དུས་རྒྱུན་དུ ཁྱེད་རང་ག་ལེར་འཇབ་ནས་འོང་
སུས་ཀྱང་མི་ཤེས་པའི་གནས་གང་ཞིག་ནས
ཁྱོད་རང་སུས་བཏང་སོང་
ང་གཅིག་བུའི་འགྲམ་ནས་མི་འབྲལ་བར
ཉིན་མཚན་བར་མེད་དུ དུས་ཚོད་ངེས་མེད་དུ
ང་ལ་དེ་འདྲའི་རིན་ཐང་བྲལ་བའི་དངོས་པོ་གང་ཡང་མེད
དངོས་ནས་ང་རང་དེ་འདྲའི་གལ་ཆེན་ཞིག་ཡིན་ན
ཁྱོད་ཀྱིས་སྐར་ཆ་གཅིག་དང་ སྐར་མ་གཅིག
དུས་ཚོད་གཅིག ཉིན་གཅིག ཟླ་གཅིག
ལོ་གཅིག མི་ཚེ་གཅིག མི་རྒྱུད་ཅིག
གང་ལ་ཡང་སྒུག་དགོས་དོན་མེད
ང་རང་འཁུར་ནས་སོང་
ངའི་ཡོད་ཚད་ཁྱོད་ལ་ཐོབ་རྗེས་སུ
ད་གཟོད་ཁྱེད་ཀྱིས བསམ་བློ་ཞིབ་མོ་ཞིག་གཏོང་སྲིད