མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གསོ་རིག་ཡར་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་སངས་རྒྱས་སྨན་བླའི་རྗེས་གནང་སྩོལ་སྐབས། བོད་ཀྱི་གསོ་བ་རིག་པའི་སྨན་པ་ཚོས་རང་དབང་ལུང་པའི་ནང་གསོ་བ་རིག་པ་ཡར་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱེད་དགོས་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཙམ་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་མཆོག་གིས་སངས་རྒྱས་སྨན་བླའི་སྒྲུབ་ཐབས་རྗེས་གནང་སྩལ་སོང་ལ། དེར་བོད་ཀྱི་སྨན་རྩིས་སྨན་པ་དང་རྩིས་པ། མཐོ་སློབ་ཀྱི་དགེ་སློབ་བཅས་དང་། དྷ་སྟེང་དང་སུ་ཇཱ་སོགས་ཀྱི་དགེ་སློབ། ཕྱི་རྒྱལ་ནང་ཆོས་དོན་གཉེར་བ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་ ༡༢༠༠༠ ཙམ་འཛོམས་འདུག
གསུང་ཆོས་དབུ་འཛུཊ་ཀྱི་ཐོག་མར་༧གོང་ས་མཆོག་གིས་བོད་ཀྱི་གསོ་བ་རིག་པ་ཡར་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱེད་རྒྱུ་གལ་ཆེན་ཡིན་པའི་ཐད། “ སྨན་པས་སོ་སོའི་ཤེས་ཚད་གཞི་ལ་བཞག་ནས་ཉམས་མྱོང་ཕྱོགས་བསྡོམས་དང་། རང་དབང་ལུང་པའི་ནང་དུ་གསོ་བ་རིག་པའི་རིག་གཞུང་འདྲ་མིན་གྱི་མི་སྣར་ཐུག་འཕྲད་བྱས་ཏེ། ཕན་ཚུན་གོ་བསྡུར་དང་ཉམས་མྱོང་སྤེལ་རེས་བྱེད་པའི་གོ་སྐབས་ཡག་པོ་ཡོད་པ་དམ་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྩ་བའི་ང་ཚོ་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་དེ་དངོས་གནས་གཏིང་ཟབ་པོ་དང་། འཛམ་གླིང་གི་གསོ་བ་རིག་པའི་ནང་གི་ཕལ་ཆེར་སྤུས་དག་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། བོད་ལ་ཡོད་པའི་གསོ་བ་རིག་པའི་སྲོལ་རྒྱུན་རིག་གནས་དེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དབུ་བཞུགས་ཐོག གསོ་བ་རིག་པའི་རིག་གནས་མི་འདྲ་བ་རྣམས་མཉམ་དུ་ཚོགས་ཏེ་རིག་གནས་ཕྱོགས་བསྡུས་བྱས་པ་ཞིག་ཁྱེད་རང་ཚོས་བཤད་ཀྱི་འདུག ད་ལྟ་དུས་རབས་ཉེར་གཅིག་ནང་བསླེབས་བསྡད་ཡོད་པ་དང་། རིག་གནས་འདྲ་མིན་བར་ཉམས་མྱོང་སྤེལ་རེས་བྱེད་པ་སོགས་མུ་མཐུད་ཡར་རྒྱས་གཏོང་བའི་གོ་སྐབས་ཡོད་པ་རེད། གོ་སྐབས་དེ་ཚོ་དམ་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ”ཅེས་གསུངས་སོང་།
༧གོང་ས་མཆོག་གིས་དེང་སང་ཆོས་ཚོགས་དང་བླ་མ་འགའ་ཤས་ཀྱིས་དཔལ་འབྱོར་ཁོ་ན་དོན་དུ་གཉེར་བཞིན་པ་ཡག་པོ་མིན་པའི་ཐད། “ཆོས་འབྲེལ་རྒྱས་བསྡུས་ག་འདྲ་བྱས་པ་ཡིན་ནའང་། ཀུན་སློང་རྣམ་པར་དག་པ་ཞིག་དགོས་ཀྱི་ཡོད་པ་རེད། ཆོས་འཆད་པ་པོའི་ངོས་ནས་བསམ་པ་རྣམ་པར་དག་པའི་ཐོག་ནས་བཤད་རྒྱུ་རེད་མ་གཏོགས། འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་བློ་དང་འདྲེས་ཏེ་མཁས་འདོད་དང་གྲགས་འདོད། ལྷག་པར་དུ་དེང་སང་ཆོས་ཚོགས་ཀྱི་གྲས་སུ་དངུལ་གཙོ་བོ་དོན་དུ་གཉེར་མཁན་འདུག དེ་ཚོ་ཧ་ལས་པའི་ཞབས་འདྲེན་རེད། བླ་མའི་མིང་ཐོགས་པའི་གྲས་མང་པོ་ཞིག་གིས་ཕལ་ཆེར་ཆོས་ཀྱི་ཚོང་རྒྱག་གི་ཡོད་པ་འདྲ་བོ་འདུག བོད་ནང་དུ་ཡོད་པའི་ངའི་ངོ་ཤེས་བླ་མ་ཞིག་གིས་དམ་བཅའ་གསུམ་བཞག་འདུག དམ་བཅའ་དང་པོ་བོད་ནང་ནམ་རྒྱུན་རྟ་ཞོན་གྱི་ཡོད་པས་རྟ་མི་ཞོན་པ་དང་། གཉིས་པ་ཤ་མི་བཟའ་བ། གསུམ་པ་ཆོས་ཀྱི་ཚོང་མི་རྒྱག་པ་བཅས་ཀྱི་དམ་བཅའ་བཞག་འདུག བོད་ནང་ལའང་ཆོས་ཀྱི་ཚོང་རྒྱག་མཁན་ཡོང་གི་ཡོད་སྟབས། སྐྱེས་བུ་དམ་པ་ཁོང་ལྟ་བུས་ཆེད་དུ་གཉེར་ནས་ཆོས་ཀྱི་ཚོང་མི་རྒྱག་པའི་དམ་བཅའ་བཞག་འདུག གང་ལྟར་བླ་མའི་ངོས་ནས་གྲགས་པ་དོན་དུ་གཉེར་བ་དང་ཆོས་ཚོང་བརྒྱབ་པ་ཡིན་ན། ཕྱི་ནས་བལྟས་ན་ཆོས་བྱེད་ཀྱི་ཡོད་ཀྱང་དོན་དུ་སྡིགས་པ་གསོག་གི་ཡོད་པ་རེད། དེ་བཞིན། སློབ་མས་ཀྱང་བསམ་པ་རྣམ་དག་བྱས་ནས་ཆོས་ཉན་དགོས་པ་རེད། ནང་པ་སངས་རྒྱས་པའི་སྐྱབས་གནས་སངས་རྒྱས་དང་ཆོས། དགེ་འདུན་གསུམ་ཤེས་པའི་ཐོག་ནས་དད་པ་ཐོབ་པ་ཡིན་ན། ཆོས་ཆོས་སུ་འགྲོ་བ་ཞིག་ཡོང་གི་རེད། ”ཅེས་གསུངས་བྱུང་།
མཇུག་ཏུ་༧གོང་ས་མཆོག་གིས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་གྲོངས་བའི་སྐོར་ལ་གསུངས་དོན། “འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ངེད་གཉིས་ཕྱི་ལོ་ ༡༩༥༡ ཙམ་ནས་ངོ་ཤེས་པ་ཡིན། ཁོང་ལ་ཆ་བཞག་ན། ལྟ་གྲུབ་ཀྱི་ཆ་ནས་མཱ་ཁེ་སིའི་ལྟ་གྲུབ་འཛིན་མཁན་ཞིག་དང་། བོད་མི་རིགས་ཀྱི་ལར་ཞེན་ཧ་ལས་པ་ཡོད་པ་རེད། བོད་མི་རིགས་ཀྱི་ལར་ཞེན་ཆེ་དྲག་པའི་རྐྱེན་གྱིས་ཕྱིས་སུ་ཁོང་བཙོན་ཁང་དུ་འགྲོ་དགོས་བྱུང་བ་རེད། གང་ལྟར་ཕུན་ཚོགས་དབང་རྒྱལ་གྱི་མཚོན་པའི་གུང་ཁྲན་ཏང་ཡོན་ངའི་ངོ་ཤེས་པ་མང་པོ་ཞིག་ ༡༩༥༧ ཙམ་ནས་བཟུང་ལས་ཁུངས་ནས་གནས་དབྱུང་བཏང་ཡོད་པ་དང་། ཁ་ཤས་བཟང་བཙོན་དུ་བཅུག་ཡོད་པ་རེད། ཕུན་ཚོགས་དབང་རྒྱལ་ལགས་རྣམ་དཔྱོད་དང་སྙིང་སྟོབས་ལྡན་པ། མི་རིགས་ཀྱི་ཞེན་ཁོག་དང་ལྷག་བསམ་ལྡན་པ་དངོས་གནས་དྲང་གནས་བོད་མི་རིགས་ཀྱི་དཔའ་བོ་ཞིག་རེད། དེ་རིང་འདས་པོ་ཁོང་དང་། བོད་ནང་དུ་སངས་རྒྱས་ཀྱི་བསྟན་པ་དང་མི་རིགས་ཀྱི་ཐོབ་ཐང་ཆེད། འདས་གྲོངས་སུ་གྱུར་བའི་རང་ལུས་མེར་བསྲེགས་གནང་མཁན་སོགས་འདས་པོ་རྣམས་དང་། དེ་བཞིན་ནད་གཅོང་སོགས་དཀའ་ངལ་འོག་ཡོད་པ་ཚང་མའི་ཆེད་དུ་སྨོན་ལམ་ཡག་པོ་ཞིག་རྒྱོབས། ” ཞེས་གསུངས་སོང་།
གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༤ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༨ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese