མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་པན་ཁྲིམས་ཁང་གིས་བདེན་པའི་རལ་གྲི་ཅིང་ལ་བཙུཊ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཡུའི་ཆིན་ཤིན་གྱིས་བརྩམས།   ཆབ་ཆ་འབྲུག་བྷེ་ཡིས་བསྒྱུར།

༢༠༡༤ ལོའི་ཟླ་ ༢ པའི་ཚེས་ ༡༠ ཉིན་སི་པན་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས། ཀྲུང་གོའི་སྲིད་འཛིན་ཟུར་པ་ཅིང་ཙེ་མིན་སོགས་མི་ལྔར་མི་རིགས་ལ་རྒོལ་པ། ཞེས་པའི་ཉེས་མིང་འོག་འཛམ་གླིང་གང་སར་ཁོང་ཚོ་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཏང་། ཚེས་ ༡༡ ཉིན་ཀྲུང་གོའི་ཕྱི་སྲིད་མགྲིན་ཚབ་པ་མཛེས་མ་དེས་འཇུ་བཟུང་བཀའ་རྒྱ་དེའི་ཐད་མི་འདོད་བའི་རྣམ་འགྱུར་བསྟན་ཏེ། སྔར་བཞིན་དོན་དངོས་ལ་ཁས་ལེན་མི་བྱེད་པར་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཟེར།

སི་པན་ཁྲིམས་ཁང་གི་ཁྲིམས་དཔོན་(Ismael Moreno)ལགས་གྱིས། ཕྱི་ཟླ་ ༢ པའི་ཚེས་ ༡༠ ཉིན་ཆོག་མཆན་སྤྲད་པའི་འཇུ་བཟུང་བཀའ་རྒྱ་དེར་ཁྲིམས་ཁང་གིས་མིང་རྟགས་འགོད་རྒྱུའི་རྩ་བའི་འཆར་གཞི་ ༢༠༡༣ ལོའི་ཟླ་ ༡༡ ནང་ཡིན་ཡང་། བཅའ་ཁྲིམས་ཀྱི་ཉམས་མྱོང་གནད་དོན་གྱི་དབང་གིས་ད་ལོའི་བར་ཕར་འགྱངས་བྱེད་དགོས་བྱུང་འདུག ཅིང་ཙེ་མིན་བོད་ཁུལ་དུ་རིགས་རྒྱུད་རྩ་མེད་གཏོང་མཁན་གྱི་ཉེས་ཅན་པ་ཡིན་པའི་རྐྱེན་གྱིས་འཇུ་བཟུང་བཀའ་རྒྱ་བཀྲམས། སྐྱོན་འདོན་ཞུ་གཏུག་འདི་ཧ་ལམ་ཅིང་ཙི་མིན་གྱི་བློ་ངོར་ཡང་ཤར་མེད་པའི་གནས་ཚུལ་ཞིག་ཡིན་ངེས། རྒྱུ་མཚན་ནི་ཁོ་བོས་ཆེས་སྐྲག་སྣང་ཅན་ས་ནི་དྲུག་བཞིའི་དམར་གསོད་དོན་རྐྱེན་དང་། རྩ་རླུང་སྒོམ་སྒྲུབ་པར་མནར་གཅོད་བཏང་པ་སོགས་རེད། ད་དུང་འཇིག་རྟེན་འདིར་ཁོ་རང་གི་ཉས་སྤྱོད་མང་པོ་ཞིག་གིས་ཁོ་ལ་སྒུག་ནས་ཡོད། བོད་མི་དམར་གསོད་དང་མནར་གཅོད་བཏང་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་ཚུལ་དེ་ལྟ་བུ་ཀྲུང་གོས་དབང་སྒྱུར་བྱས་ཚུན་ལ། ལོ་ངོ་བཅུ་ཕྲག་གཅིག་རེའི་ནང་དུའང་མཚམས་མ་ཆད་པར་བྱུང་དང་འབྱུང་བཞིན་ཡོད། དེའི་ཐོག་ནས་མཐོང་ཐུབ་པ་ནི་ཅིང་ཙི་མིན་གྱི་གྱོད་དོན་ཞུ་གཏུག་ལ་འདྲི་གཅོད་ཡོད་པ་ནི་ལས་དབང་གིས་ཐག་བཅད་པ་ཞིག་རེད། ཁོས་བཟོས་པའི་བྱ་ངན་སྤྱོད་ངན་ཧ་ཅང་མང་ལ་ནག་ཉེས་དེ་དག་གིས་ཁོ་བོ་འདྲི་གཅོད་སྟེགས་བུར་སྐྱེལ་གྱིན་ཡོད།

སི་པན་ཁྲིམས་ཁང་དེ་ཅིང་ཙི་མིན་གྱི་དགྲ་ཟླ་ཆགས་ཡོད། ལོ་བཞིའི་ནང་ཐེངས་གཉིས་ལ་ཅིང་གི་ནག་ཉེས་ཞུ་གཏུག་ལེགས་འགྲུབ་བྱུང་འདུག སི་པན་ཁྲིམས་ཁང་གིས་༢༠༠༩ ལོའི་ཟླ་ ༡༡ པར་བཀའ་རྒྱ་བཏང་སྟེ། རྩ་རླུང་སྒོམ་སྒྲུབ་ཀྱི་སློབ་ཕྲུག་ཚོས་ཞུ་གཏུག་བྱས་པའི་ཅིང་ཙི་མིན་སོགས་ཀྲུང་གོའི་མཐོ་རིམ་དཔོན་རིགས་ལྔས་ཁོང་ཚོའི་ཚོགས་སྤྱི་རྩ་གཏོར་གྱི་ཉེས་པ་བསགས་པའི་གྱོད་དོན་སྒྲུབ་ཡོད་པ་མ་ཟད། གྱོད་ཡ་ཅིང་སོགས་ཀྱིས་ཉིན་བཞི་ནས་དྲུག་གི་ནང་ཚུན་ལ་ངེས་པར་དུ་བརྡ་ལན་སྤྲོད་དགོས་པའི་རེ་བ་བཏོན་ཡོད། ཁྲིམས་ཁང་གི་བརྡ་ཁྱབ་ནང་གལ་སྲིད་གྱོད་ཡའི་ཉེས་མིང་དེར་ཁོང་ཅག་གིས་ཡ་ལན་དག་འཕེར་ཞིག་མེད་པ་ཡིན་ན། ཉུང་མཐར་ལོ་ངོ་ ༢༠ རིང་གི་བཙོན་འཇུག་ཁྲིམས་ཐག་ལ་ཁ་གཏོད་དགོས་པ་དང་། ད་དུང་དེའི་ཞོར་དུ་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས་པ་སོགས་གསལ་ཡོད།

བཀའ་བཅད་འདི་ཁྱབ་བསྒྲགས་བྱས་རྗེས་ཀྲུང་གོའི་ཚོང་ཟོག་བཀག་རྒྱའི་འཇིགས་སྐུལ་དང་། ཕྱི་འབྲེལ་གནོན་ཤུགས་སོགས་ལ་བརྟེན་ཏེ་སི་པན་གཞུང་གིས་ཁྲིམས་ཁང་ལ། རྗེས་ཕྱོགས་གྱོད་དོན་འདི་རིགས་སི་པན་མངའ་ཁོངས་དང་ཐད་ཀར་འབྲེལ་བ་ཡོད་པ་དག་ལས། གཞན་པར་ཐེ་གཏོག་མ་བྱས་ན་ལེགས་པའི་རེ་བ་བཏོན་ཡོད། ལོ་བཞིའི་རྗེས་སུ་ཅིང་ཙི་མིན་ཞུ་གཏུག་བྱས་པའི་བོད་དོན་གྱོད་གཞི་འདི་སྔོན་ཆད་སི་པན་གཞུང་གིས་བཏོན་པའི་རེ་བ་དང་ཏག་ཏག་འཚམ་པོ་ཡོད། དཔེར་ན། ཐེངས་འདིར་ཞུ་གཏུག་བྱེད་མཁན་ཁྲོད་ཀྱི་མི་གཅིག་བོད་ནས་སྐྱེས་པའི་ཐུབ་བསྟན་དབང་ཆེན་ཟེར་བ་ཁོང་ནི། སི་པན་རྒྱལ་ཁོངས་ཀྱི་མི་སེར་ཐོབ་ཐང་བླངས་ཡོད་པའི་བོད་རིགས་བཙུན་པ་ཞིག་རེད།

གལ་སྲིད་ ༢༠༠༩ ལོའི་སི་པན་ཁྲིམས་ཁང་གིས་རྩ་རླུང་སྒོམ་སྒྲུབ་སློབ་མ་ཚོས་ཅིང་ཙི་མིན་གྱི་ནག་ཉེས་ཞུ་གཏུག་བྱས་པར་བཀའ་བཅད་བཏང་པ་དེ་གཏུག་བཤེར་གོ་རིམ་གྱི་འཁོར་ལོ་སྒུལ་བར་རྩི་ན། དེས་ན་ ༢༠༡༤ ལོའི་ཁྲིམས་དཔོན་(Ismael Moreno)གྱིས་ཆོག་མཆན་སྤྲད་པའི་འཇུ་བཟུང་བཀའ་རྒྱ་དེ་གོམ་གང་མདུན་སྤོས་ཀྱི་སྐུལ་འདེད་ཅིག་རེད། ཁྲིམས་ཁང་གིས་ཅིང་ཙི་མིན་གྱི་གྱོན་དོན་ཞུ་གཏུག་དེར་ངེས་ལེན་བྱས་པ་མ་ཟད། ད་དུང་འཇིགས་སྐུལ་རིང་ལུགས་པའི་གཏེ་བོ་པིན་ལ་ཏིན་(Bin Laden)དང་། ཆཱེ་ལེ་(Chile)རྒྱལ་ཁབ་ཀྱི་དམག་དོན་སྒེར་གཅོད་པ་ཟུར་པ་ཕེའི་ནོ་ཆེ་ཐིག་(Pinuoqiete)ལྟར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པར་རེ་སྐུལ་བྱས་ཏེ། ནུས་པ་མཉམ་སྤུངས་ཀྱིས་བཙན་པོའི་ཉེས་དོན་ལ་དྲག་ཤུགས་ཀྱི་བྱེད་ཐབས་སྤྱད་དེ། ཅིང་ཙི་མིན་འཇུ་བཟུང་བྱེད་དགོས་པའི་གལ་ཆེའི་རང་བཞིན་གསལ་སྟོན་བྱས་ཡོད།  

སི་པན་ཁྲིམས་རའི་ “ཀུན་ཁྱབ་བདག་སྐྱོང་དབང་ཆ” གཞིར་བཟུང་དེ་སྔོན་པིན་ལ་ཏིན་(Bin Laden)དང་ཕེའི་ནོ་ཆེ་ཐིག་(Pinuoqiete)སོགས་འཇུ་བཟུང་བཀའ་རྒྱ་བཏང་པར་ཨར་ཇིན་ཊེ་ན་(Argentina)རྒྱལ་ཁབ་ཀྱི་མཚོ་དམག་མགོ་གཙོ་ཟུར་པས་(Ricardo Miguel Cavallo)མོ་སི་ཁོ་(Mexico)ནས་སི་པན་ལ་རྩིས་སྤྲོད་བྱས་ཏེ། བཀག་སྐྱིལ་འདྲི་གཅོད་བྱས་པ་རེད། ལྷག་པར་དུ་སི་པན་གྱི་ཁྲིམས་དཔོན་སྐད་གྲགས་ཅན་ཅ་ཨར་སོང་(Jia er song)གྱིས་ ༡༩༩༨ ལོར་ཆཱེ་ལེའི་(Chile)ཕེའི་ནོ་ཆེ་ཐིག་(Pinuoqiete)འཇུ་བཟུང་བཀའ་རྒྱར་ཆོག་མཆན་སྤྲད་དེ་དབྱིན་ཇིའི་ཉེན་རྟོག་པས་རོགས་རམ་འོག་ལོན་ཌོན་(LunDon)ནས་སྨན་བཅོས་བྱེད་བཞིན་པའི་ཕེའི་ནོ་ཆེ་ཐིག་(Pinuoqiete)འཛིན་བཟུང་གིས་ཁོ་བོའི་ཆབ་སྲིད་དབང་ཆ་ཕྱིར་འཐེན་བྱས་པ་མ་ཟད། མཐའ་མར་ཁོ་ལ་འདྲི་གཅོད་ཀྱང་བྱས་འདུག ཕེའི་ནོ་ཆེ་ཐིག་(Pinuoqiete)འཇུ་བཟུང་གི་བཀའ་རྒྱ་དེ་སི་པན་ཁྲིམས་ཁང་གིས་ཀུན་ཁྱབ་བདག་སྐྱོང་དབང་ཆའི་ཆེད་དུ་དཔར་སྐྲུན་བྱས་པའི་གྱོད་གཞིའི་དཔེ་མཚོན་གྱི་གསུང་རབ་ཅིག་ཏུ་གྱུར་ཡོད། རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་སློབ་དེབ་ནང་བཅུག་སྟེ་སློབ་ཁྲིད་དང་། འཛམ་གླིང་མི་མང་གིས་གནས་ལུགས་རྗོད་བྱེད་ཀྱི་དཔེ་མཚོན་ལ་ངོས་ལེན་བྱེད་ཀྱི་ཡོད།

མི་ལ་ལས་སི་པན་ཁྲིམས་རྭ་དེ་ཏག་ཏག་རྒྱལ་སྤྱིའི་ཁྲིམས་རྭ་དང་འདྲ་བོ་འདུག དོ་དམ་བྱས་པ་ཧ་ཅང་རྒྱ་ཆེན་པོ་རེད་ཅེས་བརྗོད་བཞིན་ཡོད། དོན་དངོས་ཐོག་དེ་འདྲ་མ་རེད། སི་པན་ཁྲིམས་རྭས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཀུན་ཁྱབ་བདག་སྐྱོང་དབང་ཆའི་རྩ་དོན་གཞི་རྩར་བཟུང་སྟེ་ལས་དོན་བྱེད་ཀྱི་ཡོད་པ་ཙམ་རེད། རྩ་དོན་དེས་གང་ཟག་གང་རུང་ཞིག་གི་ས་ཆ་གང་རུང་ཞིག་ཏུ་མི་རིགས་ལ་རྒོལ་པའི་ནག་ཉེས་བསགས་ན། རྒྱལ་ཁབ་སོ་སོའི་ཁྲིམས་རྭས་མངའ་ཁོངས་ཉེས་དོན་དབང་ཆ་སྤྱད་དེ་ཉེས་ཅན་དོ་དམ་བྱེད་ཆོག་པ་དང་། དེའི་འགན་དབང་རྒྱལ་ཁབ་ཚང་མར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཀུན་ཁྱབ་བདག་སྐྱོང་དབང་ཆ་ཞེས་པའི་རྩ་དོན་དེ་རྒྱལ་ཁབ་སོ་སོར་ཀུན་ཁྱབ་ཀྱིས་བེད་སྤྱོད་རུང་བ་ཞིག་རེད། གཙོ་བོ་ཁྱོད་ལ་བེད་སྤྱོད་བྱེད་པའི་བློ་སྟོབས་ཡོད་མེད་ལ་ཐུག་ཡོད། ཉེས་དོན་ཞུ་གཏུག་བྱས་པ་ཚང་མ་གོ་གནས་ངེས་ཅན་ཡོད་པ་རྐྱང་རྐྱང་རེད། ཁོང་ཚོར་བརྟག་དཔྱད་ཞིབ་འཇུག་བྱས་ཚེ་རྒྱུན་དུ་ཁོ་ཚོའི་སྟག་རྒྱབ་ཀྱི་སྲིད་གཞུང་ལ་ཕོག་ཐུག་གཏོང་སྲིད་སྟབས་རང་རྒྱལ་གྱི་ཕྱི་འབྲེལ་ལ་འགལ་ཟླ་བཟོ་ངེས་རེད། ཡང་གཅིག་བཤད་ན། ཀུན་ཁྱབ་བདག་སྐྱོང་དབང་ཆ་ནི་དྲང་བདེན་གྱི་ཁྲིམས་ལུགས་ཤིག་ཡིན། སུ་ཞིག་གིས་ཀྱང་ངེས་པར་དུ་བེད་སྤྱོད་གཏོང་དགོས་པའི་བཙན་བཀའ་མེད། འོན་ཀྱང་སུ་ཞིག་གིས་ལག་ལེན་བྱས་ན་དེར་ངོ་རྒོལ་ཡང་བྱེད་ཐུབ་མེད།

སྦེལ་ཇམ་(Belgium)རྒྱལ་ཁབ་ཀྱིས་ ༡༩༩༣ ལོར་<<འཛམ་གླིང་བདག་སྐྱོང་དབང་ཆའི་བཅའ་ཁྲིམས་>>ཞེས་པ་ཁྱབ་བསྒྲགས་བྱས་ཏེ་ “ཀུན་ཁྱབ་བདག་སྐྱོང་དབང་ཆ་” ལག་བསྟར་གྱི་མགོ་ཁྲིད་པ་རེད། དང་ཐོག་བསམ་བློ་འདིར་དོ་སྣང་བྱུང་པ་དང་གལ་ཆེན་པོར་བརྩིས་ན་ཡང་། ཕྱེས་སུ་ཕྱི་འབྲེལ་གྱི་དྲག་ཆར་རླུང་འཚུབ་ཀྱི་རྐྱེན་པས་སྲིད་གཞུང་གིས་ ༢༠༠༣ ལོར་དམ་དྲག་ཚོད་འཛིན་བྱས་ཏེ། ཁྲིམས་རྭའི་ཁྱབ་ཚད་རྒྱལ་ཁོངས་ཀྱི་ཁྲིམས་སུ་བཅོས་བསྒྱུར་བཏང་འདུག

སི་པན་སྲིད་གཞུང་དང་གྲོས་ཚོགས་ཀྱིས་ཀྱང་། ཁྲིམས་ཁང་གིས་ཇུས་མེད་ཇུས་གཏོགས་ཞེས་ཡང་ཡང་ཚོད་འཛིན་བྱས་ཡོད་ཀྱང་། ཁྲིམས་ལུགས་རང་དབང་གི་རྐྱེན་གྱིས་སི་པན་ཆེས་མཐོའི་ཁྲིམས་ཁང་གིས་ད་དུང་ཀུན་ཁྱབ་བདག་སྐྱོང་རྩ་དོན་ལག་བསྟར་བྱེད་ཀྱི་ཡོད་པ་འདི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་དང་། གནོད་འཚེ་ཕོག་མཁན་ཚོས་རྒྱུན་མཐུད་ནས་དྲང་བདེན་འཚོལ་སའི་ཁྲིམས་ཁང་ཞིག་ཏུ་གྱུར་ཡོད་ལ། སི་པན་གྱི་ཁྲིམས་དཔོན་དག་ཀྱང་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་ཐོབ་ཐང་གི་འཐབ་མོ་བའི་སྙན་གྲགས་ཐོབ་ཡོད།

འདི་ལྟར་བལྟས་ཡོང་ན། སི་པན་ཁྲིམས་ཁང་དེ་ནི་འཇིག་རྟེན་སྟེང་ཀུན་ཁྱབ་བདག་སྐྱོང་དབང་ཆ་ལག་ལེན་བྱེད་བཞིན་པའི་ནུས་པ་ཅན་གྱི་རྒྱལ་ཁབ་གཅིག་པུ་དེ་ཆགས་འདུག གཞན་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧོ་ལན་(Holland)གྱི་གྲོང་ཁྱེར་(Hague)ནང་རྒྱལ་སྤྱིའི་ཁྲིམས་ཁང་བཙུགས་ཡོད་སྟབས། སི་པན་གྱིས་ཉེས་དོན་སྒྲུབ་དགོས་པ་མི་<འདུག་ཟེར། འོན་ཀྱང་། ངོ་རྒོལ་བྱེད་མཁན་གྱིས་བསམ་ཚུལ་བརྗོད་རྒྱུར། ཧོ་ལན་ཁྲིམས་ཁང་དེས་རྒྱལ་ཚོགས་ཀྱི་ལས་འཛིན་ལྷན་ཁང་གིས་ཆོག་མཆན་སྤྲད་རྗེས་ད་བཟོད་གྱོད་དོན་ཐོ་འགོད་བྱས་ཏེ་རྟགས་དཔྱད་དང་། འདྲི་གཅོད་བྱེད་པ་གཅིག་པོ་རེད། སི་པན་ཁྲིམས་ཁང་གིས་རྒྱལ་ཚོགས་ཀྱི་ཚད་བཀག་ལ་ངོས་ལེན་བྱེད་ཀྱི་མེད། ཁོ་ཚོས་ཁྲིམས་དཔོན་གྱི་ལྷག་བསམ་དང་སྙིང་སྟོབས་སྤྱད་དེ་ཀུན་ཁྱབ་བདག་སྐྱོང་གི་རྩ་དོན་བརྒྱུད་མི་ངན་འཛིན་བཟུང་གིས་མི་ཡུལ་གྱི་དྲང་བདེན་གསལ་སྟོན་བྱེད་ཀྱི་ཡོད་པ་རེད།

ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་ཉིད་ཀྱི་ཚོང་ཟོག་མངག་ཐོའི་ཆེད་དུ་ཀྲུང་གོའི་ནག་ཉེས་ “འཇིག་རྟེན་འདིའི་སྟེང་རྩ་བ་ཉིད་ནས་བྱུང་མྱོང་མེད་པའི་ནག་ཉེས་” དག་ལ་རྣ་འོན་པ་དང་ངག་ལྐུག་པའི་ངང་ཚུལ་འཛིན་བཞིན་ཡོད་ལ། ད་དུང་རང་རྒྱལ་གྱི་ཁྲིམས་ལུགས་རང་དབང་ལ་ཚོད་འཛིན་གྱིས་ཁ་བཙུམ་ཟེར་དུས། སི་པན་ཁྲིམས་ཁང་གིས་ཀུན་ཁྱབ་བདག་སྐྱོང་རྩ་དོན་གྱི་རྣོ་གྲི་བཟུང་སྟེ་ཡང་བསྐྱར་ཅིང་ཙི་མིན་འཇུ་བཟུང་གི་བཀའ་རྒྱ་བཏང་པ་ནི། བླ་ན་མེད་པའི་བདེན་པའི་ཁྲིམས་ལུགས་ཀྱི་རལ་གྲི་ཡར་སྒྲེང་པ་དང་གཅིག་མཚུངས་རེད།

མ་རྩོམ། www.epochtimes.com/gb/14/2/13/n4082286.htm

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese