མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རང་དབང་སྒེར་ལངས་དུས་དྲན་ཐེངས་ ༥༥ པའི་སྟེང་ཞུཊ་པའི་དྲན་ཚུལ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཝང་ཅེའི་ལིན་གྱིས་བརྩམས། ཆབ་ཆ་འབྲུག་བྷེ་ཡིས་བསྒྱུར།

གླེང་ཡོང་དུས་ངོ་གནོངས་པ་ཞིག་རེད། ངས་རྒྱུན་རིང་པོ་ཞིག་ལ་བོད་པ་ (Tibet) ཞེས་པའི་མིང་ཚིག་འདིའི་ཅི་ཞིག་སྟོན་གྱི་ཡོད་པར་དོ་སྣང་བྱས་མ་མྱོང་། ངས་ཀྲུང་གོའི་མངའ་ཁོངས་སུ་བོད་རང་སྐྱོང་ལྗོངས་ཞེས་པ་ཞིག་ཡོད་པ་ཤེས་ཀྱིན་ཡོད་ལ། མྱངས་ཟིན་པའི་སློབ་གསོས་ཀྱང་བོད་ཅེས་པ་དབྱིན་ཡིག་ནང་བསྒྱུར་ཏེ་རྒྱའི་སྐད་ཡིག་གི་ཕེན་ཡེན་ཐོག་ (XiZang) བཀོད་འདུག  དགོད་བྲོ་བ་ཞིག་ལ་ང་ཨ་རིའི་ས་ཐོག་དུ་གོམ་པ་སྤོས་པའི་ཟླ་ཤས་རྗེས་སུ་ད་གཟོད་བོད་ཅེས་པ་ (Tibet) ཡིན་པ་ཤེས།

ང་ལ་མཚོན་ནས་བཤད་ན་བོད་ནི་ཧ་ཅང་ལྐོག་གྱུར་ཞིག་དང་། ཐ་ན་འཇིགས་སྐྲག་གི་གནས་ཤིག་རེད་བསམ་བསྡད་ཡོད། བོད་གླེང་དུས་ཀྲུང་གོའི་སྐམ་སར་འཚོ་བ་སྐྱེལ་བཞིན་པའི་རྒྱ་རིགས་ཕལ་མོ་ཆེའི་བསམ་བློ་ནང་གཅིག་འཇུག་གཉིས་མཐུད་དུ་དྲན་ཡོང་བ་ནི་ཀླ་ཀློ་དང་རྗེས་ལུས། བཙོག་པ། ཁ་དབུགས་ཀྱི་མི་འདང་པ་འདི་དག་རེད། ལོ་བཅུ་གཅིག་སྔོན་ཏུ་དར་མའི་ངར་ཤུགས་ཤིག་དང་། ཡང་ན་བློ་སེམས་མི་བདེ་བའི་ཚོར་བ་ཅིག་དང་མཉམ་དུ་རྒྱབ་ལ་ཁུག་མ་ཁོ་ན་འཁུར་ནས་ལྷ་སའི་ཕྱོགས་སུ་སོང་། སྐབས་དེར་མ་འོངས་བའི་ཉིན་བཅུའི་རྗེས་ལུས་ལ་རལ་གྲི་བྲལ་མེད་དུ་ཐོགས་པའི་མི་ཚོགས་ཤིག་གི་ཁྲོད་དུ་འཛུལ་དགོས་པ་དྲན་དུས་སྐྱོ་བ་དང་བརྗིད་ཉམས་ཀྱི་ཚོར་བ་ཅིག་ཅར་དུ་སྐྱེས་བྱུང་ལ། ངས་ཀྱང་བསམ་བཞིན་དུ་སུད་སིའི་དམག་གྲི་གཅིག་འཁྱེར་བ་གསལ་བོར་དྲན་གྱི་འདུག

བསམ་ཡུལ་ལས་འདས་པ་ཞིག་ལ། ང་ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ཁང་། ར་མོ་ཆེ། བར་བསྐོར། ད་དུང་མིང་མི་ཐོགས་པའི་སྲང་ལམ་དག་ཏུ་བསྐྱོད་སྐབས། ངས་མཐོང་བའི་བོད་མི་ཚོ་ནི་ཁ་ཁུ་སིམ་པོ་དང་། ཁོང་ཚོས་རྒྱང་ཕྱག་ཡང་ཡང་འཚལ་བའམ། ཡང་ན་མ་ནི་འཁོར་ལོ་བསྐོར་བ། ཕྲེང་བ་འདྲེན་པ་སོགས་ཀྱི་མི་ཕྱེད་དད་པས་མ་ཎི་ཡིག་དྲུག་འདོན་གྱིན་པ་དེ་དག་མཐོང་དུས་ང་ལ་དོགས་པ་ཁག་ཅིག་བྱུང་། གཞན་ལ་འཁྲུག་རྩོད་མི་བྱེད་པར་ཞི་བདེ་ལ་དབྱིངས་ཞུགས་པའི་ཆོས་ལྡན་རྒྱལ་ཁབ་ཁྲོད་ཀྱི་མི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་གསལ་པོ་རེད་མོད། ཅི་ཕྱིར་ཕན་ཚུན་དམར་གསོད་ཀྱི་ལས་ལ་གོམས་པའི་ཀླ་ཀློའི་མི་རིགས་ཤིག་མཚོན་པར་བྱས་སམ། ང་དང་བྲལ་མེད་དུ་ཐོགས་པའི་རལ་གྲི་དེ་ཕྱིས་སུ་ཀུ་ཤུའི་པགས་པ་བཤུ་བྱེད་དུ་གྱུར་སོང་།

དུས་ཚོད་འགོར་བས་བཀྲ་ཤིས་ལྷུན་པོ་དང་གམ་པ་ལའི་རི་ཁ། རླབས་ཕྲེང་མཁའ་རུ་འཕྱོ་བའི་ཡར་འབྲོག་གཡུ་མཚོ། ཚ་ཚ་འུར་འུར་གྱི་ཡངས་པ་ཅན། གནམ་མཚོ་ཕྱུག་མོའི་བགས་ཆག་ད་ལྟ་རབ་རིབ་ཞིག་ཏུ་གྱུར་ནའང་། ཉིང་ཁྲི་ལ་ཕྱོགས་པའི་ལམ་ཁར་མཐོང་བའི་ངང་ཚུལ་གཅིག་སྟེ་ད་ལྟ་ཡང་བརྗེད་ཐུབ་ཀྱི་མི་འདུག དེ་ནི་བོད་རིགས་ན་གཞོན་ལོ་ན་ ༡༣ དང་ ༡༤ བར་དང་། ཆེས་ཤོས་ལོ་ན་ ༢༠ ཅན་གྱི་མི་ལྔ་བོ་དེ་རེད། ཁོ་ཚོས་ཁམས་དཀར་མཛེས་ནས་རྒྱང་ཕྱག་འཚལ་ཏེ་ལྷ་སའི་ཕྱོགས་སུ་གནས་འཇལ་དུ་འགྲོ་བཞིན་འདུག ངས་ཁོ་ཚོའི་དཔྲལ་བའི་ཁྲག་ཤུལ་ལ་ལྟ་བཞིན་འདི་ཚོ་སྨྱོན་པ་མིན་ནམ་སྙམ་པ་བྱུང་། ཡིན་ཡང་ཁོ་ཚོའི་གདོང་པར་བདེ་སྐྱིད་དང་ཆོག་ཤེས་ཀྱི་ཁེངས་འདུག ཟླ་བ་དྲུག་གི་ལམ་ཐག་གི་དྲག་ཆར་རླུང་འཚུབ་ཁྲོད་ཁོང་ཚོ་ཅི་ལྟར་ཡོང་བ་ཡིན་ནམ། ངས་རྩ་བ་ནས་དྲན་མི་ཕོད་པ་ཤིག་རེད། ཆོས་ལུགས་དད་མོས་རྒྱུན་འཁྱོངས་བྱེད་པའི་མི་རིགས་ནི་ཆེས་བློ་ཡུལ་ལས་འདས་པ་ཞིག་རེད་ཨང་།

དུས་ཚོད་ནི་གློག་འཁྱུག་པ་ལྟར་ ༢༠༠༨ ལོའི་ཟླ་ ༣ པར་བསླེབ།  གསར་འགྱུར་རྒྱང་བསྒྲགས་ནས་བོད་ཁུལ་དུ་དྲག་ཟིང་བྱུང་བའི་བཤད་ཚུལ་ཞིག་བསྒྲགས་ཡོང་། གསལ་བོ་ཤིག་མི་གོ་ནའང་། ཕལ་ཆེར་ཟིང་འཁྲུག་ནི་ཏཱ་ལའི་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་ཀྱིས་སྔོན་ནས་གྲ་སྒྲིག་དང་འཆར་གཞི་ལྡན་པའི་སྐུལ་སློང་ལས་བྱུང་བ་རེད་ཟེར། དྲང་མོར་བཤད་ན། གསར་འགྱུར་དེའི་ཐོས་རྗེས་སྔོན་མའི་སྤྲོ་འཆམ་སྐབས་བོད་མིས་སྤྲད་པའི་ཚོར་བ་ཡག་པོ་དེའི་ཕྱེད་ཀ་བརླག་སོང་། བོད་མིས་ཅི་ཕྱིར་རང་བཙན་རྩོད་ཀྱི་ཡོད་པ་ངས་ཧ་གོ་མ་སོང་། སེམས་ནས་ཁོང་ཁྲོ་དྲག་ཏུ་འབར་ཡོང་། རང་བཙན་གྱི་ཅི་བྱེད། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལ་གཟིགས་སྐྱོང་སྲིད་ཇུས་ཡོད་པ་མ་ཡིན་ནམ། སློབ་མའི་མཐོ་རྒྱུགས་མ་ལོངས་ནའང་བསྡུ་ལེན་བྱེད་ཀྱི་ཡོད། ད་དུང་ཕྲུ་གུ་གཉིས་ཀྱང་སྐྱེས་ན་ཆོག ད་ག་རེ་འདོད་ཀྱི་ཡོད་དམ།

༢༠༠༩ ལོར་བསླེབ་པ་དང་བོད་པ་ཚོའི་རང་བསྲེགས་ཀྱི་གསར་འཕྲིན་གཅིག་མཇུག་གཉིས་མཐུད་དུ་ཐོས་ཡོང་། ང་ཚོའི་ཐོས་པའི་རང་བསྲེགས་ཀྱི་དོན་རྐྱེན་རབས་དང་རིམ་པ་ཐ་དག་ཀྲུང་གོའི་ཕྱི་ལོག་གི་བོད་རང་བཙན་སྟོབས་ཤུགས་དང་། ཡང་ན་ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་གྱིས་བཟོས་པ་རེད་ཅེས་པ་འདི་ཡིན་པ་སྨོས་མེད་རེད། ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེ་དེས་ང་བོད་མིར་དགའ་བའི་བགས་ཆག་ལྷག་འཕྲོ་དེ་ཡང་རྩ་བ་ནས་བཅོམ་སོང་།

༢༠༡༣ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན། དགེ་རྒན་ཆེན་མོ་ཡང་ཅེན་ལེས་བོད་མིའི་རང་དབང་སྒེང་ལངས་དུས་དྲན་ཐེངས་ ༥༤ སྟེང་མཉམ་ཞུགས་དང་གཏན་བཤད་གནང་སྟེ་མང་གཙོ་དོན་གཉེར་པ་དང་མཉམ་དུ་རྒྱབ་སྐྱོར་བྱེད་འོས་པ་རེད་ཟེར། མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་རང་དབང་ (Free Tibet) གི་ཡི་གེ་མཐོང་དུས། བོད་རང་དབང་ཞེས་པ་འདི་གང་ཞིག་ནས་ཐོན་པ་རེད་དམ། ང་ལྷོང་ལྷོང་པོར་གྱུར།    

བཙན་སྐུལ་གྱི་བསམ་བློ་འདིའི་འོག་ཏུ། ངས་བོད་པ་ཞེས་པའི་འབྱུང་རྐྱེན་ལ་ལྟ་ཞིབ་ཀྱི་མགོ་བཙུགས་པ་དང་། ༡༩༥༩ ལོའི་ཟླ་ ༣ པར་བོད་དུ་དོན་དངོས་སུ་ཅི་ཞིག་བྱུང་ཡོད་པར་ལྟ་ཞིབ་བྱས། ༡༩༥༠ ལོ་ཀྲུང་གོས་ “བོད་ལྗོངས་ཞི་བདེ་བཅིང་གྲོལ” ཞེས་པར་ཁ་གཡར་ཏེ་ཇི་ལྟར་བོད་ནང་འཛུལ་བ་དང་བོད་ཁུལ་ཁྱོན་ཡོངས་བདག་བཟུང་བྱས་པ་གཟིགས་ཞིབ་བྱས་པ་ཡིན། དེ་ནས་ངས་གོང་ས་ཏཱ་ལའི་བླ་མས་གླེང་བཞིན་པའི་འཚེ་མེད་ཞི་བདེ་དང་དབུལ་མའི་ལམ་ལ་ལྟ་ཞིབ་ཀྱིས་ཤེས་རྟོགས་བྱུང་མགོ་བཙུགས།

རང་དབང་གི་འཇིག་རྟེན་འདིར། ངས་བོད་མི་རིགས་ཀྱི་ཇི་ལྟར་བཟོད་སྒོམ་གྱི་འགན་ལྗིད་མོ་འཁུར་ཡོད་པ་དང་། ཕ་སར་བཙན་ཤེད་ཀྱིས་ཁ་བྲལ་ཏེ་ཁྱིམ་གཞི་བོར་བརླག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་འཁྱམ་ཉུལ་གྱི་ལོ་ངོ་ ༥༠ ལྷག་རིང་ཕྱིར་ལོག་ཐུབ་ཀྱི་མེད་པ་ཤེས་སོང་།

མ་རྩོམ་གྱི་འབྲེལ་ཐག  ( http://news.boxun.com/news/gb/party/2014/03/201403131637.shtml#.UyaYYl4whaQ)

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese