མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་མེར་བསྲེཊ་ཀྱི་བྱུང་རྐྱེན་ལ་ཞིབ་དཔྱད་ནན་ཏན་གནང་རྒྱུ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སིམ་ལར་གསར་འགོད་པའི་བཅར་འདྲི་ཞིག་གི་སྐབས། བོད་ནང་འབྱུང་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་དོན་རྐྱེན་ཁག་ཅིག་ལ་ཐུག་ཡོད་སྟབས། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཡ་ང་བའི་གནད་དོན་གྱི་བྱུང་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་ཐོག་ཞིབ་དཔྱད་ནན་ཏན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུག

ཉིན་འདི་གར་༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ཆོས་ཕྱོཊ་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་པ་ལྟར། ཁ་སང་ཚེས་ ༡༩ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ཧི་མ་ཅལ་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ ༢༡ པའི་ཐོག་ཆིབས་བསྒྱུར་གནང་སྟེ། མངའ་སྡེའི་སྲིད་སྐྱོང་དང་གཙུག་ལག་སློབ་གྲྭའི་རིཊ་བདག་གཅིག་ལྕོག་ལྕམ་སྐུ་ཨུར་མི་ལ་སིང་གྷ་མཆོག་གིས་ (Governor Urmila Singh) ༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་དབུ་ཞྭ་དང་གོས་གཟན། མཁས་དབང་གི་ཕྱག་འཁྱེར་ (Doctor of Letters (D.Litt) འབུལ་ལམ་ཞུས་ཡོད་པ་མ་ཟད། ༧གོང་ས་མཆོག་གིས་ ༢༠༡༣ ལོའི་གཙུག་ལག་སློབ་གྲྭའི་ཚན་རིག་དང་དབྱིན་ཡིག ལེགས་སྦྱར། སྒྱུ་རྩལ་བཅས་ཀྱི་སློབ་ཚན་ཁག་གི་ཐོག་གཟེངས་སུ་ཐོན་པའི་མ་ ༤༠ ཙམ་ལ་གསེར་གྱི་རྟགས་མ་གསོལ་རས་དང་ལམ་སྟོན་བཀའ་སློབ་གནང་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གིས། རྒྱ་གར་ནི་རིག་གཞུང་ཕྱུག་ཅིང་གནའ་རབས་ཀྱི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ང་ཚོས་རྒྱ་གར་གྱི་སྲོལ་རྒྱུན་ནས་དར་བའི་རིག་གཞུང་ལ་སློབ་སྦྱོང་བྱས་ཏེ་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་དགོས་པ་དང་། ལྷག་པར་དུ་གཞོན་སྐྱེས་ཚོའི་དེང་དུས་ཤེས་ཡོན་དང་མཉམ་དུ་གནའ་རབས་ཀྱི་རིག་གཞུང་ལ་སློག་གཉེར་བྱེད་དགོས་ཚུལ་གསུངས་སོང་བ་མ་ཟད། ཁོང་གིས་རྒྱ་གར་གྱི་གནའ་རབས་རིག་གཞུང་ལ་སློབ་གཉེར་དང་ཉིན་རེའི་འཚོ་བའི་ནང་ཉམས་ལེན་བྱས་ཏེ་མི་ཚེའི་ནང་དཀའ་ངལ་འཕྲད་སྐབས་ཕན་ཐོགས་ཆེན་པོ་ཡོང་གི་འདུག་པ་དང་། ཕྱོགས་མཚུངས་རྒྱ་གར་མང་གཙོ་ཚད་མཐོ་བོ་ཡིན་པའི་རྒྱལ་ཁབ་ཅིག་ཡིན་སྟབས། འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་དང་ཡར་རྒྱས། བརྟན་ལྷིང་གི་སྤྱི་ཚོགས་བསྐྲུན་རྒྱུའི་མིག་དཔེ་འཇོག་ཐུབ་པ་བྱུང་ཡོད་པའི་བཀའ་སློབ་གནང་ཡོད་འདུག

ཚེས་ ༡༨ ཉིན་༸གོང་མཆོག་སིམ་ལ་ཇོ་ནང་མ་དགོན་དུ་ཆིབས་བསྒྱུར་གནང་སྐབས་གསར་འགོད་པ་ཞིག་གིས་བོད་ནང་གི་རང་ལུས་མེར་བསྲེཊ་ཐད་བཀའ་འདྲི་ཞུས་པའི་ལན་དུ། “ ངོས་རང་ ༢༠༠༡ ལོ་ནས་ཕྱེད་རྒན་ཡོལ་གྱི་གནས་སྟངས་ཐོག་བསྡད་པ་ཡིན། ༢༠༡༡ ལོར་ངོས་རང་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་བསྡུ་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན་པ་ཡིན། སྤྱིར་བཏང་རང་ལུས་མེར་བསྲེགས་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད། དེར་བརྟེན། གནད་དོན་དེའི་ཐོག་ངོས་རང་ལ་དམིགས་བསལ་གང་ཡང་བརྗོད་རྒྱུ་མེད། འོན་ཀྱང་། བོད་ནང་འབྱུང་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་དོན་རྐྱེན་ཁག་ཅིག་ལ་ཐུག་ཡོད་སྟབས། འབྲེལ་ཡོད་གནད་ཡོད་མི་སྣ་དང་ལྷག་པར་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཡ་ང་བའི་གནད་དོན་གྱི་བྱུང་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་ཐོག་ཞིབ་དཔྱད་ནན་ཏན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ” ཅེས་བཀའ་ལན་གནང་འདུག

ཉིན་དེར་གསར་འགོད་པར་ཐུག་འཕྲད་གནང་རྗེས་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་གླིང་དུ་ཆིབས་བསྒྱུར་གྱིས་གཟིཊ་ཞིབ་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་གིས་རྩ་བའི་ཇོ་ནང་གི་ཆོས་བརྒྱུད་འདི་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཅིག་དང་ཆོས་བརྒྱུད་གལ་ཆེན་ཞིག་ཆགས་ཡོད་ཚུལ་དང་། དཔལ་དུས་ཀྱི་འཁོར་ལོ་སྦྱོར་དྲུག་གི་སྐོར་ནས་ཇོ་ནང་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་མ་ཟད། སྦྱོར་དྲུག་གི་ཉམས་ལེན་མཐོང་བ་གྱུར་བར་མ་ཉམས་པར་ཡོད་པ་དེ་ཕལ་ཆེར་ཇོ་ནང་ཁོ་ནར་ལྟ་བུ་དང་། བསྟན་པ་སྤྱི་དང་ལྷག་པར་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་རྟེན་གནས་ཤིག་ཆགས་ཡོད་སྟབས། གནད་འགག་ཧ་ཅང་ཆེན་པོ་ཆགས་ཡོད་སྐོར་གསུངས་ཏེ། ༧གོང་ས་མཆོག་རང་ཉིད་ལ་ཆ་བཞག་ན་ཇོ་ནང་གི་ཆོ་ག་ཟུར་དུ་མེད་ཀྱང་། གླིང་རིན་པོ་ཆེ་སྐུ་མདུན་ནས་ཇོ་ནང་ཁྲིད་རྒྱུན་ཞུས་ཡོད་པ་དང་། གླིང་རིན་པོ་ཆེས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་སྐུ་མདུན་ནས་གསན་ཡོད་སྟབས། ས་དགེ་བཀའ་རྙིང་གི་སྐྱེས་ཆེན་དམ་པ་དེ་དག་གིས་མཛད་པ་རྣམས་ལ་རྗེས་སུ་ཡི་རང་དང་། མཁས་པ་སོ་སོས་མཛད་པའི་གཞུང་མཇལ་གྱི་ཡོད་སྐོར་གསུངས་བྱུང་བ་མ་ཟད། ཇོ་ནང་མ་དགོན་གྱིས་རྗེ་རིན་པོ་ཆེའི་སེར་ཕྲེང་དང་རྗེ་རིན་པོ་ཆེས་རྩ་འཇུག་གི་རྣམ་བཤད། རྣམ་འདྲེན་ལེའུ་གཉིས་པ་བཅས་ལ་བལྟ་ཐུབ་ན་ཡག་པོ་ཡོད་སྐོར་གྱི་བཀའ་སློབ་གནང་འདུག

ཉིན་རྒྱབ་༧གོང་ས་མཆོག་སིམ་ལ་གཏན་སློབ་ཏུ་ཆིབས་སྒྱུར་གནང་སྟེ། སིམ་ལའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། ཧི་མ་ཅལ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཆོས་སྡེ་ཚན་གྱི་སློབ་དཔོན་ཝི་ཨེས་ནེ་ཀི་ལགས་ཀྱིས་བརྩམས་པའི་༼ཁུ་ནུ་དགེ་བཤེས་དཔལ་ལྡན་སེང་གེའི་མཛད་རྣམ༽དབུ་འབྱེད། དགེ་ལས་དང་སློབ་ཕྲུག་གཙོས་པའི་དད་ལྡན་པ་ ༡༠༠༠ ལྷག་ལ་སྐྱབས་འགྲོ་སེམས་སྐྱེད་ཀྱི་ཆོས་འབྲེལ་བཅས་གནང་རྗེས། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་དགོན་པའི་ལས་གནས་དང་དགེ་འདུན་པ་ཡོངས་ཀྱིས་ཕེབས་བསུའི་ཁྲོད་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྩོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་གི་འདུ་ཁང་དུ་ཆིབས་བསྒྱུར་དབུ་བཞུགས་ཐོག སྟག་ལུང་རྩེ་སྦྲུལ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་ཡོད་འདུག

ཉིན་དེར་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་ཆོས་འཁོར་གླིང་དགོན་པར་བཀའ་སློབ་གནང་སྐབས་གོང་ས་མཆོག་གིས། སྨིན་གྲོལ་གླིང་དང་རྡོ་རྗེ་བྲག་གཉིས་༸གོང་ས་ལྔ་བའི་སྐབས་ནས་ཐུན་མོང་མ་ཡིན་པ་ཆགས་ཡོད། གཏེར་བདག་གླིང་པ་དང་། རིག་འཛིན་དཔལ་སྦྱིན་གཉིས་གསང་བ་རྒྱ་ཅན་གྱི་ཆོས་བདག་ལྟ་བུ་ཆགས་ཡོད། ཐུན་མོང་མིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ད་ཆ་ང་ཚོ་བྱེས་ལ་འཁོད་ནས་སྨིན་གྲོལ་གླིང་སྡེ་ར་ལྡུན་དང་། རྡོ་རྗེ་བྲག་འདིར་བཙུགས་ཡོད། གང་ལྟར་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་བའི་མཚམས་ལ་ས་ཆ་འདིར་ཆ་བཞག་ནའང་སྟོང་པར་འཇོག་རྒྱུ་མ་རེད། ས་ཆ་འདིར་རིན་པོ་ཆེས་ཞལ་སློབ་བྱས་ཏེ་གར་ཞྭ་དང་ཁུ་ནུ། སྤི་ཏི་བཅས་ཧི་མ་ལ་ཡི་རི་རྒྱུད་ནས་བསྟན་པའི་གཞི་མ་ལྟ་བུ་བཙུགས་ཡོད། ངོས་ཀྱིས་དུས་རྒྱུན་དུ་སྟོན་པའི་དམ་ཆོས་རྣམ་གཉིས་དེ། ལུང་དང་རྟོགས་པའི་བདག་ཉིད་དོ། དེ་འཛིན་བྱེད་དང་སྨྲ་བྱེད་པ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་ལུང་རྟོགས་ཀྱི་བསྟན་པ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐོག་ལ་འཆད་ཉན་དང་སྒོམ་སྒྲུབ་བྱེད་རྒྱུར་བཤད་པ་དང་བསྒྲུབ་པ་ཁོ་ན་ཡིན་ཞེས་གསུངས་ཡོད། ཁོ་ནའི་གཞན་ལྡན་རྣམ་བཅད་བསྟན་པ་རེད། ཅེས་བརྗོད་ཀྱི་ཡོད།

གཙོ་བོ་དགེ་འདུན་པ་ཚོས་ཕྱག་དཔེ་གཟིགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་སང་ངོས་ཀྱིས་རྣམ་གྲོལ་གླིང་དུ་གྱང་ཁང་རིན་པོ་ཆེས་གཙོས་འབྲེལ་ཡོད་འགའ་ཤས་དང་སྐད་ཆ་བྱུང་། མཁན་ཆེན་ཞི་འཚོའི་དབུ་མ་རྒྱན་ནམ་རྒྱུན་ཆེད་གཉེར་མཛད་ཀྱི་ཡོད། ཚད་ཆེན་གྱི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལྟ་མཁན་ཞེ་དྲག་ཉུང་ཉུང་རེད། ས་སྐྱའི་ནང་ཕལ་ཆེར་དཀོན་པོ་རེད། གདན་ས་ཚོའི་ནང་དུའང་རིག་པ་ཡག་པ་འགའ་ཤས་མ་གཏོགས་གཞན་ལྟ་མཁན་ཉུང་ཉུང་རེད། དེར་བརྟེན། པད་ནོར་རིན་པོ་ཆེའི་རྣམ་གྲོལ་གླིང་དགོན་པར་ཞི་བ་འཚོ་ཡབ་སྲས་ཀྱི་ཚད་ཆེན་རྩ་འགྲེལ་ལྟ་ཐུབ་ན་ཡག་པོ་ཡོད། ཅེས་བརྗོད་རྒྱུ་བྱུང་། ད་ལྟ་ལོ་དགུའི་རིང་སློབ་གཉེར་བྱེད་པ་དེའི་ཐོག་ལོ་གསུམ་ཁ་སྣོན་བྱས་ནས་ལོ་ བཅུ་གཉིས་བཟོས་ན་ཡག་པོ་ཡོད་ཅེས་ཞུ་རྒྱུ་བྱུང་། ད་ལན་ཡང་བསྐྱར་གྱང་ཁང་རིན་པོ་ཆེ་ཐུག་སྐབས་གཏན་འབེབས་བྱ་རྒྱུ་ཡིན། ཞེས་གསུངས་བྱུང་།

གང་ལྟར་གཞུང་འདི་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། རྣམ་རྒྱལ་གྲྭ་ཚང་ལ་ཆ་བཞག་ནའང་འདྲ། རྒྱུད་གྲྭ་སྟོད་སྨད་དགེ་བཤེས་ཚོ་གནས་ཚུལ་ཐ་དད་རེད་མ་གཏོགས་གཞན་སྐྱེད་རིམ་ཚོ་དེ་སྔ་དཔེ་ཆ་ལྟ་གི་མེད། གཞུང་ཆེན་ལྟ་གི་མེད། ཕྱིས་སུ་ངོས་ཀྱིས་གཞུང་ཆེན་ལྟ་དགོས་པ་དང་རིགས་ལམ་སློབ་དགོས་བརྗོད་པ་ཡིན། དེ་སྔ་ལོ་གཅིག་གཅིག་རེད། ད་ཕལ་ཆེར་ལོ་བཞི་བཅུ་ཙམ་གོང་ལ་རེད། བཙུན་མའི་དགོན་པ་ཚོས་ད་ཆ་དཔེ་ཆ་ལྟ་བ་མ་ཟད། རྟགས་གསལ་བཏང་ནས་ཡག་ཐག་ཆོད་ཡོད། ལོ་གཉིས་གོང་དཔེ་ཆ་ལོ་བཅུ་བདུན་བལྟས་རྗེས་དགེ་བཤེས་མ་འཇོག་རྒྱུའི་ལམ་སྲོལ་ཞིག་གཏན་འབེབས་བྱས་ཡོད། རྒྱ་གར་ནང་དུ་ང་ཚོས་འདི་འདྲ་ཞིག་བྱེད་ཐུབ་པ་མ་ཟད། བོད་ནང་དུའང་དཀར་མཛེས་ཁུལ་དུ་བཙུན་མའི་དགོན་པ་འགའ་ཤས་ནས་དཔེ་ཆ་དང་མཚན་ཉིད། དེ་བཞིན་གཞུང་ཆེན་བལྟ་རྒྱུ་བྱེད་བཞིན་འདུག རིས་མེད་ཀྱི་དགོན་པ་མང་པོ་ཞིག་གིས་གཞུང་ཆེན་ལྟ་རྒྱུར་དོ་སྣང་གསར་པ་ཞིག་བསླེབས་ནས་འཇང་དགུན་ཆོས་ཚོགས་རྒྱུར་ས་དགེ་བཀའ་རྙིང་གི་དགོན་པ་དེ་དག་ནང་རིས་མེད་ཀྱི་དཔེ་ཆ་ལྟ་དགོས་ཀྱི་འདུག་ཅེས་ལམ་སྲོལ་རིམ་བཞིན་དར་ཡོད། ཕྱོགས་མཚུངས་རྒྱ་གར་ནང་བོད་མི་སྐྱ་བོ་ཕོ་མོ་ཚོས་ཀྱང་དཔེ་ཆ་དང་རིགས་ལམ་སློབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་དུའང་གཞི་ནས་དོ་སྣང་ཡོང་བཞིན་འདུག་ཅེས་གསུངས་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༡༡ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༡༨ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese