། ངས་ཕྱི་རྒྱལ་དུ་འགྲོ་མཁན་དག་འགོག་གི་མེད། དེ་ནི་སྐྱེ་བོ་སྒེར་གྱི་ཐོབ་ཐང་ཞིག་དང་འཚོ་བ་བསྐྱེལ་ལུགས་ཤིག་རེད། ངས་གང་ཡང་བཤད་མེད། འོན་ཀྱང་། ཉིད་ནས་གོ་བ་ལོག་ནས་སྐད་ཆ་བཤད་འདུག ཞིབ་དུ་ཀློག་རྗེས་སུ་བསམ་ཚུལ་བསྐྱར་དུ་བྲིས་ཀྱང་དགའ་བསུ་ཡོད་ལགས།
གནམ་ལྕགས་ལགས། ཁ་བརྡུང་ཞིག་གཏོང་འདོད་ཡོད་པ་མིན་ཡང་། བདེན་པའི་ཆེད་དུ་སྐད་ཆ་ཞིག་བཤད་པ་དེ་ནི་སྐྱེ་བོ་སྒེར་གྱི་ལྟོ་དོན་དུ་བཤད་མེད་ལ། མི་རིགས་ཤིག་གི་བདེན་དོན་དུ་བཤད་པ་ཡིན། སྐྱེ་བོ་སུ་ཡིན་ཡང་ཕྱི་རྒྱལ་དུ་འགྲོ་འདོད་ཡོད་ཀྱང་སོང་ན་འགྲིག་གི་རེད། ངས་ཁྲིམས་བཤད་ཀྱི་མེད། ཁྲིམས་འགལ་ཡིན་མིན་དེ་ནི་ང་ཚོས་གསལ་ཁ་བྱེད་ཁག་པོ་ཆགས་ཡོད། གང་ཡིན་ཟེར་ན་ང་ཚོ་ནི་ད་ལྟ་གང་དུ་བསྡད་ཀྱང་ཁྲིམས་འགལ་གྱི་རིགས་ཤིག་ཆགས་ཡོད་པ་རེད། དེ་ནི་གཅིག་བྱས་ན་ཁྲིམས་བཟོ་མཁན་གྱི་མི་དེ་དག་ལན་ཡོད་ན་ཐང་། གང་ལྟར། ཕྱི་རྒྱལ་ལ་འགྲོ་བ་དེ་ནི་སྐྱེ་བོ་སྒེར་གྱི་དོན་དུ་འགྲོ་བཞིན་ཡོད་ན། སྐྱེ་བོ་སྒེར་ནས་ཐབས་ཤེས་གཏོང་ཞེས་ཞུས་པ་དེ་ཡིན།
འཇམ་མགོན་ལགས། ཡུན་རིང་གི་རྗེས་སུ་མཇལ་བ་སྤྲོ་བོ་བྱུང་། མགོ་དཔོན་ལྟས་ངན་རེ་ཟུང་གི་མི་བཙོང་བྱེད་པ་དང་མི་རིགས་ཀྱི་མིང་འཁུར་ནས་བརྫིག་པོ་བྱེད་ཀྱི་འདུག དེ་དག་གི་བྱེད་ན་ང་ཚོས་ཀྱང་བྱེད་དགོས་པ་རེད་ཟེར་ན་ང་ཡིས་དེ་ལ་ཁས་ལེན་བྱེད་མི་ཐུབ། ཕྱི་རྒྱལ་དུ་འགྲོ་མིན་དེ་ནི་སྐྱེ་བོ་སྒེར་རེ་རེ་ཡི་རང་དབང་ཡིན་པའི་སྐོར་ངས་གོང་དུ་ཞུས་ཟིན། འགྲོ་སྟངས་མི་གཞན་དག་གི་བྱས་ཉེས་དེ་ལ་ལད་ཟློས་བྱེད་ཐུབ་པ་ཡིན་ན་དེ་ནི་ཡག་པོ་འདུག་ཟེར་ནས་ཉིད་ནས་ཨུ་ཚུགས་རྒྱག་གི་ཡོད་ན་ནི་དངོས་ནས་མཚར་བོ་རེད། ང་ཚོ་ནི་བོད་མི་རིགས་ཀྱི་དོན་དུ་སྐད་ཆ་བཤད་མཁན་གྱི་གྲངས་དུ་འདུ་བའི་ཁུལ་རེད། འུ་ཅག་གིས་འགན་ཞིག་བླངས་དེ་སྐད་ཆ་དྲང་མོ་མ་བཤད་པ་ཡིན་ན། ད་གཟོད་ལྟད་མོ་ཡོད་རྒྱུ་རེད། གཏམ་དཔེ་གཞན་ཞིག་ཡོད་ཀྱང་བཙན་དྲགས་པ་འདྲ། སྐྱུར་ཞོག
གཅེན་པོ་ལགས། ཁོང་ཚོ་ལ་ལག་ཁྱེར་དེ་དག་ཡོད་མེད་མི་ཤེས་ལགས།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་དེ་དག་ལ་འཕྱ་ཁྲལ་རང་དབང་ལག་དེབ་རེག་གི་འདུག་ཟེར་ན་དེ་ཡང་ངས་རྒྱུ་མཚན་གསལ་བོ་ཞིག་མི་ཤེས། ཁོང་ཚོ་ལ་ཁུངས་བསྐྱེལ་འདྲ་ཡོད་ངེས་ཡིན་རྒྱུ་རེད། གཅིག་བྱས་ན་དེ་དག་གི་ཁོང་ཚོ་བོད་མི་ཡིན་པར་ཁས་ལེན་བླངས་པ་ཡིན་འགྲོ
འབྲོང་བུ་ཟླ་བ་ལགས། དེང་སང་ཉིད་རང་མི་རིགས་སྣ་འདུས་ཀྱི་སློབ་གླིང་དེར་བདེ་ཐང་ཡིན་པར་རེ་བ་དང་བཅས་འཚམས་འདྲི་ཡོད། ཉིད་ནས་བདག་གི་བསམ་ཚུལ་ཀློག་གིན་པ་དེར་དགའ་ཡོད། བདག་གིས་ཉིད་ལ་རྟག་དུ་མ་འོངས་བོད་ཀྱི་སོན་རྩ་ཞིག་དུ་ངེས་འཛིན་བྱེད་ཀྱི་ཡོད། ཨ་མའི་བུ་ཤུ་རེ་བྱོས། མཚམས་རེར་དངོས་མཐོང་མྱོང་གསུམ་གྱི་ཟིན་བྲིས་རེ་སྤེལ་རོགས་ཞུ།
དྲ་གྲོགས་ཤ་རུས་ཁྲག་དང་སྤོབས་མཐའ་ཡས་ཁྱེད་རང་གཉིས་ཀྱིས་བོད་མི་ཉམ་ཐག་ཚོའི་འཚོ་བ་ལ་བསམ་གཞི་རེ་བྱེད་ན་དགའ་གི་མ་རེད་པས།
སོ་སོར་ག་ཡོད་ངོ་ཤེས་པས་ཐོག་ནས། བོད་མི་ཉམ་ཐག་ཚོ་ལ་བདེ་སྐྱིད་མེད་ན་བོད་རང་བཙན་ཐོབ་ཀྱང་ཕན་ཐོགས་ག་རེ་འདུག་གམ།
གཙོ་བོ་ང་རང་ཚོས་འབད་བརྩོན་བྱས་ས་དེར་འཚོ་བའི་བདེ་བ་མ་རེད་པས།
འཇིག་རྟེན་གཏམ་དཔེར།
ཆོས་མི་ལ་བཤད་དུས་བོན་རྒན་མཁས་་་་་་སྡུག་རང་རྩ་འཁོར་དུས་འདྲ་འདྲ་་་་ཟེར་བ་དེར་བསམ་བློ་རེ་གཏོང་ཡ་མེད་འགྲོ
ཨ་རོགས། འདི་ལ་ད་ལགས་སོ་ཅིག་ཟེར་མི་ཐུབ་ཀི ངས་བལྟས་ན་འགྲོ་སྟངས་འདི་ད་དུང་ཡག་གི དེ་མིན་སྒོར་འབུམ་མང་བོ་བྱིན་ནས་འགྲོ་མཁན་དག་ལ་བལྟས་ན་འདི་ཡག་གི འདི་ཁྲིམས་མཐུན་རེད་འདོད་ཀི མི་སུ་ཡིན་རུང་ཁོ་ལ་ཕྱིར་བསྐྱོད་ལག་འཁྱེར་ཐོབ་རྒྱུའི་འཇོན་ཐང་ཡོད་སོང་ན་དེ་ལྟར་སོང་སྟེ་མ་ཡོང་ན་འགྲིག་གི་བསམ་གི རྗེས་ནས་བོད་པ་ནང་ཁུལ་ནས་ཉ་གེ་ཉོག་གེ་རེ་བཤད་ནས་མ་བསྡད་ནa་སྐྱོན་མེད་ཀི་འདོད། དྲང་མོར་བཤད་ན་དཔོན་པོ་ཚོ་སོང་ནས་མི་སེར་བཟོས། ཁང་བརྩེགས་བསླངས་བྱས་ཏེ་ཕྱིར་འཁོར་ནས་འདྲ་ཆགས་པོ་བྱེད་ཀྱིན་པར་ལྟོས་དང་། དེའི་གཤམ་འོག་གི་མི་སེར་དཀྱུས་མ་ཚོས་གོ་སྐབས་འདི་འདྲ་ཞིག་བཙལ་ནས་མི་འགྲོ་ག་མེད་ཡིན་ཡ། དེར་རང་དགར་ཁ་བརྡུང་གཏོང་ཨེ་ཉན་མི་ཤེས་ཀི གྲོགས་པོ།
བོད། ཤ་ཁྲག་རུས་གསུམ་ལགས་སྐུ་བདེ། བོད་གཞུང་གི་མགོའི་ཏོག་འདྲ་བོ་ཚོ་ཡང་ཕྱི་རྒྱལ་ལ་ཤོར་འགྲོ་བཞིན་ཡོད། ཁོ་ཚོ་འགྲོ་ཆོག་ཆོག་རེད། བོད་དོན་ལ་བསམ་བློ་གཏོང་གི་མ་རེད། དེ་བས་མི་དཀྱུས་མ་ཚོ་འགྲོ་དགོས་དགོས་དང་རང་རང་གི་ལྟོ་རྒྱབ་ལ་བསམ་བློ་གཏོང་དགོས་པ་རེད། ད་དུང་ཁོ་ཚོས་ཞོར་ལ་བོད་ཀྱི་བླ་ཚོང་ནི་མ་རེད་ལ་ཕན་འདོད་ནི། མགོ་དཔོན་པོ་ཚོ་རང་ཉིད་གཅིག་པུ་མ་གཏོགས་སེམས་ན་ཅང་མེད།
སྒེར་པ་དེ་དག་ཕྱི་རྒྱལ་དུ་འགྲོ་སྐབས་བོད་གཞུང་དང་འབྲེལ་པའི་ལག་འཁྱེར་སམ་ཡང་ན་ངོ་སྤྲོད་ཡང་ན་སྣེ་ལེན་ཁང་གི་འབྱོར་ཐོ་ལ་སཽགས་པ་འཁྱེར་རྒྱུ་ཡོད་པ་རེད་དམ་མ་རེད།
ད་དུང་རང་དབང་དཔྱ་དངུལ་གྱི་ལག་དེབ་རོང་པ་དང་ཧི་མ་ལ་ཡའི་མི་མང་པོ་ཞིག་ལ་ཐོབ་གྱི་འདུག་དེ་དག་ག་འདྲ་རེད།
ངས་ལྟས་པ་ཡིན་ན་སྐབས་བབས་ཀྱི་ལས་བྱེད་པས་ལས་དོན་ཡག་པོ་མི་བསྒྲུབ་པར་ཉེ་དགའ་ཕྱོགས་ཞེན་གྱི་བྱ་བ་ཞིག་གནང་གི་ཡོད་པའི་སྐྱེན་རེད།
ཤ་ཁྲག་རུས་གསུམ་ལགས།
གླེང་མོལ་ཐན་ཐུན་དེའི་རྗེས་ནས་ཁྱེད་ཀྱིས་གླེང་རྒྱུ་ཡིན་པའི་གནད་དོན་གང་མང་ཞིག་གླེང་བཞིན་སླེབས་བྱུང། ཡིད་སྨོན་འཆོར་ནི་ཞིག་རེད། བཤད་དགོས་པ་ཞིག་བཤད་དགོས་པ་རེད་ལ། འབྲི་དགོས་པ་ཞིག་འབྲི་དགོས་པ་རེད། འདི་ནི་མང་གཙོའི་ཐོབ་ཐང་རེད་ལ། ཡར་རྒྱས་ལ་འགྲོ་བའི་ཐབས་ལམ་ཡང་རེད། ངས་ད་དུང་ཡང་ཉན་ནས་ཡོད། གླེང་མ་ཐུབ་པའི་གནད་དོན་དག་གླེང་དགོས་པར་གདའ།
གཅེན་པོ་ལགས། ཉིད་ཀྱིས་གསུངས་དེ་ལ་རྒྱུ་མཚན་དངོས་ནས་ཡོད་ཡོད་པ་རེད། ཡིན་ཡང་། བོད་སྤྱིའི་མིང་འཁུར་མཁན་དེ་དག་གི་ཁྲོད་དུ་གཞུང་འབྲེལ་མིན་པའི་སྒེར་བ་ཡང་ཡོད་པ་རེད་ལགས། དེ་ཡི་སྐོར་ལ་ཡང་བསམ་བློ་ཞིག་ཐོངས་དང་།
སྲ་མོ་རྡོ་ལགས། ངས་འདི་ན་ཁྲིམས་བཤད་ཀྱི་མེད་ལགས། ངས་འདི་ན་བོད་མི་རིགས་ཀྱི་མིང་འཁུར་ནས་རང་དོན་སྒྲུབ་ནས་བོད་མི་རིགས་ཀྱི་མདུན་ལམ་བློས་གཏོང་བྱེད་འཕོད་མཁན་གྱི་མི་དེ་ཡི་རིགས་ལ་བཤད་ཀྱི་ཡོད། མི་སུ་ཞིག་ལ་མཚོན་ན་ཡང་རང་དོན་དང་སྤྱི་དོན་གང་བྱེད་རྒྱུའི་འདམ་ག་མི་སོ་སོ་ལ་ཡོད་པ་རེད། དེ་ཡིན་དུས་སྤྱི་དོན་ལ་དམ་བཅའ་བཞག་ནས་སྒེར་དོན་སྒྲུབ་པ་དེ་ནི་འོས་པོ་མི་འདུག་ལ། མི་རིགས་ཀྱི་ལམ་པ་ནག་པོ་བཟོ་བཞིན་ཡོད་པ་དེ་ཡི་སྐོར་ཞུ་བཞིན་ཡོད་ལགས།
བསྟན་འཛིན་དཔལ་སྒྲོན་ལགས། དུས་ཚོད་ཁོམ་དུས་ཤིག་ལ། བསམ་ཚུལ་ཡོད་དུས་ཤིག་ལ། ག་ལེར་ཕེབས་ཤོག ངས་སྒོ་ག་དུས་ཡིན་ཡང་ཕྱེ་ནས་ཡོད།
ཕུན་ཚོགས་ལགས། ངས་ཀྱང་མི་ནི་འཚོ་བ་ལ་མ་བརྟེན་པར་མི་ཡུལ་འདིར་སུ་ཡང་འཚོ་གནས་བྱེད་མི་ཐུབ་ཤེས་ཀྱི་ཡོད་ལགས། དེ་ཡི་སྐོར་ལ་ཞིབ་དུ་བསམ་བློ་གཏོང་ཁུལ་གྱིས་གོང་གི་རྩོམ་ཆལ་འདི་བྲིས་པ་ཡིན། ཉིད་ནས་འཚོ་བའི་ཆེད་དུ་གང་ཡང་བྱེད་རུང་བར་གསུངས་པ་དང་། ངས་འཚོ་བའི་ཆེད་དུ་བྱེད་སྟངས་ལ་མ་འདྲ་བ་དང་། ཕྱི་རྒྱལ་དུ་འགྲོ་འདོད་ཀྱང་འགྲོ་སྟངས་ཀྱང་མ་འདྲ་བར་ཡོད་པར་བཤད་ཡོད། ཡིན་ཡང་། ཉིད་ནས་ཚིག་ཅུང་གཡོན་དུ་འཁྱེར་འདུག་ལགས། འོན་ཀྱང་། བསམ་ཚུལ་ལྷུག་པོར་གསུངས་པ་དེར་དགའ་ཡོད།
སྤོབས་པ་མཐའ་ཡས་ལགས། ཉིད་ནས་བདག་གི་རྩོམ་ཆལ་འདི་ཞིབ་དུ་བཀླགས་ཟིན་པ་ཤེས་སོང་ལ། གོ་བ་ཡང་ཞིབ་དུ་བླངས་དེ་བསམ་ཚུལ་གསུངས་འདུག ང་ཚོས་དངོས་ནས་འགན་ཞིག་བླངས་དེ་སྐད་ཆ་རེ་བཤད་ཐུབ་པ་ཡིན་ན་ད་གཟོད་རེ་བ་ཞིག་ཡོད་ངེས་ཡིན་ལགས། ཐུགས་རྗེ་ཆེ།
ནཱ་གྷཱ་རཀྵ་ལགས། ཉིད་ནས་དེ་ལྟར་གསུངས་པ་དེར་ངས་འགག་གི་མེད་ཀྱང་། ངས་གོང་དུ་ས་མཚམས་གསལ་བོ་ཕྱེ་ནས་བཞག་ཡོད་ལགས། དེ་ལ་བསམ་བློ་ཐོངས་ཤིག མིན་ན་ཡང་བསྐྱར་ཞིབ་དུ་བཀླགས་རྗེས་སུ་སྒེར་གྱི་བསམ་ཚུལ་ཞིག་གསུང་ན་འགྲིག་གི་རེད་ལགས།
ཟ་ལེ་རྒྱལ་ལགས། འུ་གཉིས་ཀྱིས་སྐད་ཆ་འདི་བཤད་པ་ལ་འོས་འབབ་མེད་པར་གསུངས་ཀྱི་ཡོད་པ་དེར་ང་རང་གིས་མོས་མཐུན་མི་བྱེད། གང་ཡིན་ཟེར་ན་འུ་གཉིས་ཀྱིས་རང་རང་གི་སྒེར་དོན་ལ་བོད་དོན་གྱི་མིང་ཞིག་འཁུར་ནས་ཕྱི་ལོག་དུ་བྲོས་མེད་ལ། ད་ལྟ་བར་དུ་བོད་དོན་གྱི་མིང་འཁུར་ནས་བོད་མི་རིགས་ལ་ཞབས་འདྲེན་ཞུས་མེད་ཟེར་ན་མ་འགྲིག་པ་མེད། ཞབས་འདྲེན་ཞིག་ཞུས་ཡོད་པ་དེ་ནི་རང་རང་གི་སྒེར་དོན་འདམས་ནས་མི་རིགས་གཞན་གྱི་བུད་མེད་དང་རིགས་རྒྱུད་སྤེལ་བ་དེ་ཡིན། དེ་ནི་ངས་ཀྱང་སྔོན་ཆད་ནས་རང་གི་ནག་ཉེས་ངེས་ལེན་བྱོས་ཡོད་ལ། ད་ལྟ་ཡང་ནག་ཉེས་དེ་ལས་ཐར་ཐབས་མེད་པ་ཤེས་ཀྱི་ཡོད་ལགས།
དེ་དག་གི་འགན་ཚང་མ་ནི་བོད་གཞུང་གི་གཞུང་ཞབས་པ་ལ་ཡོད་པ་རེད།
ཡིག་ཆ་སྤྲད་མཁན་གཞུང་ཞབས་པ་རེད་པ།
གཞུང་ཞབས་པས་ནོར་ན་གཞུང་གི་འགན་འཛིན་པས་ནོར་འཁྲུལ་ངོས་ལེན་བྱས་པ་དེ་ལུགས་མཐུན་ཞིག་རེད།
གཙོ་བོ་གཞུང་ཞབས་པའི་ལས་ཀའི་སྤུས་ཚད་ཡག་པོ་བསྒྲུབ་མི་ཐུབ་པས་བྱས་པ་རེད།
༧གོང་ས་མཆོག་གི་དགོངས་དག་ཞུ་དགོས་པ་དེ་གཞུང་ཞབས་པས་བཟོས་པ་རེད།
རང་སྐྱོན་ཁྲིམས་མཐུན་ཡིན་ཚུལ་དང་གཞན་སྐྱོན་ཁྲིམས་འགལ་ཡིན་ཚུལ་ཨུ་ཚུགས་ཀྱིས་བསྒྲུབས་མ་བསྒྲུབ་མི་འདུག ཁྲིམས་མཐུན་གྱིས་ཕྱི་རྒྱལ་ལ་སོང་ནས་ཁྲིམས་འགལ་གྱིས་བསྡད་པ་དེ་ཛ་དྲག་རེད་ཟེར་ན་ཁྲིམས་འགལ་གྱིས་སོང་ནས་ཁྲིམས་འགལ་གྱིས་བསྡད་ཡོད་པ་དེ་ཚོ་ཅི་བྱེད། སྥྱིར་འཛིན་གླིང་གི་རྒྱལ་ཁབ་གཅིག་ལ་སྐྱབས་བཅོལ་ཞུས་ཏེ་ཐོབས་ཡོད་པའི་མི་ཞིག་གིས་སྐྱབས་བཅོལ་གཉིས་ཞུ་མི་ཆོག་པ་རྒྱལ་སྤྱིའི་ཁྲིམས་ཡིག་རེད། བོད་པ་ཕྱི་རྒྱལ་ན་སྐྱབས་བཅོལ་ཞུ་མཁན་ཚོའི་ནང་ན་སུ་རྒྱ་ལ་གར་གྱི་སྐྱབས་བཅོལ་ངོས་ལེན་བྱེད་པའི་དེབ་སེར་པོ་མེད། རང་ཉིད་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་སའི་རྒྱལ་ཁབ་ཞིག་ཡོད་བཞིན་དུ་དཔལ་འབྱོར་གྱི་སྐྱབས་བཅོལ་སའི་རྒྱལ་ཁབ་གཞན་ཞིག་བཙལ་ན་འདི་ཚང་མ་ཁྲིམས་འགལ་རེད། དེ་ན་ཕྱིའི་རྒྱལ་ཁབ་ཁག་ན་ཁྲིམས་འགལ་མིན་པའི་བོད་པ་ག་ཚོད་འདུག། ཕར་ཚུར་ལ་མ་གཡོན་པའི་སྐད་ཆ་ཞིག་ཤོད། དེ་དང་མཉམ་དུ་རང་ཉིད་ལ་སྐད་ཆ་དེ་བཤད་རྒྱུའི་ཐོབས་ཐང་ཡོད་མེད་ལའང་བསམ་བློ་རེ་ཐོངས་དང་དེ་མི་ཞིག་གི་འགྲོ་སྟངས་རེད།
ཨ་ཕ་ལགས། ཤ་ཁྲག་རུས་གསུམ་ཁྱེད།
ང་ཤིན་ཏུ་ནུས་ཀྱང་འཐད་པ་ཡོད་པ་འདི་ཚོ་ཨ།
ཨ་ལེ་དེ་རིང་ང་དུས་ཚོད་མེད།
རྗེས་མ་སླེབས་ནས་གླེང་མོལ་བྱ་རྩིས་ཡོད།
སྙིང་ཉེ་བའི་གྲོགས་པོ་ལགས། མི་ཞིག་གི་སྐྱེས་པ་བླངས་ཚར་དུས་རང་ཉིད་ལ་སེམས་ཁྲལ་གཉིས་པ་གཏོང་ས་ཞིག་ཡོད་པ་ནི་འཚོ་བ་ཡིན། འཚོ་བ་ནི་རང་ཉིད་གསོན་ཞིང་དར་བ་དང་འཕེལ་བ་བཅས་བྱེད་སྤྱད་ཀྱི་འདྲུད་ཤིང་རྫོགས་པ་མེད་པ་དེ་ཡིན།
འདི་ལྟར་བཤད་ན་ཁྱོད་མི་རློམ་ན་ཐང་། ཁྱོད་ཀྱིས་རང་ཉིད་ཀྱི་བྲང་ལ་ལག་པ་བཞག་སྟེ་སེམས་ཞིབ་མོས་འདང་ཞིག་རྒྱོབས་དང་། ད་སྔ་བར་ཁྱོད་རང་ཉིད་ཀྱིས་ཅི་ཞིག་འདོད་ཅིང་ཅི་ཞིག་འཚོལ་གྱིན་འདུག ད་དུང་ཡང་གང་ཞིག་ལ་རེ་ཞིང་ཅི་ཞིག་ལ་ཧུར་བརྩོན་བྱེད་ཀྱིན་ཡོད། དེ་དག་ལ་བསམ་ནས་མི་ཞིག་གི་འཚོ་བའི་བདེན་པ་ལ་ཉམས་ཞིབ་རགས་ཙམ་གནང་རོགས།
དེ་ལྟར་བསམ་བློ་བཏང་ཏེ་ཡོང་ཐུབ་ན་ཁྱོད་ཀྱི་རང་ཉིད་མི་ཞིག་གི་འཚོ་བའི་རླབས་རྒྱུན་ཁྲོད་དེད་ཅིང་མིའི་རིགས་ཀྱི་འདོད་པའི་དང་དོད་ཀྱིས་སྒུལ་གྱིན་པའི་སྙིང་ཁམས་དག་ཞིབ་ཀློག་བྱེད་ཐུབ། དེ་ལྟར་བཀླགས་པས་མི་ནི་མ་གཞི་ནས་འཚོ་བ་མངོན་དུ་གཉེར་པའི་སྲོག་ཆགས་གསོན་སྙིང་ལྡན་པ་ཞིག་ཡིན་པ་ཤེས་ཐུབ་ངེས། དེ་ལྟར་ཤེས་པས་མིས་ནི་ནམ་ཡང་རང་ཉིད་ཀྱི་འདོད་པ་དང། དང་བ་དང་། རེ་བ་དང་། དམིགས་ཡུལ་དང་། དགའ་ཕྱོགས་བཅས་ལ་སྙེག་གིན་པའི་འདུ་ཤེས་དག་གསལ་བོ་མཐོང་ཡོང་ངེས། དེ་ལ་མིའི་བསླབ་བྱ་དང་ཆོས་ཀྱི་བསླབ་པ། བདེན་ལུགས་ཀྱི་རྟིང་སྐུལ་བཅས་ཀྱིས་ཀྱང་ཁོང་གཅུན་མི་ཐུབ་པ་ར་འཕྲོད་ཡོང་ངེས།
དེ་བས་འུ་ཚོས་རང་ཉིད་ཀྱི་རྐང་འོག་གི་ས་ཆེན་པོ་འདི་ལ་ཞིབ་ཏུ་བསམ་ནས་རང་ཉིད་ཤོང་སའི་གཞིས་ཁྱིམ་འདི་དག་ཀྱང་རང་ཉིད་ཀྱིས་ཐབས་ཤེས་ཡོད་དགུ་བཙལ་ནས་སྒྲུག་པ་མིན་ནམ་སྙམ་པའི་ཚོར་བ་ཡོང་ངེས། གལ་སྲིད་རང་ཉིད་ཀྱང་རང་ཉིད་ཀྱི་འདོད་པ་དང་བ་བཅས་ལ་སྙེག་པའི་ལམ་ཁ་མ་རག་པ་ཡིན་ན། ཉམ་ང་གཉའ་ཞུམ་ནས་འདུག་གི་རེད་དམ། ཅི་ཞིག་གི་འདོད་པ་དང་བདེ་བ། རེ་བ་བཅས་འགྲུབ་པར་ཚེ་སྲོག་ཚུན་ཆོད་ཀྱི་འགྲོ་གྲོན་དང་ཟུངས་ཤུགས་འཕུད་ཀྱི་རེད་དམ།
འདི་ནི་མ་གཞི་ནས་མི་རིགས་ཀྱི་དཀའ་ངལ་ཞིག་དང་ལོ་རྒྱུས་ཀྱི་གོད་ཆག་ཅིག་ལ་ངོས་བཟུང་ན་འགྲིག་པ་ལས། སྒམ་མདོག་གི་སྐད་ཆ་སྦོམ་པོ་བཤད་རྐྱང་ཞིག་རེད་མི་འདུག་སྙམ། སྐད་ཆ་འདི་དག་རང་ཉིད་དཔང་ལ་བཞག་སྟེ་བཤད་པ་ལས། ཧབ་འགེབ་ཀྱིས་སྐད་ཆ་རྫིག་པོ་བཤད་པ་ནི་མིན་ནོ།
ཤ་ཁྲག་རུས་གསུམ་གྱིས་བཤད་པ་གནད་ལ་ཁེལ་གྱིན་འདུག ལག་ཁྱེར་རྫུན་མ། མགྲོན་ཤོག་རྫུན་མ། རྒྱུ་མཚན་རྫུན་མ། ཚོགས་པ་རྫུན་མ་སོགས་བེད་སྤྱད་ནས་ཕྱི་རྒྱལ་དུ་སྡོད་མཁན་ཚོའི་ཆེད་དུ་རྒྱལ་བ་རིན་པོ་ཆེས་དགོངས་དག་ཞུ་དགོས་བྱུང་བ་རེད། ས་ལེ་རྒྱལ་གྱིས་རྒྱུ་མཚན་གང་ཞིག་གིས་ཤ་ཁྲག་རུས་གསུམ་ལ་སྐད་ཆ་འདི་འདྲ་ཤོད་པའི་ཐོབ་ཐང་མེད་གསུངས་པ་ཡིན་མི་ཤེས། ཆང་ས་བརྒྱབ་ནས་ཕྱི་རྒྱལ་དུ་སོང་རུང་དེ་ནི་ཁྲིམས་མཐུན་ལུགས་མཐུན་རེད། ཁྲིམས་ཐོག་ནས་བལྟས་ན་དགོངས་དག་ཞུ་དགོས་ས་ཞིག་མ་རེད། ཚོགས་པ་དང་ཚོགས་འདུར་འགྲོ་བའི་མིང་ཐོག་དུ་སོང་ནས་ཕྱིར་མ་ལོག་ན་ཡག་པོ་མ་རེད། ལས་སླ་བོ་ཡོད་པ་མ་རེད། རྫུན་ལུང་པ་གང་མ་བཤད་ན་སྐྱབས་བཅོལ་གྱི་གོ་སྐབས་རག་གི་མ་རེད། རྫུན་བཤད་པའི་རྫུན་རྐུབ་ག་ལེ་ག་ལེར་བུད་ཡོང་དུས་བོད་མིས་ཕྱི་རྒྱལ་གཞུང་དང་གཞུང་ཚབ་ལ་མགོ་སྐོར་བཏང་སོང་ཟེར་བའི་སྐད་ཆ་ཡོང་གིན་ཡོད་པ་རེད།
བོད་ཤ་ཁྲག་ལགས། ཁྱེད་རང་མི་དགའ་བ་ལ་ངས་ཇུས་གཏོགས་བྱེད་ཐུབ་ཀྱི་མ་རེད་དེ། ཁྱེད་རང་གིས་མི་དེ་ཚོ་བོད་མིའི་བླ་བཙོང་རེད་ཟེར་བ་ཅང་ཐལ་དྲག་པ་རེད་བསམ།
ཤ་ཁྲག་ལགས། འུ་གཉིས་ཀའི་བཟོ་ལྟར་བལྟས་ན་སྐད་ཆ་འདི་མོ་འདི་བཤད་རན་ཨེ་རེད། བྱི་ལས་སྐྱག་པ་བཏང་སྟེ་ས་འོག་ལ་བཅུགས་རྗེས་ཁྱིས་སྐྱག་པ་གཏོང་གིན་འདུག་ཅེས་བ་དང་འདྲ་བོ་མི་འདུག་གམ།