མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཤི་རྗེས་སུ་མིག་ཆུ་འཕུད་སྲིད་མཁན་དག་ལ་ཕུལ་བ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་རོག་གེར་འདི་ལྟར་བུད་སོང་བའི་ཉིན་ཞིག་བྱུང་དུས། ངས་རྗེས་སུ་མིག་ཆུ་གཏོང་མཁན་དེ་དག་ནི་རང་ཉིད་ལ་ཆེས་སྙིང་ཉེ་བའི་མི་དེ་དག་ཡིན་སྲིད་དམ། ཕལ་ཆེར། འཇིག་རྟེན་གྱི་ཆོས་ཉིད་དང་བསྟུན་ནས་བཤད་ན། ལོས་ཡིན། དེ་དག་ནི་རང་ཉིད་ལ་སྙིང་ཉེ་བའི་མི་དག་ཡིན་ངེས་རེད། དེ་དག་གི་མིང་ཡང་། དྲིན་ཆེན་གྱི་ཕ་མ་གཉིས་དང་། གཅེས་པའི་ཨ་མྱེ། བརྩེ་བའི་སྤུན་ཟླ་དང་ཉེ་མི་ཚོ་ཡིན་སྲིད་པ་རེད།

འོན་ཀྱང་། ཁ་རོག་གེར་བུད་སོང་བ་དེ་ཡི་མིང་དུ་ཅི་ཞིག་འབོད་པ་རེད། རེད་རེད། ཀུན་གྱིས་མི་འདོད་པའི་ཡུལ། སུ་ལ་ཡང་རྒྱུས་མངའ་མེད་པའི་གནས་གཞན་ཞིག་སྟེ། མིང་དངོས་ལ་ཕྱི་མ་ཟེར་བ་དང་། ཤི་བ་ཟེར་བའི་མིང་དེ་ཐོབ་རྗེས་སུ་རེད། འོ་ན། ང་རང་ག་དུས་བུད་འགྲོ་བ་རེད། མ་རེད། ག་དུས་ཤི་སྲིད་པ་རེད། དེ་ལ་དངོས་ནས་ངེས་བརྟན་མེད། གློ་བུར་གློ་བུར་ཞིག་ཡིན་སྲིད། རྒས་ཀྱང་སྲིད། སྐར་མ་གཅིག་གི་སྔ་གཞུག་ཡང་ཡིན་སྲིད། ཡི་གེ་འདི་བཏགས་མ་ཚར་གོང་དེར་ཡང་ཡོང་སྲིད། མཐའ་མཇུག གནས་དེ་རུ་འགྲོ་འདོད་མཁན་གྱི་མྱི་ཟེར་བ་ཧ་ཅང་ཉུང་ཚོད་ཡིན་ཡང་། ཉུང་མིན་ལ་མ་བལྟས་པར་བུད་འགྲོ་དགོས་པ་རེད།

དེ་ཡི་མིང་ལ་འཆི་བ་ཟེར་བ་ཡིན་དུས། འདི་ནས་བཟུང་འཆི་བ་ཟེར་ནས་གླེང་། ང་རང་འཆི་བའི་ཕྱིར་ཉིན་དེ་ནས་བཟུང་། ངའི་ཆེད་དུ། ང་བསམ་ནས། ང་དྲན་ནས། མིག་ཆུ་གཏོང་མཁན་གྱི་ཕ་མ་དང་ཉེ་མི་དག་གིས། དངོས་ནས་ང་ལ་མིག་ཆུ་དེ་ཡིས་ཕན་ཐོག་གམ། ཁོང་ཚོས་ཀྱང་མིག་ཆུ་དེ་དག་འཕུད་པས། སེམས་གཏིང་གི་དྲན་པ་སེལ་སྲིད་དམ། སྐྱོ་བ་སངས་སྲིད་དམ། དེ་ལ་ཡང་ལན་འདེབས་ཐུབ་མཁན་གྱི་མྱི་ཞིག་ཕལ་ཆེར་ངའི་ཉེ་ཁོར་དུ་མེད་ཚོད་རེད་ལ། ཡོད་ཀྱང་ངའི་མིག་གི་མཐོང་བར་མ་གྱུར་བར་ལུས་ཡོད་པ་འདི་ཡང་ངས་ནོར་འཁྲུལ་ཡིན་མི་སྲིད་པར་རེ་བ་ཡོད།

རེད་ཡ། ང་ཤི་རྗེས་སུ། བཞག་ཞོག ཤི་རྗེས་སུ་ག་རེ་བྱུང་མིན་དེ་ནི་ངས་ཤེས་མི་སྲིད་པ་ཞིག་ཡིན་ངེས། དེས་ན་ང་རང་མ་ཤི་བར་བསྡད་ཡོད་པའི་སྐབས་འདི་ལ་ངས་ག་རེ་བྱེད་དགོས་ཀྱི་ཡོད་དམ། ཤི་བའི་ཆེད་དུ་ལས་ཀ་རེ་བྱེད་དགོས་ཀྱི་ཡོད་པ་ཡིན་ནམ། གསོན་པའི་རིང་འདིར་དགོས་ངེས་ཀྱི་ལས་ཀ་རེ་བྱེད་དགོས་ཀྱི་ཡོད་དམ། དེ་ཡང་མ་ཤི་སྔོན་གྱི་སྐད་ཆ་ཞིག་རེད། ང་མ་ཤི་བར་བསྡད་ཡོད་པ་འདིས་ངའི་ཕ་མ་གཉིས་དང་ཉེ་མི་དག་ལ་བདེ་སྐྱིད་རེ་ཐོབ་ཀྱི་ཡོད་དམ། སེམས་རྩ་དྲོད་རེ་འཁོར་གྱི་ཡོད་དམ། ངས་ཀྱང་ཁོང་ཚོའི་ཆེད་དུ་ལས་ཀ་རེ་བྱེད་ཀྱི་ཡོད་དམ། བྱེད་དགོས་ཀྱི་རེད་དམ། བྱེད་དགོས་པ་དེ་དག་གང་ཡིན་ནམ། མ་བྱས་པ་ཡིན་ན་འགྲིག་གི་ཡོད་དམ། དེ་ཡང་མ་རེད། བྱེད་མིན་དེ་ཡང་རང་ཉིད་ལ་རེག་ལས་པ་ཞིག་ཡིན་ངེས་ན། བྱེད་ཐུབ་མིན་དེ་ནི་རང་ཉིད་ལ་རེག་ལས་པ་ཞིག་ཡིན་ནམ། དེ་ཡང་གནད་དོན་ཞིག་རེད། གང་ལྟར། མ་ཤི་གོང་དེར་ངའི་ཕ་མ་དང་ཉེ་འབྲེལ་དག་གི་ངའི་ཆེད་དུ་མིག་ཆུ་ཞིག་འཕུད་མི་དགོས་པ་ཡིན། དེས་ན་ང་རང་མི་ཤི་བར་གསོན་བསྡད་པ་དེ་གས་ཁོང་ཚོའི་རེ་འདོད་འགྲུབ་ཡོད་པ་རེད་དམ།

གང་ལྟར། ང་ཤི་ངེས་རེད། ངས་མི་ཤེས་པ་དེ་ནི་དུས་ཚོད་ཡིན། དུས་ཚིགས་ཡིན། ས་གནས་ཡིན། སྐར་ཆ་ཡིན། རྒན་གཞོན་ཡིན། ཤི་ངེས་པ་ནི་ངས་རྒྱུན་དུ་ཤེས་ཀྱི་ཡོད། སྐྱེ་བ་ནས་ཤི་བ་འགོ་བཙུགས་པ་དེ་ཡང་ངས་ཤེས་ཡོད། ཤི་བའི་རྗེས་ཀྱི་ང་རང་ཡང་ཡོད་སྲིད་དམ། ཤི་བའི་རྗེས་ཀྱི་ང་རང་ཡང་དེ་རིང་འདི་བཞིན། བོད་མི་ཞིག་དང་བོད་ཡིག་འབྲི་མཁན་གྱི་མྱི་ཞིག་གི་རྣམ་ཤེས་རུ་འཁོར་ངེས་རེད་དམ། དེ་དུས་ངའི་ཆེད་དུ་མིག་ཆུ་འཕུད་མཁན་དེ་དག་གི་འདོད་དོན་ལྷུན་གྱིས་འགྲུབ་སྲིད་དམ། མ་རེད། དེ་ཡང་སྐད་ཆ་ཞིག་མ་རེད། དྲང་མོ་བཤད་ན། ངས་སྐད་ཆ་ཞིག་བཤད་ཤེས་ཀྱི་མེད་པར་ཡུན་རིང་བོར་འགོར་བ་རེད། སྐྱེ་བ་ནས་བཟུང་བོད་སྐད་བཤད་པ་རེད། རེད་དེ། ང་ལ་ཕ་མ་གཉིས་ཀྱིས་བོད་སྐད་བསླབས་དེ་འཚར་ཡང་། ངས་བསྟུད་མར་བོད་སྐད་འདི་ཙམ་ཡང་རང་གི་བུ་ཕྲུག་དག་གི་ངག་སྒོར་འཇོག་ཐུབ་མིན་དེ་ངས་མི་ཤེས་ཀི དེ་ཡིན་དུས། ངས་ཅི་ཡང་ཤེས་མི་འདུག ངས་ཅི་ཡང་འཇོན་མི་འདུག ང་ཤི་སོང་རུང་མིག་ཆུ་འཕུད་དོན་གང་ཡང་མི་འདུག་གོ མཐའ་དོན་དེ་རེད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༦ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༧ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༢༣ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣

མཆན། 6

  1. sha tak ri sim says:
    ལོ་ 15 སྔོན།

    ཕུན་ཚོགས་ལགས། འདང་ཞིབ་མོ་རེ་རྒྱོབས
    སེམས་ལྷོད་དུ་རང་ཞོག
    ཁ་ཁོམ་ལག་ཁོམ་གྱི་བར་གསེང་དུ
    ཡི་གེ་འདི་དག་གི་སྔ་ནུབ་ཕྱི་ནུབ་དུ
    འཆི་བ་ནི་ལྡོག་དུ་མེད་པའི་སྐྱེ་དུས་ཀྱི་གྲོགས་དང་བོ་དེ་ཡིན་པ་ཤེས་པར་གྱིས

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    གཅེན་པོ་ལགས། སྐྱེ་འཆི་ལ་ངེས་པ་མེད་པའི་སྔ་ཕྱི་དེ་ནས
    ངས་འཆི་བ་ལས་གང་ཡང་གྲོགས་དུ་བལྟས་མེད་ཀྱང་
    ལམ་ཁ་ཞིག་ནས འཆི་བ་ལ་གཡོལ་ས་མེད་པའི་གཞུག་དེར
    ཤ་དང་རུས་པའི་ཚོགས་ཀྱི་དུངས་པ་ཞིག་གིས
    མ་ཤི་བའི་སྔ་དྲོ་དེར
    ང་ལ་འབོད་ཀྱིན་འདུག
    ངས་དེ་དག་ལ་ཉན་དུས་སུ
    སྐུ་ཉིད་ལྟ་བུ་གང་མང་ཞིག
    ངའི་ཁོར་ཡུག་ན་འཛོམ་འདུག
    དགོད་ཀྱང་མ་ཐུབ ངུ་ཡང་མ་ཐུབ་པར
    མགོ་རྐ་ལག་ཚང་མ་ས་ཆུ་མེ་རླུང་ཁྲོད་དུ་གཏོར་གྲབས་བྱེད་ཀྱི་འདུག

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    བསྟན་འཇམ་ལགས།
    ང་ཤིས་རྗེས་པའི་ལོ་དེར
    སུ་ལ་ཡང་ཁེ་གྱོང་མེད་པའི་སྔ་གཞུག་དེ་ནས
    སྐུ་ཉིད་ལྟ་བུ་དག་གིས
    ཁོམ་པ་ཡོད་དུས་རེ་གླེང་ངེས་ཡིན
    དྲན་ཡང་སྲིད
    རེད་དེ དེ་དག་ལ་སྙིང་བོ་གང་ཡང་མེད
    གཅིག་ཡོད་སྲིད་དེ དེ་ནི་རྒྱང་རིང་བའི་མི་ཚོགས་ཤིག
    དེ་ནས་ང་དང་ཁྱོད་ཉིད་ཀྱིས་མི་མཐོང་

    Reply
  4. phuntsok says:
    ལོ་ 15 སྔོན།

    འཁོར་བར་ངེས་འབྱུང་སྐྱེས་ཟེར་བ་ནི་དེ་འདྲ་ཞིག་ལོས་ཡིན། སེམས་སྐྱོ་བྱེད་ཅིག་དང་འདང་རྒྱག་དགོས་པ་ཞིག་བྲིས་ཡོད་གི་

    Reply
  5. drikungpa says:
    ལོ་ 15 སྔོན།

    ངེས་འབྱུང་བཅོས་མ་མ་ཡིན་པ་ཞིག་སྐྱེས་འདུག
    འཆི་བ་ནི་ལས་སླ
    གསོན་པ་ནི་དེ་ལྟ་མ་ཡིན
    གྲོགས་པོ་ལགས
    མི་རྟག་པ་ལ་སྙིང་རྗེ་མེད་ལ
    མི་རྟག་པ་ལ་དུས་ཆས་མེད
    དེ་བས་དང་པོ་ནས་འགྲོ་གྲབས་བྱོས
    ཏག་ཏག་བཟོས
    འཆི་བ་ནི་ལས་སླ
    འཆི་ནས་ལས་འབྲས་ཀྱི་བདེ་སྡུག་མྱོང་བ་བཟློག་མེད་ཀྱི་ཆོས་ཉིད་ཡིན
    དེ་གང་འདྲ་ཞིག་མྱོང་མེད་རང་ཉིད་ཀྱི་སེམས་ལ
    གསལ་ལེར
    ཝ་ལེར
    ཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  6. rajashichen says:
    ལོ་ 15 སྔོན།

    ཁྱོད་ཤི་ཚར་བའི་ལོར
    སུ་ལ་ཆག་སྒོ་མེད སུ་ལ་ཁེ་བཟང་མེད
    ཡིན་ནའང་ དེ་ནི་ཁྱོད་ཁོ་ནའི་གྱོད་གུད་ཅིག
    ཁྱོད་གཅིག་བུའི་ཁེ་ཕན་ཞིག་ཏུ་རྩི་ཆོག
    རྒྱུ་མཚན་ནི་ཚེ་སྲོག་ཐུན་གཅིག་ཤོར་བའི་ལོ་ནག
    དེ་བས་ཚེ་སྲོག་གསར་བའི་མགོ་བརྩམ་པའི་ལོ་ཡག
    སྐྱེ་བ་གཅིག་བརྒྱུད་གཉིས་མཐུད་བརྒྱུས་ནས
    ཁྱོད་ཡང་བསྐྱར་ཤི་ལོག་བརྒྱབ་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese