མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁོར་བའི་མགུར། བོད་བྱེས་ཀྱི་གནས་བབ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྔོན་བྱོན་དམ་པ་མང་བོ་གར་སོང་ནི་མི་ཤེས།
མེས་པོ་རླབས་ཆེན་དག་གི་ཤུལ་རྗེས་ནི་མ་ཟིན།
དུས་རབས་གསར་བའི་སྟོན་པ་བགྲེས་ཡོལ་ལ་གཞུགས་ཡོད།
ད་ནི་གཞོན་སྐྱེས་ཡོད་ན་འདི་ག་ལ་ཐོན་ཤོག

རིགས་ཀྱི་མདུན་པ་ཟེར་ནས་སྟོང་ལབ་ཀྱི་མི་ཕན།
སེམས་ཀྱི་འདུ་ཤེས་གླེང་ནས་ཚོར་རྙོག་གི་མི་ཡོང་།
དགའ་མོས་དགའ་སྡུག་བཤད་དེ་ཕྱོགས་རུས་ཀྱི་མི་འགྲིག
རིགས་ལ་གཅེས་ཞེན་ཡོད་ན་ཁ་ལག་གཉིས་མཉམ་དགོས།

ང་དང་ཁྱོད་ཞེས་གླེང་བའི་གཞིས་བྱེས་ཀྱི་བར་ཐག
གདུང་སེམས་མཉམ་བསྐྱེད་ཟེར་བའི་འབོད་སྒྲ་ལ་འཐམ་ནས།
གཞིས་ན་རོ་དང་ཁྲག་གི་མཚོ་མོ་རང་གཞུར་དུས།
བྱེས་སུ་ཚོགས་སྐྱིད་བར་གྱི་གླུ་གར་གྱི་འཚོ་ཡོད།

ཤི་ན་ཤི་དོན་ཡོད་པའི་ལས་གཞི་ཞིག་བརྩམས་རྒྱུར།
བོད་ཀྱི་མི་ལ་ཞེན་ཁོག་རུས་གསུམ་གྱི་མ་འདང་།
བཤད་ན་བཤད་ལ་དགའ་བའི་ཆབ་སྲིད་ཀྱི་དབུ་ཁྲིད།
སྔོན་ཡང་མང་ལ་ད་ནི་དགོས་དོན་ཡང་མི་འདུག

བདེན་པ་ཟེར་ནས་འཛམ་གླིང་མི་ཀུན་ལ་བསྒྲགས་པའི།།
རྩྭ་ཚིག་སྣ་ཚོགས་སྐྱོར་བའི་ལས་སྣེ་བ་མང་ཡང་།
རྩ་དོན་སྲོག་བཞིན་སྐྱོང་རྒྱུར་འབད་བརྩོན་རང་མེད་དུས།
འཛམ་གླིང་མཉམ་འབྲེལ་ཟེར་ཡང་བྲག་སྐད་ཀྱི་ཟླ་ཡིན།

གཅིག་ཤོར་གཉིས་ཤོར་གནད་དོན་སྣ་ཚོགས་ཀྱི་ཁྲོད་ནས།།
བཙན་བྱོལ་ཟེར་བའི་མིང་ཡང་མི་གླེང་བར་འབད་རྒྱུར།།
བྱོལ་བའི་གཞུང་གི་ལས་གཞི་འཆར་བཀོད་དེ་བསམ་ན།
བོད་པ་ཟེར་ནས་འབོད་ས་མེད་པ་ཞིག་བཟོས་འདུག།

འཁོར་བ་འཁོར་ལོ་ལྟ་བུའི་རི་གྲོང་གི་མཐའ་ནས།།
འཁོར་བའི་རྨིང་གཞི་མ་ཤེས་ས་མཐའ་ན་ལུས་པའི།།
སྐྱེ་བ་བོད་ལུས་ཐོབ་པའི་མྱི་ངན་ངའི་ཚོགས་ལ།།
རྗེས་རབས་བོད་པ་དག་གིས་བསྡིག་དམོད་ཅིག་ཡོང་ངེས།།

འབྲེལ་ཡོད་གསར་འགྱུར།

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

སྐར་མ ༡༠ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༤ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠

མཆན། 2

  1. drikungpa says:
    ལོ་ 15 སྔོན།

    ཤ་ཁྲག་ཁྲི་བཙན་གཉིས་ཀྱི་སེམས་ཁུང་གི་ཆུ་རྒྱུན།། བོད་པའི་རིགས་མྱུག་བསྲུང་བའི་བདུད་རྩི་དེ་ཡིན་ཀྱང་།། དེང་དུས་འགྱིག་ལས་གྲུབ་པའི་ལྗང་མདོག་གི་མྱུ་གུར།། ཆུ་མོའི་རྒྱུན་གྱི་ཕན་པའི་གནད་དོན་དེ་ཁག་སོང་།།

    Reply
  2. Baichung says:
    ལོ་ 15 སྔོན།

    ངས་ཀྱང་བོད་རིགས་སྤུན་ཟླ་ཚོར་སྐད་ཅིག་བསྐུར།

    བོད་ལ་དགའ་ཞེན་ཡོད་ན་བོད་ཡིག་ལ་འབད་རོགས།།
    བོད་ལ་བསམ་ཤེས་ཡོད་ན་བོད་སྐད་རེ་བཤད་རོགས།།
    བོད་པས་བོད་པར་མཐོང་ཆུང་ཟུར་ཟ་ཞིག་མེད་རོགས།།
    བོད་པས་བོད་པར་ལག་རྡང་གཅིག་ཏུ་ཞིག་སྦྲེལ་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese