རླུང་བུ་འདི་ཚུར་ལ་ཕྱོགས་ནས་འོང་
སྐད་ཆ་འདི་སྙིང་ལ་ཟུག་ནས་འོང་
ཞལ་རས་དེ་མིག་དུ་དཀྱིལ་ནས་འོང་
དོན་དངོས་སུ ཁྱོད་རང་སུ་ཡིན
གནམ་འོག་འདི་བདེ་ཞིང་སྐྱིད་དུས
ཁྱེད་ཀྱི་ང་རང་འཁུར་ནས་སོང་
གནམ་འོག་སྐྱོ་ཞིང་སྡུག་དུས
ཁྱེད་ཀྱི་ང་རང་བཞག་ནས་སོང་
ངས་ཁྱེད་ལ་དཀའ་ངལ་བཟོ་འདོད་མེད
ངས་ཁྱེད་ལ་མྱ་ངན་སྤྲོད་ན་མི་འདོད
ངས་འདོད་པ་ནི ཁྱེད་རང་ལ་བདེ་སྐྱིད་ཁོ་ན་ཞིག་ཐོབ་རྒྱུ་དེ་ཡིན
རི་ངོས་གཟར་ས་རེ་ནས ཕྱིར་མིག་མ་བལྟས
སེམས་པ་སྐྱོ་ཐེངས་རེ་ལ སྙིང་གཏམ་མ་བཤད
མིག་ཆུ་བཞུར་བའི་དུས་སུ ཁ་རོག་བསྡད་ཡོད
སྙིང་ཉེ་བའི་མི་ལགས ཁྱེད་རང་ལ་སུན་པོ་བཟོ་འདོད་མེད
སྐབས་སྐབས་སུ ཆུ་ཕྲན་དྭངས་མོ་ལྟ་བུ་མིག་ཆུ་དང་
རླུང་བུ་གྲང་མོ་ལྟ་བུའི་སུན་སྣང་
ཁ་བ་ལེབ་ལེབ་ལྟ་བུའི་སྐྱོ་བ
སྟོན་མཐུག་སྡོང་ལོའི་ལྟ་བུའི་མི་ཚེ་འདི་དག་གིས
ང་ལ་གང་ཞིག་བསྟན་ནས་འོང་
ཅི་ཞིག་སློང་ནས་འོང་
བསམ་གཞིགས་འཁྱེར་ནས་འོང་
སྒེའུ་ཁུངས་ཤིག་གི་ཕྱི་རོལ་དེ་ན
ཁྱེད་རང་ཡོད་དམ
རི་བོ་ཞིག་གི་ཕ་རོལ་དེ་ན
ཁྱེད་རང་བདེ་མོ་ཡིན་ནམ
སེམས་པ་ཞིག་གི་ནང་རོལ་དེ་ན
ཁྱེད་རང་ནམ་ཡང་གནས་ཤིང་འཚོ་བའི
སྐད་ཆའི་མགོ་མཇུག་དང་
ཚོར་བའི་ཟ་ཟུར་རེ་ན
ནམ་ཡང་བློས་མི་གཏོང་བའི་མི་ནི་ཁྱོད་རང་རེད
༢༧།༨།༡༡ལ་བྲིས།





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)
མྱི་ལྟིག་ཞིག་ཡོང་ནས་མ་གོ་ཟིག ཨ་ཤུ་རེ་གོ
ངས་དངོས་གནས་མ་གོ་ཐལ
གང་ལྟར་ཐེངས་གཅིག་བཀླགས་ཟིན།
ཆུ་ཐིགས་སྔོན་མོ་དང་བསྟན་འཛིན་ཤེས་རབ། འདྲེ་མགོ་རྡོ། ཁྱེད་རྣམ་པ་གསུམ་ཕེབས་པ་དེར་དགའ་ནས་ཡོད། བསམ་ཚུལ་གསུངས་པ་དེ་དག་ལ་དགའ་ནས་ཡོད། རྗེས་སུ་ཕེབས་རྐྱང་བྱོས།
ངའི་ཀློག་པ་པོའི་སྙན་ངག་ཀློག་གི་ཡོང་ཡོད། ཡིན་ནའང་། སྙན་ངག་མི་ཤེས། བསམ་ཚུལ་བཤད་རྒྱུ་མི་འདུག མགོ་སྒུར་ནས་ཕྱིར་ལོག་བྱས་ཟིན།
སྙན་ངག་བཀླགས་པ་ཡིན། སེམས་པ་གླན་ནས་ཡོད། སོམ་ཉི་ཉིལ་ལེར་བུད་སོང་ང་།
ཨ་རོག་་་དྲ་གྲོགས་ཡུན་རིང་མ་མཇལ་བས་ཁམས་བཟང་་
དེང་སང་སྙན་ངག་གི་ལམ་ནས་འདས་དོན་ལ་ཕྱི་མིག་རེ་འཕེན་གྱི་འདུག་ཀ་་་
མིག་ཟུང་དེ་ཕྱི་ལ་ཅི་ཙམ་བསྐོར་ཡང་་་་མཐོང་མི་ཐུབ་པ་ནི་འདས་ཟིན་པའི་སྣང་བརྙན་དེ་ཡིན་་་་་་་གལ་སྲིད་ཁྱེད་ཀྱིས་ཡོད་ཚད་རབ་རིབ་ཅིག་མཐོང་འདོད་ན་་་་མིག་ཟུང་བཙུམས་ནས་ལུས་སེམས་གཉིས་ཀ་ཞི་བར་གནས་པའི་ངང་ནས་རེ་རེ་བཞིན་དྲན་ངོགས་སུ་ལྷོད་ཀྱིས་འཐེན་ན་ད་གཟོད་སྣང་བ་རབ་རིབ་ཅིག་གིས་ངོགས་ནས་གསལ་ལ་མ་གསལ་བའི་ཚུལ་དུ་ཡོད་ཚད་ལ་ཕྱིར་དྲན་སྐྱིད་པོ་ཞིག་རྒྱག་ཐུབ་་་་ཨེ་གོ་ཐལ་་་་ཧཧཧ