མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། སོ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

མཚན་མོ་གཉིད་སྐྱིད་པོ་ཞིག་ཁུགས་མ་ཐུབ་པ་མ་ཟད། ཞོགས་པ་ཡང་ང་རང་སྔ་བོ་ནས་གཉིད་ལས་སད། མགོ་བཀྱགས་ནས་བལྟས་དུས་གྲོགས་པོ་དང་གྲོགས་མོ་ཚང་མ་སྔར་ལྟར་གཉིད་སྐྱིད་པོ་ཁུགས་འདུག ཁོང་ཚོས་སྤི་རག་འཐུང་བ་དེ་ཡིས་གཉིད་སྐྱིད་པོ་ཞིག་ཁུགས་དུ་བཅུགས་པ་འདྲ། ང་རང་ཕྱི་ལ་བུད་ནས་ཐ་མག་ཞིག་འཐེན་ནས་བསྡད་དུས། ག་ལེར་གྲོགས་པོ་བུ་ཆུང་ཡར་བླངས་པ་དང་། རེ་རེ་བཞིན་ཡར་བླངས་ནས་སླེབས།

གྲོགས་པོ་བུ་ཆུང་གིས་ཚང་མར་རྒྱ་གར་ཇ་མངར་མོ་ཞིག་བཟོས། ངས་དེ་དག་འཁུར་ནས་ནང་དུ་སོང་ནས་མི་རེ་ལ་ཇ་ཕོར་རེ་རེ་སྤྲད། བརྙན་འཕྲིན་གྱི་མདུན་ནས་གྲོགས་པོ་གྲོགས་མོ་ཚང་མ་ཧད་ནས་བསྡད། ཡུན་རིང་ཞིག་ལ་མ་བལྟས་པའི་རྒྱ་གར་གྱི་གློག་བརྙན་ཞིག་ལ་ང་ཚོ་ཚང་མས་མཉམ་གཅིག་དུ་བལྟས། ང་རང་གིས་འདང་དགོང་ནས་མཛའ་མོས་ཁ་པར་གང་ཡང་མ་སླེབས་སྟབས། ག་རེ་ཡིན་ནམ་སྙམ་ཞོར་དུ། མོ་རང་ལ་ཁ་པར་ཞིག་བཏང་། མོ་རང་བདེ་མོ་ཡིན་པ་མ་ཟད། སྐད་ཆ་བཤད་སྟངས་ཅུང་རྩུབ་མོ་ཞིག་འདུག་པ་དང་ང་རང་ལ་ཁྱེད་ཀྱིས་སྐྱིད་པོ་གཏོང་རོགས་གནོང་ཟེར། ངས་ང་རང་སྐུའི་འཁྲུངས་སྐར་ལ་འདི་ནས་ཐད་ཀར་གྲོགས་པོ་རྡོར་རྒྱལ་གྱི་རླངས་འཁོར་དུ་ཡོང་རྒྱུ་དང་མོ་དང་བུ་མོ་ཐར་མ་མཚོ་གཉིས་ཐད་ཀར་ནང་ནས་དེར་ཡོང་བར་བཤད་པ་ཡིན།

ཉིན་གུང་རྒྱབ་དུ་ང་ཚོ་གྲོགས་པོ་བུ་ཆུང་གི་ནང་ནས་སྐུའི་འཁྲུངས་སྐར་ཚོགས་ཡུལ་གྱི་ཕྱོགས་སུ་ལམ་ལ་བུད། གྲོགས་པོ་བུ་ཆུང་གི་མཉམ་དུ་ཁོ་རང་གི་དགའ་རོགས་དང་ལྷག་པ་གཉིས་བསྡད། གྲོགས་པོ་རྡོར་རྒྱལ་གྱི་རླངས་འཁོར་ནང་དུ་ང་དང་ཨ་ཅེ་སྒྲོལ་དཀར། ཚེ་རིང་དབྱངས་སྐྱིད། བློ་དོན་བཅས་བསྡད། གྲོགས་པོ་རྡོར་རྒྱལ་གྱི་རླངས་འཁོར་ཡག་པོ་ཡོད། ཁོ་རང་ལ་ལས་ཁུངས་ཀྱི་རིན་མེད་དུ་གཏོང་དུ་བཅུགས་ཡོད་པ་རེད། ཁོ་རང་གི་ལས་ཀ་ནི་འཕྲུལ་ལས་ཀྱི་རིགས་ཡིན། བརྙན་ཕབ་གསར་བ་དང་། སྒྲ་རྡུལ་གསར་བ་སོགས་ཚོང་ཁང་དང་སྤྲོ་ཁང་། ལས་ཁུངས་སོགས་གང་ནས་སྐད་བཏང་ན་རླངས་འཁོར་བཏང་ནས་ཐད་ཀར་འགྲོ་དགོས་པའི་ཡིན་པ་དང་། ཁོ་རང་ཡང་ལས་ཀ་དེ་ཡི་རིགས་ལ་འཇོན་པོ་ཡིན།

ཚེ་རིང་དབྱངས་སྐྱིད་ཀྱིས་ཕྱིར་རྗོ་སུ་ལམ་དུ་འགྲོ་དུས་སུ། ངའི་མཛའ་མོའི་རླངས་འཁོར་ནང་དུ་ཁྲིད་རྒྱུ་བརྗེད་མི་ཉན་ཞེས་ཡང་དང་བསྐྱར་དུ་བཤད། ང་ཚོ་སྐུའི་འཁྲུངས་སྐར་གཏོང་ཡུལ་ལ་སླེབས་དུས་སུ། དེར་རོགས་སྐྱོར་ཚོགས་པ་དེ་ཡི་ཚོགས་མི་ཁ་ཤས་ཤིག་གི་སྒྲོལ་མའི་རླུང་རྟ། དར་ལྕོག་སོགས་ཤིང་སྡོང་དག་གི་སྒང་དུ་བཀལ་བཞིན་འདུག ང་ཚོས་རང་རང་གི་རྒྱབ་ཁུགས་དག་རླངས་འཁོར་ནས་བཞག ཐད་ཀར་ཤིང་སྟོང་གི་སྒང་དང་སྐེད་སོགས་ལ། དར་ལྕོག་དང་རླུང་རྟའི་རིགས་གང་སར་བཏགས་པ་དང་། གྲོགས་པོ་རྡོར་རྒྱལ་གྱིས་རོལ་དབྱངས་ཀྱི་འཕྲུལ་རིགས་སྐོར་ལ་ལས་ཀ་བྱས།

ང་ཚོ་དེར་འབྱོར་ནས་ཕྱི་དྲོ་སླེབས་པ་དང་། སོ་ནམ་སློབ་མ་ཕོ་མོ་ལྔ་བཅུ་དེ་ཡང་རླངས་འཁོར་ཞིག་གི་ནང་དུ་མཉམ་དུ་སླེབས་སོང་། ཁོང་ཚོ་ནི་རོགས་སྐྱོར་ཚོགས་པ་འདིའི་ལོ་ལྟར་རྒྱ་གར་ནས་སོ་ནམ་སློབ་སྤྱོང་གི་ཆེད་དུ། རྒྱ་གར་ནས་བོད་གཞིས་ཆགས་སོ་སོ་ནས་ལོ་ལྟར། སློབ་མའི་མིང་ཐོག་ནས་མི་ལྔ་བཅུ་ཞིག་ལེན་གྱི་ཡོད་པ་དང་། འདི་རུ་སླེབས་པ་དང་གཟའ་འཁོར་གཅིག་གི་ནང་དུ་འཛིན་གྲྭ་ཐེངས་གཉིས་ཡོད་ལ། དེ་ལས་ཉི་མ་གཞན་དག་ལ་ཞིང་ལས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ལས་ཀའི་གླ་ཆ་ཆུང་བ་དང་། འདུག་ས་ཡང་བཟང་རྒྱུ་མེད། མཐུན་རྐྱེན་ཡང་དེ་འདྲའི་འཛོམས་པོ་མེད་ས་ཞིག་དུ་ཡོད། གང་ལྟར། ལོ་རེ་རེ་ལ་འདི་ནས་བསྡོད་ཡུན་གྱི་དུས་ཚོད་ནི་གཏན་ནས་མི་འདྲ་བ་ཡིན། སྐབས་རེར་ཁ་ཤས་ཤིག་ཟླ་བཅུ་དང་བཅུ་གཅིག་ལ་འདུག་ཐུབ་ཀྱི་ཡོད། སྐབས་རེར་ཟླ་བ་དེ་ལས་ཉུང་བ་ཡིན། ད་ལོའི་སློབ་མ་འདི་དག་ནི་ཟླ་བ་ཉུང་ཤོས་ཀྱི་གྲངས་ཆགས་ཡོད།

ཁོང་ཚོ་མི་རིང་བར་ཕྱིར་རྒྱ་གར་དུ་ལོག་དགོས་པ་མ་ཟད། ཡོང་མཁན་རྗེས་མ་དེ་དག་གི་གྲྭ་སྒྲིག་བྱེད་བཞིན་པའི་སྒང་ཡིན། མང་ཤོས་ཤིག་ལོ་ལྟར་ཡོང་མཁན་དག་ནི་ཕ་མ་ཆགས་པ་ཤ་སྟག་ཡིན་ལ། རང་གི་ནང་དང་བུ་དང་བུ་མོ་ཚོ་དྲན་མཁན་ནི་ཉུང་ཉུང་ཞིག་གཏན་ནས་མིན། ལྷག་པར་དུ་སྐབས་རེར་སྟབས་མ་ལེགས་པ་ཡིན་ན། ལས་ཀ་བྱེད་མ་ཐུབ་པར་ན་བ་སོགས་བྱུང་ན། རང་གི་གནམ་གྲུའི་གླ་ཆ་ཡང་མི་འདང་བའི་དཀའ་ངལ་ཡོང་སྲིད་ཀྱང་། ད་ལྟའི་བར་དུ་མི་གཅིག་གཉིས་ཤིག་ཕྱིར་ལོག་བྱས་པ་བྱུང་བ་ལས། བརྒྱ་ཆའི་གོ་དགུ་ཡི་དུས་ཡུན་ཚར་རེག་བར་དུ་ཞིང་ལས་ལ་འབད་ནས་ཕར་འགྲོ་ཁར་སྒོར་མོ་མི་ཉུང་བ་རེ་གསོག་ཡོད་མཁན་ཡང་ཡོད་པ་ཡིན།

སོ་ནམ་སློབ་མ་དེ་དག་གིས་ཟ་མ་བཟོས་ནས་འཁུར་འདུག་པ་མ་ཟད། གླུ་དང་ཞབས་བྲོ་སོགས་གྲྭ་སྒྲིག་ཡང་བྱས་འདུག ལྟ་རུ་ཡོང་མཁན་ནི་དེ་འདྲའི་མང་བོ་ཞིག་མེད་ན་ཡང་། གང་སླེབས་ཡོད་པ་དེ་དག་ནི་དངོས་ནས་སྣང་བ་སྤྲོ་བོ་བྱུང་འདུག ཟ་མ་རིན་མེད་ཡིན་པ། འཐུང་རྒྱུ་རིན་མེད་ཡིན་པ། ཡིད་སྐྱོ་བ་ཞིག་ལ་དེ་ཉིན་ཟ་མ་བཟོས་ནས་འཁུར་ཡོད་ཀྱང་། ཚོགས་པ་དེ་ཡིས་སྡེར་མ་འཁུར་ཡོང་དགོས་པའི་སྐོར་ནས་བཤད་མེད་སྟབས། མི་མང་བོ་ཞིག་ལ་ཟ་བྱེད་ཀྱི་སྡེར་མ་མེད་པར་ལུས་ཀྱང་། གཅིག་ནས་གཉིས་རྒྱུད་དེ་ཟས་ཚར་བའི་འགྱིག་སྡེར་ཁ་ཤས་ཤིག་གཙང་བཟོ་བྱས་ནས་རྗེས་མ་དག་གི་ཟ་བྱེད་དུ་བེད་སྤྱོད་མི་བྱེད་ཐབས་མེད་ཆགས།

ངའི་མཛའ་མོ་ལ། ཕྱིར་འགྲོ་དུས་སུ་ཚེ་རིང་དབྱངས་སྐྱིད་ལ་རླངས་འཁོར་དུ་འཇོག་དགོས་པའི་སྐོར་ནས་བཤད་པ་དང་། ཁོ་མོ་ཚེ་རིང་དབྱངས་སྐྱིད་དྲན་གསོས་ཀྱི་འདུག་གམ་ཞེས་དྲིས་དུས། མོས་ལོས་དྲན། ཐེངས་སྔོན་མ་དེར་ལོ་སར་སྐབས་སུ་ལམ་གི་རིང་ཐུང་ཡོད་ཚད་ལ་ཁྱེད་རང་ལ་ཁ་བརྡ་བྱོས་ནས་ཡོང་མཁན་གྱི་བུད་མེད་དེ་རེད་མོད་ཟེར་ནས་ལན་བཏབས་དུས། ངའི་སེམས་ནང་དུ་སྣང་གང་ཡང་མེད་ཀྱང་། ངའི་མཛའ་མོས་མི་དགོས་ས་ཞིག་ནས་ཕྲག་དོག་བྱེད་ཀྱི་ཡོད་པ་གཞི་ནས་ཤེས་སོང་།

ང་ཚོས་སློབ་མ་དག་གི་གླུ་དབྱངས་དང་ཞབས་བྲོ། རོགས་སྐྱོར་ཚོགས་པ་དེ་ཡི་གཏམ་བཤད་སོགས་ལ་ལྟ་ཉན་བྱས་ཚར་བ་དང་ཟ་མ་ཟ་བའི་འགོ་བཙུགས། ཟ་མ་ཟ་བའི་སྐབས་སུ་ང་དང་མཛའ་མོ། གྲོགས་པོ་རྡོར་རྒྱལ་གྱི་བཟའ་ཐོར་རྒན་མོ། གྲོགས་པོ་བུ་ཆུང་གི་བཟའ་ཐོར་རྒན་མོ་ཤེས་རབ་ལྷ་མོ། བུ་མོ་གཉིས། པད་མ་དང་སྐར་མ། ད་དུང་། གྲོགས་པོ་བློ་བཀྲ་ཡི་རྒན་མོ་དང་བུ་མོ་གཉིས། ང་ཚོ་ཚང་མ་ལྷན་དུ་ཡོད། ཟ་མ་ཟ་བཞིན་པའི་སྐབས་ཤིག་ལ། གྲོགས་པོ་བུ་ཆུང་གིས་ཁོ་རང་འགྲོ་དགོས། མ་སོང་ན་བྱང་ཆུབ་དང་ལྷག་པ་གཉིས་འགོར་འགྲོ་ས་རེད། བདེ་མོ་བྱོས་ཟེར་ནས་ང་ལ་བཤད།

ངས་ཀྱང་ཁོང་ཚོས་རིག་ས་ནས་ལག་གཡུགས་བྱས་ནས་བདེ་མོ་བཞག སྐབས་དེ་འདྲ་ཞིག་ལ་ཤེས་རབ་ལྷ་མོས་ང་ལ་སྐད་ཆ་འདྲི་འགོ་བཙུགས། ཨ་ཅེ་སྒྲོལ་དཀར་ལ་མཛུབ་མོ་བསྟན་ནས། བུད་མེད་དེ་གང་དུ་བསྡོད་ཀྱི་ཡོད་པ་རེད་ཟེར། ངས་མོ་རང་གི་ལས་ཀ་ཨ་རིའི་གཞུང་ཚབ་ཁང་དུ་བྱེད་ཀྱི་ཡོད། ཀྲེ་ལ་བེས་ན་བསྡད་ཡོད་པ་རེད་ཅེས་བཤད་པ་ཡིན། དེ་དུས་མོ་རང་གིས་ང་ལ་དེས་ན་བུ་ཆུང་གིས་སྤིར་ཤེས་བ་ནས་རེད་ཟེར་གྱི་འདུག དེ་གང་རེད་དམ་ཟེར། དེ་དུས་ངས་ཤེས་པ་དེ་ཡིན། བསྟུད་ནས་མོ་རང་གིས་འདང་ནུབ་ཁྱེད་ཚོ་བུ་ཆུང་གི་ནང་དུ་མི་སུ་སུ་ཡོད་དམ། བུད་མེད་དེ་ཡང་ཡོད་པ་རེད་དམ་ཟེར། ངས་ཨ་ཅེ་སྒྲོལ་དཀར་ལ་མཛུབ་མོ་བསྟན་ནས། རེད། མོ་རང་ཡོད། དེ་ནས་བློ་བཀྲ བློ་དོན། རྡོར་རྒྱལ། ང་བཅས་བརྩི་བཞིན་པའི་སྐབས་སུ་གྲོགས་པོ་བུ་ཆུང་གིས་རང་གི་བུ་མོ་པད་མ་ཁྲིད་ནས་མོ་རང་གི་སར་སླེབས་སོང་། དེ་དུས་ཁོ་མོས་བུ་ཆུང་ལ་ཁྱེད་རང་གིས་ང་ལ་སྐྱག་རྫུན་བཤད་ནས་གང་བྱེད། རྡོ་རྗེ་ཡིས་བུད་མེད་དེ་ཀྲེ་ལ་བེས་ན་ཡོད་པ་རེད་ཟེར་གྱི་འདུག་ཟེར་ནས་བྱང་ཆུབ་ཀྱི་ཕྱོགས་སུ་མཛུབ་མོ་བསྟན་དུས་སུ། གཞི་ནས་ང་ཚོའི་བར་དུ་གོ་ལོག་ཐེབས་ཡོད་པ་ཤེས་སོང་།

ང་རང་དངོས་ནས་སྟབས་བདེ་བོ་མི་འདུག གྲོགས་པོ་བུ་ཆུང་དང་ཁོ་མོ་གཉིས་བཟའ་ཐོར་བྱུང་བ་དེ་ཡི་རྗེས་ནས་བཟུང་། ཤེས་རབ་ལྷ་མོ་དང་ཐུག་འཕྲད་བྱེད་ཐེངས་རེར། སྐད་ཆ་བཤད་བདེ་བོ་མི་འདུག རྒྱུ་མཚན་ནི་སྐད་ཆ་དྲང་མོའི་ལན་འདེབས་མི་ཐེབས་པ་དེ་ཡིན། དྲང་མོས་ལན་བཏབས་པ་ཡིན་ན། ཕན་ཚུན་གཉིས་ཀ་ལ་འཕོག་གི་ཡོད། དེ་ལས་ཐུག་འཕྲད་མ་བྱས་ན་བཟང་ན་ཡང་། ང་རང་གི་མཛའ་མོ་དང་ཁོ་མོ་གཉིས་གྲོགས་མོ་བཟང་བོ་ཞིག་གི་སྟེང་ན་དེང་སང་ཨག་གསར་ཡོད་པའི་དུས་ཤིག་ཆགས་ཡོད་པ་རེད།

དེང་རབས་རོལ་དབྱངས་ཀྱི་འགོ་བརྩམས་སོང་། རོལ་དབྱངས་དེ་ཡི་ཁྲོད་ནས་མི་ཞིག་གིས་འདི་ནི་རོལ་དབྱངས་ཐ་མ་དེ་ཡིན། ང་ཚོ་ཚང་མ་ཕྱིར་རླངས་འཁོར་དུ་འགྲོ་བ་ལ་སྐར་མ་བཅོ་ལྔ་མ་གཏོགས་མེད། ཚང་མས་རོགས་སྐྱོར་ཚོགས་མི་དང་དེ་འབྲེལ་གྱི་མི་དག་ལ་བཀའ་དྲིན་མཚོན་བྱེད་དུ། དེང་རབས་ཞབས་བྲོའི་སྟངས་སྟབས་ལྷན་དུ་ཡིན་ཟེར་ནས་དབྱིན་སྐད་ཀྱི་སྟེང་ནས་བཤད་སོང་།

ལག་འཇུ་ནི་མི་དག་གི་བདེ་མོ་འཇོག་སྟངས་ཤིག་ཡིན། སློབ་མ་དེ་དག་གི་ཁྲོད་ནས་ཁ་ཤས་ཤིག་ང་དང་མཛའ་མོ་ཡོད་སར་ཡོང་ནས་བདེ་མོ་བཞག དེ་དུས་ངས་ང་ལ་ལག་འཇུ་གཏོང་མཁན་གྱི་བུད་མེད་དེ་གཉིས་ལ་ང་རང་གི་མཛའ་མོ་ལ་ཡང་ལག་འཇུ་བཏང་ནས་བདེ་མོ་བྱོས་ཟེར་ནས་ཞུ་རོགས་ཞེས་སྐུལ་མ་ཞུས་པ་ཡིན། སློབ་མ་དེ་དག་ནི་རེ་རེ་བཞིན་རླངས་འཁོར་དུ་འཚུད་ཚར་སོང་། ང་ཚོ་ཤུལ་དུ་ཡོད་པ་ནི། གྲགས་འགུལ་མེད་པར་གྱུར་བ་དུས་མཚུངས། ཅ་དངོས་དག་བསྡུ་གསོག་བརྒྱབས། སློབ་མ་དེ་དག་ནི་སྐོར་ཐེངས་གཉིས་བྱས་ནས་གཟའ་པ་སངས་དང་དེ་ཡི་རྗེས་སུ་ཕྱིར་རྒྱ་གར་བོད་གཞིས་གྲོང་གང་ནས་ཡོང་བ་དེར་ལོག་འགྲོ་མཁན་ཡིན་ལ། སྐོར་ཐེངས་ལྔ་བཅུ་རྗེས་མ་དེ་དག་ཡང་མི་རིང་བར་སླེབས་ངེས་རེད། ཁོམ་པ་དང་དུས་ཚོད་བྱུང་ན་གནམ་ཐང་ལ་དེ་དག་བསུ་མ་ཞིག་བྱེད་དུ་འགྲོ་དགོས།

བོད་མི་འདུས་བསྡོད་ཀྱི་ས་གནས་གང་དུ་ཡིན་ཡང་། སྐུའི་འཁྲུངས་སྐར་སྤྱི་ཟླ་བདུན་པའི་ཚེས་དྲུག་ལ་གཏོང་གི་ཡོད་མོད། ཕྱི་རྒྱལ་ཁག་མི་ཉུང་བ་ཞིག་ན། དུས་ཚོད་དང་ལས་ཀ་སོགས་ཀྱི་དབང་གིས་ཟླ་ཚེས་ཡར་མར་ལ་ནུར་བཞིན་ཡོད་པ་རེད། དེ་ཡིན་དུས། ང་ཚོས་ད་ལོ་རོགས་སྐྱོར་ཚོགས་པ་འདིའི་གོ་སྒྲིག་འོག སོ་ནམ་སློབ་མ་ལྔ་བཅུ་དང་འདིར་བསྡོད་འདོད་བོད་མི་ཁ་ཤས་ཤིག མགྲོན་དུ་ཡོང་མཁན་གྱི་རྒྱལ་ཁབ་འདིའི་སྐྱེ་ཕོ་མོ་མི་ཉུང་བ་ཞིག ནགས་ཚལ་ཞིག་ནས་སྤྱི་ཟླ་བདུན་པའི་ཚེས་གཉིས། གཟའ་སྤེན་པ་ལ་བཏང་།

ཅ་དངོས་དག་འཁུར་ནས་ཚེ་རིང་དབྱངས་སྐྱིད་དང་ངེད་གཉིས་སྔོན་དུ་འདུག མཛའ་མོས་བུ་མོ་ཁྲིད། ཤེས་རབ་ལྷ་མོ་ལ་སྒུག་ནས་བསྡད་འདུག དེ་དུས་ངས་ཚེ་རིང་དབྱངས་སྐྱིད་ལ་ལམ་སྐབས་སུ་ང་རང་གི་མཛའ་མོ་ལ་སྐད་ཆ་མང་ཙམ་བཤད་དགོས་པར་འབོད་སྐུལ་བྱས་པ་ཡིན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese