མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གོ་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp


་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གི་འདུག་རོགས་རྡོར་རྗེ་སྐྱབས་ཀྱིས་གནས་ཚུལ་དེ་དག་ཞིབ་དུ་གོ་མ་ཐག ཁོ་རང་གིས་དེ་འདྲ་ཞིག་ཡིན་ན་ནི། མི་དེ་ཚོ་སྐད་ཆ་བཤད་ཐོག་ནས་གཏན་ནས་འདུག་མཁན་མིན་ཚོད་རེད་འདུག ཁྱེད་རང་འདི་ནས་འགྲོ་རུ་འདྲ་བཅུགས་པ་ཡིན་ན་ང་རང་ཡང་གློག་བརྙན་འཁྲབ་མཁན་གྱི་གྲངས་ནས་འབུད་རྒྱུ་ཡིན་ཟེར་ནས་ཚིག་ཐག་བཅད་པ་དེས་བློ་བཟང་ལ་ལྷག་དུ་གྲོགས་པོའི་བར་གྱི་བརྩེ་འདང་ཟེར་བ་དེ་ཡི་གོ་རིམ་དང་གནས་ལུགས་ཤེས་སུ་བཅུགས་པ་རེད།

བློ་བཟང་གིས། ཁྱེད་རང་གིས་དེ་ལྟར་ང་ལ་རྒྱབ་སྐྱོར་གནང་བ་བཀའ་དྲིན་ཆེ། འོན་ཀྱང་། ཁོང་ཚོས་ང་རང་ཕྱིར་གཏོང་རྩིས་གཏན་ནས་མི་འདུག་ལ། འཁྲབ་ཚན་ཁ་ཤས་ཤིག་ང་རང་ལ་གོ་སྒྲིག་བྱས་པའི་མ་ཚད། འཁྲབ་སྟོན་མའི་ཚབ་མཚོན་ཚན་པ་འགའ་ཞིག་ཀྱང་ང་རང་ལ་གོ་སྒྲིག་བྱས་འདུག ཁོ་མོའི་གཟུགས་ཚད་དང་ངའི་གཟུགས་ཀྱི་རིང་ཚད་གཅིག་པ་ཡིན་པ་འདྲ། ཕྱི་དྲོ་ང་རང་སོང་ནས་མོ་རང་གི་གོན་པ་དང་འདྲ་བོ་ཁ་ཤས་ཤིག་ཚེམས་བཟོ་ལྷན་ཁང་དུ་ཚད་རྒྱག་དུ་འཇུག་དགོས་ཀྱི་ཡོད་འདུག

བློ་བཟང་གི་གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས་ཁོ་རང་གི་སྐད་ཆ་དེ་དག་གོ་ནས་སེམས་པ་ཅུང་ལྷོད་དུ་འབབ་ཡོད་པ་དང་། ལྷག་པར་དུ་བློ་བཟང་ལ་ཉིན་འདི་འགར་སྒོར་ཆད་བྱུང་ནས་ཐ་མག་ཉོ་སྤྱད་ཀྱང་མེད་པ་རེད། གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས་བློ་བཟང་ལ་ཐེངས་མ་ཁ་ཤས་ཤིག་གི་རིང་ལ་དུ་ཆད་སེལ་བ་དང་། གྲོགས་པོ་རང་གྲོལ་ནས་ཁོ་རང་ཐེངས་མ་ཁ་ཤས་ཤིག་ལ་སྤི་རེག་གི་མགྲོན་བྱས་པ་སོགས། བློ་བཟང་ཁོ་རང་ས་ཁུལ་དེར་འབྱོར་ནས་དུ་ཆད་བྱུང་མ་དགོས་པ་དེ་ནི་ཁོ་གཉིས་ཀྱི་བཀའ་དྲིན་ཆགས་ཡོད་པ་དང་། གོན་པ་བརྗེ་བོ་རྒྱག་རྒྱུ་མེད་ན་ཡང་ཁོ་གཉིས་ཀྱི་དྲིན་ལ་གོན་པ་ཡང་བརྗེ་སྤོར་བྱེད་རྒྱུ་ཡོད་པ་རེད།

ཟླ་གཅིག་འགོར་ལ་ཡོད་པའི་ཕྱི་དྲོ་ཞིག་ལ། བློ་བཟང་གི་མིང་ཐོག་ལ་མ་དངུལ་འགན་འཛིན་གྱིས་བློ་བཟང་གི་མིང་ཐོག་ལ་ཡིག་སྐོག་སྟེང་དུ་ཁོ་རང་གི་མིང་བྲིས་པ་ཞིག་སྤྲད་དུས་སུ། བློ་བཟང་གི་སེམས་སུ་འདི་ག་རེ་ཡིན་མིན་དྲན་ཞོར་དུ་ག་ལེར་ཁ་ཕྱེ་དུས་སུ། ནང་དུ་ཧིན་སྒོར་གཅིག་སྟོང་བཞི་བརྒྱ་ཡོད་པ་རེད། བློ་བཟང་གིས་དེ་མཐོང་བ་དངོས་ནས་དགའ་བོ་བྱུང་མ་ཟད། འོག་དུ་བྲིས་པའི་ཡི་གེ་དེར་བལྟས་དུས་བདུན་ཕྲག་གཉིས་རིང་གི་ལག་དངུལ་ཟེར་བ་བྲིས་ཡོད་པ་མཐོང་དུས་སུ། ད་གཟོད་ཁོང་ཚོ་ལ་ལག་དངུལ་ཞིག་ཀྱང་སྤྲོད་ཀྱི་ཡོད་པ་ཤེས་ནས། དེ་ནུབ་ཁོ་རང་གི་གྲོགས་པོ་གཉིས་ལ་དོ་ནུབ་གཉིས་སྤྱིན་བདག་བྱེད། འུ་ཅག་ལྕོག་ལམ་ཚལ་དུ་སྤི་རེག་ཞིག་འཐུང་དུ་འགྲོ

གྲོགས་པོ་རྡོར་རྗེ་སྐྱབས་དང་རང་གྲོལ་གཉིས་ཀྱིས། དེ་འདྲ་ཞིག་བྱེད་དགོས་པ་མ་རེད། ཁྱེད་རང་ལ་ད་ལྟ་དངུལ་ཆད་བྱུང་ཡོད་པ་ངེད་གཉིས་ཀྱིས་ཤེས་གསལ་རེད་ཟེར་ན་ཡང་བློ་བཟང་ཁོ་རང་གིས་ཨུ་ཚུགས་ཀྱིས་ངོ་མ་ལྡོག་མ་ཐུབ་པར་ཁོང་ཚོ་ལྕོག་ལམ་ཚལ་གྱི་ཟ་ཁང་ཞིག་གི་སྤི་རེག་འཐུང་དུ་སོང་ན་ཡང་། གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས་སྤི་རེག་འཐུང་གི་མེད་པ་རེད། ཡིན་ཡང་། ཁོ་ལ་ཤིང་ཏོག་ཁུ་ཞིག་བསྔགས་པ་དང་ཁོ་གཉིས་ཀྱིས་སྤི་རེག་ཤེལ་དམ་གཅིག་གཉིས་ཤིག་འཐུང་ནས་འཁྲབ་གཞུང་དངོས་ནས་མགོ་འཛུགས་བྱེད་ལ་རན་པའི་སྐོར་ལ་ཁ་བརྡ་བྱས་པ་རེད།

རླངས་འཁོར་མང་བོ་ཞིག་བང་སྒྲིག་ནས་རི་བོ་ཆུང་ཆུང་ཞིག་གི་སྒང་དུ་དགོན་ཆུང་ཞིག་ཡོད་པ་དེ་ཡི་འདབས་སུ་འབྱོར་ནས་དེ་རུ་རླངས་འཁོར་མི་ཉུང་བ་ཞིག་བཞག་ཡོད་པ་དང་། བློ་བཟང་དང་ཁོ་རང་གི་འཁྲབ་རོགས་ཚང་མ་ཡང་རླངས་འཁོར་ལས་ག་ལེར་ས་རུ་འབབ་ནས་རི་སྒང་དེ་རུ་ཡར་འཛེགས་པ་རེད།

ཁོང་ཚོ་ལ་གོན་པ་གོན་མཁན་ཡང་ཡོད་ལ། འདོག་ཆ་འདོག་མཁན་ཡང་ཡོད། ཡིན་ཡང་། བློ་བཟང་ལ་གཏན་ནས་དེ་ཡི་རིགས་གོམ་མེད་པ་བཞིན་ཁོ་རང་གི་གྲོགས་པོ་དག་ལ་ཡང་དེ་རིགས་གོམ་མེད་པའི་སྟབས་ཀྱིས་གོན་པ་རང་རང་གིས་གོན་བཞིན་ཡོད་ན་ཡང་། འདོག་ཆ་འདོག་སྐབས་སུ་བོད་རིགས་བུད་མེད་དེ་དག་ལ་འདོག་དུ་མི་འཇུག་ཐབས་མེད་ཆགས་ཡོད་པ་རེད། བོད་རིགས་བུད་མེད་དེ་དག་ནི་ལ་དྭགས་བོད་ཀྱི་གཞིས་གྲོང་ཁག་ནས་འདི་རུ་ལས་ཀ་བྱེད་དུ་ཡོང་བ་ཤ་སྟག་ཡིན་སྟབས། ཁོ་མོ་ཚོ་ཡང་རང་རིགས་ཀྱི་ཕོ་གསར་ཚོ་དང་ལྷན་དུ་ལས་ཀ་བྱེད་རྒྱུར་བྱུང་བ་དངོས་ནས་དགའ་བཞིན་སྤྲོ་བཞིན་བྱེད་ཀྱི་ཡོད་པ་རེད།

བློ་བཟང་གི་གམ་དུ་འབྱོར་བའི་བུད་མེད་དེ་ནི། ཉེ་སྔོན་ནས་བཟུང་དེ་ཁོ་རང་གི་གྲོགས་པོ་རང་གྲོལ་གྱིས་ཐབས་ཤེས་གང་ཡོད་བརྟེན་ནས་ངོ་ཤེས་སྒྲིག་བཞིན་པའི་བུད་མེད་བབ་ཆགས་པ་དང་རྣམ་པ་ཡག་ཤོས་ཀྱི་བུད་མེད་ཅིག་ཡོད་པ་དེ་ཡིན་པ་རེད། བློ་བཟང་གིས་བུད་མེད་དེ་ཡི་མིང་ཤེས་ཀྱི་ཡོད་ཀྱང་། ཁོ་རང་གིས་རང་ཉིད་གློག་བརྙན་འཁྲབ་སའི་ཁོར་ཡུག་དེར་འབྱོར་བ་ནས་བཟུང་དེ་རྐང་བཙུགས་དེ་བུད་མེད་སུ་ལ་ཡང་ཕར་ཁ་གྲགས་མྱོང་མེད་པ་རེད། རྒྱུ་མཚན་ནི་ཁོ་རང་བུད་མེད་ཚོའི་འཛུམ་མདངས་ལ་སྐྲག་གི་ཡོད་པ་ལོས་ཡིན། འོན་ཀྱང་། ཁོ་རང་གི་དྲན་ཡུལ་དུ་ཡང་མེད་པ་ནི། ཁོ་རང་གི་འཁྲིས་སུ་འདོག་ཆ་བཟུང་ནས་འོང་བཞིན་པའི་བུད་མེད་ཉི་མ་ལྷ་སྒྲོན་ནི་ཁོ་རང་མི་ཚེའི་འཚོ་བའི་ནང་དུ་གོམ་པ་སྤོ་སྲིད་པ་གཏན་ནས་ཡིད་དུ་དྲན་མྱོང་མེད་པ་ཞིག་ཡིན།

ཉི་མ་ལྷ་སྒྲོན་གྱིས། བློ་བཟང་ལ་བལྟ་ཞོར་དུ། ཁྱེད་རང་གི་ལག་པ་ཡར་བཀྱོག་དང་། ངས་ཁྱེད་རང་གི་འདོག་ཆ་འདོག་ཟེར་བཞིན་རང་ཉིད་ཀྱི་མིང་དང་རང་ཉིད་ཀྱི་ལས་ཀ་སོགས་བློ་བཟང་ལ་ངོ་སྤྲོད་ཅིག་བྱས་པ་དང་། བློ་བཟང་ལ་ཁྱེད་རང་གི་མིང་ལ་ཅི་ཟེར་གྱི་ཡོད་ཅེས་དྲིས་པ་རེད།

བློ་བཟང་གིས་རང་ཉིད་ཀྱི་མིང་བཤད་པ་དང་། རང་ཉིད་ནི་འདིར་སླེབས་ནས་བཟུང་དེ་ཕན་ཚུན་ལ་ངོ་ཤེས་བྱེད་འདོད་མེད་པ་དེ་འདྲ་ཞིག་གཏན་ནས་མིན་ན་ཡང་། ངོ་མི་ཤེས་པའི་མི་ཞིག་ལ་ངོ་ཤེས་སྒྲིག་རྒྱུ་དེ་ཡང་ལས་སླ་བོ་ཞིག་གཏན་ནས་མིན་པ་སོགས་ཁོ་མོའི་དོགས་གཞི་དག་སེལ་ཐབས་བྱས་པ་རེད།

བློ་བཟང་གིས་དགོན་ཆུང་དེ་ཡི་སྐེས་འཛེགས་བརྒྱུད་དེ། ཡར་རི་སྒང་གི་འཁྲབ་ཚན་འཁྲབ་སའི་ཕྱོགས་སུ་འགྲོ་བཞིན་སྐབས་སུ་ཕྱི་ལོག་ནས་བུད་མེད་ཅིག་གིས་བློ་བཟང་ང་སྒུག་དང་ཟེར་བ་ཞིག་ཐོས་ནས་ཕྱིར་བལྟས་བྱས་དུས། དེ་ནི་ད་ལྟ་རང་གསར་དུ་ཁ་བརྡ་བྱས་མ་ཐག་པའི་བུད་མེད་ཉི་མ་ལྷ་སྒྲོན་ཡིན་པ་ཤེས་ནས། བློ་བཟང་གི་སེམས་ནང་དུ་ཚ་ཤད་ཅིག་རྒྱག་ཞོར་དུ་ཁོ་མོའི་ཕྱོགས་སུ་བལྟས་དེ་སྒུག་ནས་བསྡད་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་གཉིས་ཕེབས་པ་དགའ་ཡོད། རྗེས་ཕྱོགས་ཀྱང་ཡོང་རྐྱང་བྱོས། སྒུག་ནས་འདུག

    Reply
  2. chokri nyima says:
    ལོ་ 17 སྔོན།

    གྲོགས་པོ་ཤ་རུས་ལགས་་་་་ང་རང་ཚོའི་དུས་བབ་དྲ་བ་ནང་དུ་ནད་འབུལ་མཛུལ་ནས་ནམ་རྒྱུན་བཞིན་མི་འདུག

    ཁྱེད་ཀྱིས་དེའི་སྐོར་རུ་ཅང་མཁྱེན་སོང་ངམ།

    Reply
  3. chentsasopa says:
    ལོ་ 17 སྔོན།

    ད་ལྟ་རྒྱ་གར་གྱི་དགོང་མོའི་དུས་ཚོད་༧དང་སྐར་མ་༣༥་རེད། ངའི་འདི་ནས་མཆན་བུ་འདེབས་པར་སྐྱོན་ཅང་མི་འདུག

    Reply
  4. chentsasopa says:
    ལོ་ 17 སྔོན།

    ཤ་ཁྲག་ཚང་གི་ཁྱིམ་ཡང་སྟོང་བར་འདུག་པར་བལྟས་ན་མཆན་བུ་འདེམས་མི་ཐུབ་ཀི་ཟེར་བ་བདེན་པ་འདྲ། སྐྱོན་ཞིག་ཏན་ཏན་ཡོད་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese