ཁྱོད་ལ་དངོས་ནས་ཁག་མེད། སྤྱིར་བཏང་གནམ་འོག་འདིའི་ཁྱིམ་ཚང་གང་ཞིག་ལ་མཚོན་ནའང་། ཁྱིམ་ཚང་དེ་ལ་ཕ་མ་གཉིས་ཀ་ཡོད་ན། བཟང་ངན་ཡག་སྡུག་གང་བྱུང་རུང་། ཕ་མ་ཟེར་ནས་རྒྱབ་བསྟེན་ས་ཞིག་ཡོད་པ་དང་ཕ་མ་ཟེར་ནས་འབོད་ས་ཞིག་ཡོད་པ་རེད། དེ་ནི་དངོས་ནས་མེད་དུ་མི་རུང་བ་ཞིག་ཡིན་པ་ཁྱོད་ཀྱིས་བདག་ལ་ངར་སྐད་དང་ངུ་སྐད་དང་བཅས་མ་བཤད་ཀྱང་། ངས་ལོས་ཤེས། འོན་ཀྱང་། མི་རིགས་ཤིག་གི་ཉམ་ཉེས་ཁྲོད་དུ། མི་རིགས་ཤིག་གི་འབངས་མི་ཚོ་ལ། རང་ཉིད་ཀྱི་མི་རིགས་ལ་འགན་འཁུར་བའི་ལས་འགན་ཡོད་ལ། དེ་ཉིད་དང་དུ་ལེན་པ་ལའང་། དགོས་པ་དང་རྒྱུ་མཚན་ཞིག་ཏན་ཏན་ཡོད་པ་ཡིན། ལྷག་དོན་དུ་མི་རིགས་ཤིག་གཉའ་གནོན་དང་མནར་གཅོད་ཁྲོད་དུ་ཡོད་ན། དེ་ཡི་ཆེད་དུ་ཡར་བླངས་བྱེད་རྒྱུ་ནི། མི་རིགས་དེ་ལ་སྐྱེ་བའི་སྐྱེ་བོ་ཚང་མས་འོས་འགན་ཆགས་ཡོད་དུས། ངས་ཀྱང་འོས་འགན་དེ་ཉིད་དང་དུ་བླང་དེ་ཁྱེད་དང་བུ་དང་བུ་མོ་གཉིས་མི་སྐྱུར་ཐབས་མེད་ཀྱི་དུས་ཚོད་འདི་ངའི་མགོ་ཐོག་དུ་ལྷུང་བ་ཡིན།
དངོས་ནས་ཁྱོད་རང་ནི་འཇིག་རྟེན་འདིའི་སྟེང་གི་ཨ་མ་རླབས་ཆེན་ཞིག་ཡིན་པ་དེར་ང་རང་དགའ་ནས་ཡོད་ལ་ཡིད་ཆེས་ཀྱང་ཡོད། ངས་ཁྱོད་ལ་ང་རང་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཞི་བའི་གོམ་བགྲོད་བྱེད་དུ་འགྲོ་དགོས་པའི་རྒྱུད་རིམ་བཤད་དུས་སུ། ཁྱོད་རང་གློ་བུར་དུ་ངུ་སྒྲ་དང་བཅས། ཁྱོད་རང་དོ་ནུབ་སོང་ན་འགྲིག་གི་རེད་གསུངས་སོང་། དེ་ནུབ་དེ་ལྟར་བུད་འགྲོ་ས་ཞིག་ཡོད་ན་ང་རང་སོང་ན་ལོས་ཆོག ངས་རང་ཉིད་ཀྱིས་གང་བྱེད་ཀྱི་ཡོད་མེད། གང་བྱེད་འདོད་ཡོད་པ་དེ་དག་ཤེས་དགོས་པའི་མི་དང་བོ་དེ་ནི་ཁྱེད་རང་ཆགས་ནས་ཡོད་དུས། ཁ་ཁོག་པའི་མ་གསང་བར་ཁྱོད་ལ་བཤད་པ་རེད། ཁྱོད་རང་གིས་ང་ལ་བསམ་ཤེས་ཤིག་དང་མི་རིགས་ཤིག་གི་སྐྱིད་སྡུག་ལ་བསམ་ཤེས་དང་ཀུ་ཡངས་རེ་བྱེད་མི་ཡོང་ངམ་སྙམ་ན་འང་། ཁྱོད་རང་གིས་རང་ཉིད་ཀྱི་ཁྱིམ་ཚང་གི་སྐྱིད་སྡུག་དང་བུ་དང་བུ་མོ་གཉིས་ཀྱི་མ་འོངས་པའི་སྐོར་ལས་གང་ཡང་མ་མཐོང་བ་དེ་ཡང་། དངོས་ནས་བཤད་ན་ཁྱོད་རང་ལ་ཁག་ག་ལ་ཡོད། འཇིག་རྟེན་གྱི་སྐྱེ་བོ་ཕལ་ཆེ་བ་ཞིག་དེ་ལྟར་ཡིན་ལ། ལྷག་དོན་དུ་རང་དབང་དང་རྒྱལ་ཁབ་ཡོད་པའི་སྐྱེ་བོ་ཚོ་དེ་ལྟར་ལོས་ཡིན། ཡིན་ཡང་ལོས་དགོས། འོན་ཀྱང་། ཁྱོད་རང་གིས་དེང་ཐོག་ནས་ང་རང་ནི་རྒྱལ་ཁབ་མེད་པའི་མི་དང་། རང་དབང་ཤོར་བའི་མི་རིགས་ཤིག་ཡིན་པ་ནི་ཤེས་ཡོད་པ་རེད། རང་དབང་དང་རྒྱལ་ཁབ་མེད་པའི་མི་ཞིག་གི་སྡུག་བསྔལ་ནི་ཁྱོད་ལ་མཚོན་ན་ག་འདྲ་ཞིག་ཡིན་པ་ནི་ལོ་རྒྱུས་ཙམ་ཡིན། ཁྱོད་ཀྱི་རང་དབང་མེད་པའི་མི་རིགས་དང་རྒྱལ་ཁབ་མེད་པའི་མི་རིགས་ཀྱི་གོ་ཐོས་མང་བོ་ཡོད་པ་རེད་ལ། ཁྱོད་ཀྱི་མི་རིགས་ཀྱང་རང་དབང་དང་རྒྱལ་ཁབ་རང་ལག་དུ་སོན་ནས་མི་ལོ་དྲུག་བཅུ་ལྷག་ལས་སོང་མེད་ཀྱང་། ཁྱོད་རང་མི་ཡུལ་དེར་སྐྱེ་དུས་སུ་ཁྱོད་ལ་རྒྱལ་ཁང་དང་རང་དབང་ཡོད་པའི་རྒྱལ་ཁབ་མེད་པ་དང་རང་དབང་མེད་པའི་མི་རིགས་ཀྱི་སྐྱིད་སྡུག་ཁྱོད་རང་གི་ལུས་ཐོག་ལ་གཏན་ནས་འོང་མ་མྱོང་བ་ཡིན།
ཁྱོད་རང་གིས་ང་རང་ནི་ཆེས་ཁྲེལ་གཞུང་མེད་པའི་འཇིག་རྟེན་འདིའི་སྟེང་གི་ཕ་རྒན་ཞིག་ལ་ངེས་འཛིན་བྱེད་ཀྱི་ཡོད་སྲིད། དེ་ལྟར་བྱས་ཀྱང་ངས་ཁྱོད་ལ་ལེ་འདེད་ག་ནས་བྱེད། བྱེད་ཀྱང་འོས་པ་མིན། རེད་དེ། ངས་ཀྱང་ཡིད་ཆེས་བྱེད་ཐུབ་པ་ཞིག་ནི། ཁྱོད་རང་ཡང་ཞི་བདེ་དང་རང་དབང་ལ་དགའ་བའི་བུད་མེད་ཅིག་ཡིན་པ་ཤེས་ཀྱི་ཡོད། དེ་ཡིན་དུས་འགྲོ་བ་སྤྱི་མཚུངས་ལྟར་བོད་མི་རིགས་འདི་ལ་རང་དབང་དང་ཞི་བདེ་ཞིག་ཡོད་ན། ངས་ཀྱང་རང་གི་ཤ་ལས་མཆེད་པའི་བུ་དང་བུ་མོ་གཉིས་ལ་བལྟ་སྐྱོང་བྱེད་རོགས་བྱེད་ན་ལོས་འགྲིག བྱེད་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་། ད་ལྟ་ང་ཡི་མི་རིགས་དེ་བོད་གཞིས་ལུས་མི་མང་རྣམས་ཀྱི་ཚེ་སྲོག་ལ་ཤེས་རབ་ཀྱི་མེ་ལྕེ་ཡི་འཚིག་བཞིན་ཡོད། ཉི་མ་རེ་རེ་བཞིན་འབར་བཞིན་ཡོད། མུ་མཐུད་དུ་འདི་ལྟར་སོང་ན། ངའི་མི་རིགས་འདིའི་མེ་ལྕེ་དེ་ཞེ་སྡང་གི་མེ་ལྕེ་ཞིག་དུ་འགྱུར་བར་ང་ལ་སེམས་འཚབ་ཆེན་པོ་ཡོང་གི་འདུག ཐ་ན་ང་རང་གི་རྨི་ལམ་ཡང་རྨིས་པ་སོགས་ཁྱོད་དང་ཁྱོད་ཀྱི་མ་རྒན་ལ་ཐེངས་ཤིག་བཤད་མྱོང་བ་ལྟར་རེད། མཐའ་དོན་ངས་ཁྱོད་ལ་རང་གི་ཤ་དང་རུས་པའི་གསེང་ནས་མཆེད་པའི་བུ་དང་བུ་མོ་གཉིས་དང་བཞག་ནས་འགྲོ་དོན་དེ། བཤད་མཚམས་འདི་ལ་སླེབས་པའི་ཅུང་ཙམ་བསམ་ཤེས་ཐུབ་པའི་ཡིད་ཆེས་བྱེད་རྒྱུ་ཡིན་ལ། བུ་དང་བུ་མོ་གཉིས་ཆེན་པོ་ཆགས་ནས་འོང་དུས། ཕ་རྒན་ངས་སྐྱུར་ནས་འགྲོ་དོན་ཡང་གསལ་བོ་བཤད་ན་འགྲིག་གི་ཡོད། ང་རང་ཁྱེད་མ་བུ་གསུམ་ལ་བརྩེ་བ་མེད་པའི་གཏན་ནས་མིན། ངའི་རྒྱུད་ན་བརྩེ་བ་ནི་འགྲོ་བ་མི་ཡོད་ཚད་ལ་ཡོད་པ་མ་ཟད། སྲོག་ཆགས་དབུགས་ཐོག་ཚང་མ་ལ་ཡོད། དེ་ནི་ཁ་སྤོབས་ཙམ་མིན་པར་ངའི་ཟ་འཐུང་གི་སྐོར་ནས་ཁྱོད་ལ་ངོ་སྤྲོད་ཐོབ་ཡོད་སྲིད་པ་ཡིན།
གལ་སྲིད། ང་རང་སྟབས་མ་ལེགས་པར་ཞི་བའི་འཐབ་རྩོད་ཀྱི་ཁྲོད་ནས་ཚེ་འདས་པ་ཡིན་ན། ང་རང་ནི་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་པའི་བོད་མི་ཞིག་ཡིན་དུས། བསྐལ་བའི་མཐའ་ལ་ཐུག་གི་བར་དུ་ཁྱོད་མ་བུ་གསུམ་གྱི་གཙོ་བའི་ཉམ་ཐག་སྐྱེ་འགྲོ་དག་གི་ཆེད་དུ། གཞན་དོན་ཁོ་ན་བྱེད་པའི་སྐྱེ་བ་ཐོབ་པར་སྨོན་འདུན་དང་ཁྱོད་མ་བུ་གསུམ་ལ་སྙིང་ཐག་པ་ནས་འགྱོད་གཤེགས་དང་བཅས་དེ། ཁྱོད་ཀྱི་ལྷན་དུ་མི་ལོ་གསུམ་ལྷག་བསྐྱལ་མྱོང་བའི་འཇིག་རྟེན་འདིའི་སྟེང་གི་དགའ་བོ་ཞིག་ནས་བྲིས་པ་ཡིན། ངས་ཡི་གི་འདི་འབྲི་དུས་སུ། ང་ད་དུང་ཁྱོད་དང་ལྷན་དུ་ཡོད་ལ། ཁྱོད་ཀྱི་ལག་དུ་བུ་ཆུང་ཁ་བའི་ལྷ་སྲས་བཟུང་ནས། རང་གི་མ་ལོ་ལ་ཁ་བརྡ་ཞིག་བྱེད་ཞོར་དུ། བརྙན་འཕྲིན་ལ་བལྟས་དེ་བསྡད་ཡོད། མཇུག་མཐར་ངས་ཁྱོད་མ་བུ་གསུམ་གྱི་མི་ཚེ་ནང་དུ་དཀའ་ཚེགས་མི་ཡོང་བར་སྨོན་འདུན་ཞུ། ཞོར་དུ་ཁྱོད་ཀྱི་མ་ལོ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ལོ་ངོ་འདི་དག་གི་རིང་ལ་ང་ཚོ་ལ་ཟས་གོས་གནས་མལ་གྱི་འགྲོ་གྲོན་བཏང་བ་རེད། ལྷག་དུ་ང་རང་སོང་ཤུལ་ནས་ཁྱོད་ལ་ཁྱོད་ཀྱི་མ་ལོས་བལྟ་སྐྱོང་དང་རོགས་རམ་མང་དུ་གཏོང་དགོས་པ་ཡིན་དུས་། ངས་ཁྱོད་རང་རྒྱུད་དེ་མོ་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་དང་དགོང་དགས་ཞུ་རྒྱུ་ཡིན། ཁྱོད་ཀྱི་ཕ་ལོས་ཀྱང་། ངས་དེ་རིང་ཡི་གེ་འབྲི་བྱེད་ཀྱི་གློག་ཀླད་འདི་དང་འཕྲུལ་ཆས་ཀྱི་རིགས་དང་། བུ་མོ་གཉིས་ལ་ཅ་དངོས་ཆེས་མི་ཉུང་བ་ཞིག་ལག་སྐྱེས་སྤྲད་པ་དེར་ངས་གཏན་ནས་བརྗེད་མེད་ཅེས་ཞུ་རོགས་གནོང་། ད་མང་བོ་མི་བཤད། བར་སྐབས་འདི་ནས་མཚམས་འཇོག་གི་ཡིན། བཤད་དགོས་པ་ཕལ་ཆེར་ངས་བཤད་ཚར་ཡོད། བདེ་མོ་བྱོས།
༡༤།༢།༡༢དགའ་བོའི་ཉིན་མོ་བྲིས།
གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་སྡོམ་པོ་སྐྱིད་། ད་དུང་གཅུང་མོ་ལྷ་མོ་སྐྱིད་བཅས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ད་སང་ཁྱེད་སྐྱེམ་མས་ཁ་བཏག་གཡོག་ཏུ་ཡོང་ངས་ཡིན་ལགས། ངས་ཁྱེད་ལ་སེམས་གཏང་ནས་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི་ཁྱེད་ཀྱི་གཅུང་མོ་ལགས་ཀྱིས་བོད་མི་རིགས་ཀྱི་ཆེད་སེམས་ཐགས་བཅད་པ་ལ་རྗེས་སུ་ཡི་རང་ཡོད། ཡིན་ནའང་གཅུང་མོ་ལགས་ད་དུང་ལོ་ན་ཧ་ཅང་ཆུང་བ་མ་ཚད་ཁོང་གི་སློབ་སྦྱོང་བྱེད་བཞིན་ཡོད་པས་ཁོང་གི་གོ་སྐབས་རྩ་ཆེན་འདི་ཆད་སོང་ན་དེ་ནི་ངོ་མ་ཁྱེད་ཁྱིམ་ཚང་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ཀྱོང་ཚབ་ཆེན་ཞིག་ཏུ་ངོས་འཛིན་ཆོག། དེས་ཕྱིར་ཁོང་གི་སློབ་སྦྱོང་མི་མཐུད་དུ་བྱེད་རྒྱུ་བྱས་ན་ངོ་མ་རང་མི་རིགས་ཀྱི་གཉན་འཕྲང་ཆེ་བའི་སྐབས་འདིར་ཕན་ཐོག་པ་དེ་རེད། དེས་ན་ཐུགས་རྗེ་གཟིགས་གནས་སྐབས་རིང་མོ་ཕྱིར་འཐེན་ཡོང་བས་རེ་བ་སྙིང་ཁུངས་ནས་ཞུ་བཞིན་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་སྡོམ་པོ་སྐྱིད་། ད་དུང་གཅུང་མོ་ལྷ་མོ་སྐྱིད་བཅས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ད་སང་ཁྱེད་སྐྱེམ་མས་ཁ་བཏག་གཡོག་ཏུ་ཡོང་ངས་ཡིན་ལགས། ངས་ཁྱེད་ལ་སེམས་གཏང་ནས་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི་ཁྱེད་ཀྱི་གཅུང་མོ་ལགས་ཀྱིས་བོད་མི་རིགས་ཀྱི་ཆེད་སེམས་ཐགས་བཅད་པ་ལ་རྗེས་སུ་ཡི་རང་ཡོད། ཡིན་ནའང་གཅུང་མོ་ལགས་ད་དུང་ལོ་ན་ཧ་ཅང་ཆུང་བ་མ་ཚད་ཁོང་གི་སློབ་སྦྱོང་བྱེད་བཞིན་ཡོད་པས་ཁོང་གི་གོ་སྐབས་རྩ་ཆེན་འདི་ཆད་སོང་ན་དེ་ནི་ངོ་མ་ཁྱེད་ཁྱིམ་ཚང་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ཀྱོང་ཚབ་ཆེན་ཞིག་ཏུ་ངོས་འཛིན་ཆོག། དེས་ཕྱིར་ཁོང་གི་སློབ་སྦྱོང་མི་མཐུད་དུ་བྱེད་རྒྱུ་བྱས་ན་ངོ་མ་རང་མི་རིགས་ཀྱི་གཉན་འཕྲང་ཆེ་བའི་སྐབས་འདིར་ཕན་ཐོག་པ་དེ་རེད། དེས་ན་ཐུགས་རྗེ་གཟིགས་གནས་སྐབས་རིང་མོ་ཕྱིར་འཐེན་ཡོང་བས་རེ་བ་སྙིང་ཁུངས་ནས་ཞུ་བཞིན་ཡོད།
དྲ་གྲོགས་དག། མྱི་ངན་འདིས་ཀློག་པ་པོ་དག་ལ་བསླུ་བྲིད་གཏོང་གི་ཡོད་སྟབས། གཡམ་བཤད་འདི་རིགས་ལ་ཡིད་ཆེས་དགོས་དོན་མེད། དོན་ངོ་མར་ཁོ་ལ་འདི་འདྲའི་སྙིང་སྟོབས་ཤིག་དང་ལྷག་བསམ་ཞིག་གཏད་ནས་མེད། ཁོང་ཡང་སྐྱར་དེབ་ཅིག་གི་བརྗོད་བྱ་འཚོལ་བཞིན་པ་རེད།
བོད་ཤ་ཁྲག་རུས་གསུམ་ཞེས་པ་འདིས་སྐྱག་རྫུན་འདི་རིགས་ལ་སུ་ཞིག་གིས་ཡིད་ཆེས་བཤད། ཁྱི་སྐྱག་འདིས་དེ་སྔོན་ཡང་རང་ཉིད་ཀྱི་སྙན་གྲགས་དོན་དུ་གཉེར་ཏེ། བོད་པའི་བུ་མོ་ཞིག་མྱི་ཁར་བརྫིངས་ཡོད་ལ། དེ་བཞིན་འཕྲིན་ཡིག་ཐར་ཐོར་ཁག་གཅིག་ཕྱོགས་བསྒྲིགས་བྱས་ཏེ། དེ་ནི་ཁོ་རང་གི་སྙིང་གཏམ་ཡིན་པ་དང་། བུ་མོ་དེའི་ཆེད་དུ་ཁོས་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་གི་ཡོད་ཚུལ་བཤད་ཡོད་ཀྱང་། ཧང་སངས་པ་ཞིག་ལ། དེ་རིང་ཚེ་བརྟན་རྡོ་རྗེའམ་བོད་ཤ་ཁྲག་རུས་གསུམ་ཕྲུ་གཉིས་ཀྱི་ཨ་ཕར་གྱུར་འདུག་པ་མ་ཟད། སྐྱེས་དམན་དེ་ཡང་མི་རིགས་གཞན་ཞིག་དང་། དེ་བས་ཀྱང་ཆོས་ལུགས་དེ་ཡང་མི་ཅིག་པ་ཞིག་བདམས་ཏེ། བོད་མི་རིགས་རིག་གཞུང་དང་བཅས་པར་མཐོང་ཆུང་བློ་ཡུལ་ལས་འདས་པ་ཞིག་བྱས་ཡོད། དེ་རིང་ཡང་། བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་དག་གོ་མ་ཐག གོ་སྐབས་འདི་བརྒྱུད་དེ་མིང་གྲགས་སྐམ་པོ་ཞིག་འཚོལ་ཐབས་སུ། མི་མང་ལ་མགོ་སྐོར་གཏོང་གི་ཡོད་ལ། ཀློག་པ་པོ་དག་ལ་བསླུ་བྲིད་གཏོང་གི་ཡོད་པ་ནི་ཀུན་གྱིས་ཤེས་པར་འཚལ།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱི་ཟིན་བྲིས་ཁག་བཀླགས་དུས་སེམས་གཏིང་ནས་སྤྲོ་དགའ་གནོན་མི་ཤེས་པ་ཞིག་སྐྱེས་སོང་། གང་ཞེ་ན་ང་ཚོར་ཁྱེད་ལྟ་བུའི་འཐབ་རྩོད་པ་ཡོད་ཚེ་བོད་མི་རིགས་འདི་སྔ་ཕྱི་ཙམ་མ་གཏོགས་སྡུག་བསྔལ་གྱི་མུན་དོང་ལས་ཐར་རྒྱུ་རེད། ཁྱེད་ཀྱི་བསམ་དོན་འགྲུབ་པར་སྨོན། ངས་ཁྱེད་ལ་དམ་བཅའ་འབུལ་རྒྱུ་ཞིག་ལ། ཁྱེད་ཉིད་སྐུ་གཤེགས་པ་ཡིན་ན། ལོ་རེ་རེའི་ཁྱེད་ཉིད་འདས་མཆོད་ལ་ངས་རྗེས་དྲན་སྙན་ངག་རེ་རེ་བྲིས་ནས་ང་མ་ཤི་བར་ཏུ་ཁྱེད་ལ་རྗེས་དྲན་བྱེད་རྒྱུ་ཡིན། འདི་ནི་ཁྱེད་ལ་ཐེངས་འདིའི་ལམ་འཇུག་ཡིན། ཨ་མའི་བུ་རྒོད་པོ། བདེ་བར་བཞུད་ཅིག །
དྲ་གྲོགས་ལགས་ཁྱེད་ལ་ཆེད་དུ་ཟིན་ཐོ་ཤིག་སྤེལ་ཡོད་པས་གཟིགས་རོགས་གནང་།
བྲེལ་བ་ལོང་ནས་ཆད་ལྷག་མང་པོ་ཤོར་འདུག
མུས་མཐུན་མ་རེད་་་་་་མོས་མཐུན་རེད།
རྣམ་དཔྱད་མ་རེད་་་་རྣམ་དཔྱོད་རེད།
བསྒྲུག་ཆོག་མ་རེད་་་་་བསྒྲུབ་ཆོག་རེད།
མི་འདྲ་མ་རེད་་་་་མི་འདྲ་བ་རེད།
རྩོམ་ཡིག་འདི་བཀླགས་མ་ཐག
འགོག་མི་ཐུབ་པའི་དངངས་སྐྲག་ཞིག་སྐྱེས་ནས་རིག་་པ་འདི་མགྱོགས་པོ་འདོན་འདོད་བྱུང་།
རང་ཉིད་མི་ཡུལ་འདི་རུ་འགྲོ་བ་མི་ཞིག་ཡིན་ཙམ།
ཐབས་ཇུས་བརྒྱ་སྟོང་མང་པོ་འཚོལ་ནས་་་རང་རྒྱལ་དང་རང་རིགས་ལ་ཕན་པའི་རླབས་ཆེན་གྱི་བྱ་བཞག་གང་མང་བསྒྲུག་ཆོག་ངེས་ཡིན་པས།
ཁྱེད་རང་གིས་བསམ་བློ་ཁྱེར་སྟངས་དང་ལས་ཀའི་ངོ་བོ་་་ཐག་བཅོད་གནངས་སྟངས་སོགས་ལ་མུས་མཐུན་གཏན་ནས་ཞུ་གིན་མིན།
ད་དུང་་fང་ཚོ་་་བོད་ནང་གི་བོད་མི་དང་མི་འདྲ་་་དབང་རང་གི་ལུང་པ་ནང་དུ་ཡོད་པས་་་་རྣམ་དཔྱད་རྩལ་སྟོན་དང་་་་ཐབས་ལམ་དང་གོ་སྐབས་མང་པོ་རག་ངེས།།
བོད་ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱི་སྐད་ཆ་འདི་དངོས་བདེན་ཡིན་མིན་གང་ལྟར་ཡང་། འཕྲིན་ཡིག་འདི་བཀླགས་ཏེ་རང་ཉིད་ཀྱི་བསམ་ཚུལ་ཞིག་ཞུ་འདོད་བྱུང་། དེང་སྐབས་བོད་མི་ཡོད་དོ་ཅོག་གི་སེམས་སུ་གནོན་དཀའ་བའི་ཚོར་བ་སྨྲ་མི་ཤེས་པ་ཞིག་ཡོད་པ་གཅིག་མཚུངས་ཡིན་རྒྱུ་རེད། འོན་ཀྱང་། འཐབ་རྩོད་གནང་སྟངས་ལ་རིག་པ་སྒྲིམ་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ཁྱེད་རང་ཡིན་ནའང་སོ་སོའི་ཤ་ལས་མཆེད་པའི་བུ་བུ་མོ་གཉིས་ཀྱི་ཕ་ཞིག་ཡིན་ཚོད་རེད། ཁོང་གཉིས་ཀྱི་འཚོ་བའི་ཕུགས་འདུན་ལ་འོད་སྣང་སྒྲོན་མཁན་ནི་ཁྱེད་རང་ཡིན་པས། ཁྱེད་ཀྱིས་ཁོང་གཉིས་ཀྱི་སྐྱེས་འཚར་ལེགས་པར་མ་སོན་གོང་གླེན་ཚུགས་ལྟ་བུས་འདི་ལྟར་བཞག་ཏེ་འགྲོ་རྒྱུ་བསམ་པ་དེ་ཧ་ཅང་ཅོལ་ཆུང་གི་དྲན་ཕྱོགས་ཤིག་ལས་རྒྱལ་ཞེན་པ་དང་བྱང་ཆུབ་སེམས་དཔའ་ཟེར་བའི་ཆབ་སྲིད་པའི་ཀི་ཅོ་གཏན་ནས་སྒྲོག་བསམ་མ་སྐྱེས། གལ་སྲིད་ཁྱེད་རང་མི་རིགས་ལ་བརྩེ་ཞིང་དུང་བའི་མི་ཞིག་ཡིན་པའི་ཚེ། ཁྱོས་རང་གི་གཅེས་པའི་བུ་ཕྲུག་གཉིས་མི་རིགས་འདིའི་རྒྱུན་བསྲིང་ཐུབ་པའི་མི་བུ་འཇོན་ཐང་ཅན་རེ་འཁྲུང་དུ་ཞོག་དང་། དེ་ཁྱོས་མི་རིགས་ལ་བཞག་པའི་ལེགས་སྐྱེས་རྩ་ཆེན་ཞིག་ཡིན།
བོད་ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱི་སྐད་ཆ་འདི་དངོས་བདེན་ཡིན་མིན་གང་ལྟར་ཡང་། འཕྲིན་ཡིག་འདི་བཀླགས་ཏེ་རང་ཉིད་བསམ་ཚུལ་ཞིག་ཞུ་འདོད་བྱུང་། དེང་སྐབས་བོད་མི་ཡོད་དོ་ཅོག་གི་སེམས་སུ་གནོན་དཀའ་བའི་ཚོར་བ་སྨྲ་མི་ཤེས་པ་ཞིག་ཡོད་པ་གཅིག་མཚུངས་ཡིན་རྒྱུ་རེད། འོན་ཀྱང་། འཐབ་རྩོད་གནང་སྟངས་རིག་པ་སྒྲིམ་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ཁྱེད་རང་ཡིན་ནའང་སོ་སོའི་ཤ་ལས་མཆེད་པའི་བུ་བུ་མོ་གཉིས་ཀྱི་ཕ་ཞིག་ཡིན་ཚོད་རེད། ཁོང་གཉིས་ཀྱི་འཚོ་བའི་ཕུགས་འདུན་ལ་འོད་སྒྲོན་མཁན་ནི་ཁྱེད་རང་ཡིན་པས། ཁྱེད་ཀྱིས་ཁོང་གཉིས་སྐྱེས་འཚར་ལེགས་པར་མ་སོན་གོང་གླེན་ཚུགས་ལྟ་བུས་འདི་ལྟར་འགྲོ་རྒྱུ་བསམ་པ་དེ་ཧ་ཅང་ཅོལ་ཆུང་གི་དྲན་ཕྱོགས་ཤིག་ལས་རྒྱལ་ཞེན་པ་དང་བྱང་ཆུབ་སེམས་དཔའ་ཟེར་བའི་ཆབ་སྲིད་ཀི་ཅོ་གཏན་ནས་སྒྲོག་བསམ་མ་སྐྱེས། གལ་སྲིད་ཁྱེད་རང་མི་རིགས་བརྩེ་ཞིང་དུང་བའི་མི་ཞིག་ཡིན་པའི་ཚེ། ཁྱོས་རང་གི་གཅེས་པའི་བུ་ཕྲུག་གཉིས་མི་རིགས་འདིའི་རྒྱུན་བསྲིང་ཐུབ་པའི་མི་བུ་འཇོན་ཐང་ཅན་རེ་འཁྲུང་དུ་ཞོག་དང་། དེ་ཁྱོས་མི་རིགས་ལ་བཞག་པའི་ལེགས་སྐྱེས་རྩ་ཆེན་ཞིག་ཡིན།
ཨ་རོ་དྲྭ་གྲོགས། ང་དངངས་སྐྲག་སྐྱེ་རུ་བཅུག་སོང། ཁྱེད་ལ་དེ་འདྲའི་སྙིང་སྟོབས་ཆེ་བ་ལ་ཨང། སྔ་གཞུག་ལ་བསམ་བློ་ནན་མོ་བཏང་ཡོད་རྒྱུ་རེད། རྗེས་སུ་འགྱོད་པ་མེད་པར་ཤོག མི་རིགས་ཀྱི་ཆེད་དུ་འདི་ལྟར་ཆས་པར་རླབས་ཆེན་རེད།