ས་གནས་ཀྱི་ལྐོག་ཟ་རུལ་སུངས་དང་དབུས་ཀྱི་ལས་ཁུངས་ཨ་མ།
རྡོ་རྗེ་དགྲ་འདུལ།
༡༩༥༩ གོང་གི་ང་ཚོའི་གཞུང་དེ་ཅི་འདྲའི་ལྟ་བ་ཕྱོགས་འཛིན་ཞིག ཅི་འདྲའི་ཉམ་ཆུང་ནུས་མེད་ཅིག ཅི་འདྲའི་གོ་མེད་ཚོར་མེད་ཅིག དེ་དག་དང་དེ་དག་ནི་ང་ཚོའི་ད་ལྟའི་སྐྱོ་གར་དང་། འདས་པའི་སྐྱོ་གར་གྱི་འབྱུང་རྩ་ཞིག་རེད་ཅེས་ལབ་ན་ཐལ་ག་ལ་དྲགས།
མཁྱེན་བྱུང་ངམ། ཁ་སང་བཙོན་ཁང་ནང་ལ་སྡུག་སྦྱོང་མྱོང་མཁན་གྱི་བོད་མི་དེ་དག་དང་དེ་དག དེ་རིང་ཚེ་སྲོག་མེ་ལ་སྲེག་མཁན་གྱི་སྤུན་ཟླ་དེ་དག ལོ་ངོ་བཅུའི་ངལ་རྩོལ་སྒྱུར་བཀོད་ར་བ་ཤ་སྐམ་རུས་སྐམ་གྱི་སྤུན་ཟླའི་སྡུག་བསྔལ་དེ་དག ད་དུང་རོ་བདག་མེད་པའི་ཤི་མ་གསོན་དུ་དུར་སར་སྦས་པའི་ང་ཚོའི་སྤུན་ཟླ་དེ་དག ང་ཚོའི་ཕ་ཡུལ་གྱི་རི་ཆུ་མཚོ་གསུམ་འབག་བཙོག་བཟོས་ཤིང་། གཏེར་ཁ་སྔོག་འདོན་གྱི་བྱ་ལས་ཤུགས་ཆེན་སྤེལ་ནས། བོད་ཆོལ་ཁ་གསུམ་གྱི་གནས་རི་མང་དག་རྨང་ནས་གཤིག་པའི་གྱོང་གུད་དེ་དག ལྐོག་ཟ་རུལ་སུངས་སུ་གྱུར་བའི་ང་ཚོའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བྱས་འབྲས་དང་ཁ་བྲལ་ཐབས་མེད་པ་ཞིག་ཅི་ལ་མིན།
ལྐོག་ཟ་རུལ་སུངས་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བའི་དགྲ་བོ་དགྲ་ནག་ཅིག་ཡིན་པར་སུས་ཀྱང་ཁ་ལེན་བྱེད་ཐུབ། དེས་ན་དེང་དུས་ཀྱི་འཛམ་གླིང་འདི་ཞི་བདེ་ལྷིང་འཇགས་དང་དུས་བདེ་ཞི་འཇམ་དགོས་ན། ལྐོག་ཟ་རུལ་སུངས་ལ་བཀག་འགོག་བྱེད་དགོས་ལ། ལྐོག་ཟ་རུལ་སུངས་རྨང་ནས་མེད་པར་བཟོ་དགོས།
འོན་ཀྱང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ད་དུང་ཡང་ལྐོག་ཟ་རུལ་སུངས་ཀྱི་བསྟན་པ་དར་ཞིང་། ལྐོག་ཟ་རུལ་སུངས་རྒྱ་ཡན་དུ་བཏང་། ལྐོག་ཟ་རུལ་སུངས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་ག་ཚོད་ཅིག་ཐོབ་ཀྱི་མི་འདུག་གམ། ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཆེན་པོ་རྣམས་ཆུང་ཆུང་བཟོ་ཐབས་བྱས། ཆུང་ཆུང་རྣམས་ཐལ་བས་འགེབ་ཐབས་བྱས། དེ་ལས་ཆེས་འཇིག་སྣང་ཆེ་བ་ནི་དབུས་ཀྱི་ལས་ཁུངས་ཨ་མ་དང་། ས་གནས་ཀྱི་ལྐོག་ཟ་རུལ་སུངས་མཉམ་སྦྲེལ་བྱེད་པ་དེ་ནི་ཆེས་གདུག་རྩུབ་ཆེ་བ་ཡིན།
གདུག་རྩུབ་དེའི་འོག་ནས་ཡ་ང་བའི་སློབ་མ་མང་པོའི་ཁེ་ཕན་འཕྲོག་ཅིང་། འཚོ་བ་ངན་ངོན་ཁོ་ནར་བརྟེན་དགོས་པ་བྱུང་། ཁོང་ཚོ་ནི་ལྐོག་ཟ་རུལ་སུངས་ཀྱི་རྒྱུགས་རྡུང་ཕོག་ས་ཏག་ཏག་ཡིན་ཞིང་། ཁོང་ཚོའི་ལོངས་སུ་སྤྱོད་པའི་ཁ་ཟས་དང་། རྒྱུན་དུ་གྱོན་དགོས་པའི་སྒྲིག་ཆས། དགུན་ཨ་རིང་ད་རིང་གི་མཚན་མོ་སྐྱེལ་དགོས་པའི་ཉལ་གདན། ད་དུང་ན་ན་ཚ་ཚའི་སྐབས་ཀྱི་སྨན་དོད་དག་ལྐོག་ཟ་རུལ་སུངས་བས་ལོངས་སུ་སྤྱོད་ཅིང་། ལས་རྒྱུ་འབྲས་ལ་ཁྱད་དུ་གསོད་ཀྱི་ཡོད།
ད་དུང་ཁ་ནས་དཀོན་མཆོག་མཁྱེན། དཀོན་མཆོག་མཁྱེན་ཞེས་འབོད་ཅིང་ལག་མགོ་འཕུར་འཕུར་བྱེད་ཞོར་དཀོན་མཆོག་གིས་ལོ་ངོ་དེ་དག་མང་པོར་ལྐོག་ཟ་བྱས་ཀྱང་མཁྱེན་མི་འདུག་སྙམ་པའི་གདེང་ཚོད་ཀྱིས་ཁེངས། སློབ་ཕྲུག་དེ་དག་ནི་ཕྲུ་གུ་དམར་འབྱར་ཞིག་དང་འདྲ་བར། གང་སྟེར་བཟའ་བ་དང་གང་གཡོག་གྱོན་པ་ལས་ཁ་གྲགས་པའི་ནུས་པ་གང་ལ་ཡོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་སྤྱི་ཚོགས་ཐོག་གི་ལྐོག་ཟ་རུལ་སུངས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བཀའ་སློབ་གནང་ཡོད་ལ། ལྷག་པར་དུ་འདི་ལོ་ལྡི་ལིར་འཚེ་བ་ཞེས་པ་དེ་ལག་ཏུ་མཚོན་ཆ་བཟུང་ནས་གསོད་རེས་གཏོང་རྒྱུ་ཙམ་མིན་པར། གཞན་གྱི་ཐོབ་ཐང་རྩིས་མེད་དང་ལྐོག་ཟ་རུལ་སུངས་སོགས་ཀྱང་འཚེ་བའི་རྣམ་པ་ཆགས་ཀྱི་ཡོད། ཅེས་གསུངས་ཡོད།
འོན་ཀྱང་། ད་བར་ཤེས་རིག་ལས་ཁུངས་སུ་སློབ་གྲྭ་ཁག་དང་། ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཇི་སྙེད་ཅིག་གི་གནས་ཚུལ་ཡར་ཞུ་བྱེད་མཁན་བྱུང་ཡང་། དེ་དག་ལ་དོ་སྣང་དང་བཀག་འགོག་བྱེད་རྒྱུ་ཕར་ཟད། ད་དུང་ཐེར་འདོན་བྱེད་མཁན་ལ་སྡང་ཟུག་བྱས་པའི་ལོ་རྒྱུས་དངོས་བྱུང་ཡིན་ལ། ཐེར་འདོན་བྱེད་མཁན་གྱི་ལས་གནས་ཤོར་བའི་གནས་ཚུལ་ཡང་དངོས་སུ་བྱུང་ཡོད། གནས་ཚུལ་དེས་གང་ཞིག་ར་སྤྲོད་བྱེད་ཀྱི་ཡོད་དམ།
དེ་དག་ནི་ལྐོག་ཟ་བྱེད་མཁན་དང་ཁོ་པ་ཚོ་འབྲེལ་བ་དམ་ཟབ་ཡོད་པ་མཚོན་གྱི་ཡོད་ལ། ལྐོག་དངུལ་དག་མཉམ་དུ་ལོངས་སྤྱོད་བྱེད་ཀྱི་ཡོད་པ་གསལ་བོ་ཡིན། དེ་ཡང་ཤེས་ལྷན་གྱི་ལས་བྱེད་ཆ་ཚང་མ་ཡིན་པར་མི་འགའ་རེ་ཡིན་པ་གསལ་བོ་འདུག རྗེས་སུ་རིམ་པས་ལྐོག་ཟ་བྱེད་མཁན་སུ་ཡིན་ཁ་གསལ་བཟོ་རྒྱུ་ཁོ་ཐག་ཡིན།
རྡོར་དགྲམ་ལ་མུ་མཐུད་ནས་ཚད་ལྡན་ཁུང་བསྐྱལ་ཡོད་ངེས་རེད་ལ། དེ་འདྲ་ཡོད་དགོས་པའི་འགན་ཡོངས་རྫོགས་དུས་བབ་ཀྱིས་འཁུར་དགོས་ངེས་ཡིན་ཙང། དེའི་ཐད་ནས་དུས་བབ་ཨ་གསལ་ལེར་ཨོམ་ཀྲོང་ངེར་ཡོད་ཤག་རེད། རྗེས་སུ་ཞབས་འདྲེན་མ་ཞུ་ཨ།
གཅིག་བྱས་ན་དུས་བབ་ཀྱིས་གནང་ཟིན་པ་ཡོད་སྲིད། དེ་འདྲ་ཡིན་ན་དགོངས་དག ཉོག་ཡིག་འདི་འདྲ་སླེབ་ཚེ། མ་འོང་བར་རིམ་པས་འདོན་རྒྱུའི་ཡི་གེ་དེ་དག་བསྐུར་ཡོང་བཅུག་ནས་འབྱོར་རྗེས། ད་གཟོད་འགོད་རིན་མཆིས་ཚེ་བཀོད་ན་ལེགས་པོ་ཡོད་རེད་སྙམ།
མ་གཞི་ནས་རྡོར་དགྲམ་ལ་མུ་མཐུད་ནས་ཚད་ལྡན་འདོན་རྒྱུ་མེད་འཚེ་འདིའི་འགན་ཡོངས་རྫོགས་དུས་བབ་ཀྱིས་འཁུར་དགོས་པ་རེད།
དྲྭ་འབུའི་རིགས་ཚ་ལ་ཁ་གསལ་གོ་བདེ་ཞིག་ནམ་ཡང་རེ་བ་མ་གནང་རོགས།
རྡོ་རྗེ་དགྲ་འདུལ་ཁྱོད་ཀྱིས་རྩོམ་ཡིག་གི་མཇུག་ཏུ་ ༼རྗེས་སུ་རིམ་པས་ལྐོག་ཟ་བྱེད་མཁན་སུ་ཡིན་ཁ་གསལ་བཟོ་རྒྱུ་ཁོ་ཐག་ཡིན།༽ ཞེས་བརྗོད་འདུག་པ་ལྟར་བདག་གིས་ཀྱང་དེ་བཞིན་སྒུག་ངེས་ཡིན། དེ་མིན་དེ་རིང་ཁྱོད་ཀྱི་རྩོམ་ཡིག་འདིས་ཁྱོད་ཀྱི་ངོ་གདོང་གི་ཟུར་ཞིག་དང་སེམས་ནང་གི་ནད་རྙིང་ཞིག་གསལ་སྟོན་བྱས་ཡོད་པར་ངོས་འཛིན་བྱ་རྒྱུ་ཡིན། མཁྱེན་སོང་ངམ།
” ད་བར་ཤེས་རིག་ལས་ཁུངས་སུ་སློབ་གྲྭ་ཁག་དང་། ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཇི་སྙེད་ཅིག་གི་གནས་ཚུལ་ཡར་ཞུ་བྱེད་མཁན་བྱུང་ཡང་། དེ་དག་ལ་དོ་སྣང་དང་བཀག་འགོག་བྱེད་རྒྱུ་ཕར་ཟད། ད་དུང་ཐེར་འདོན་བྱེད་མཁན་ལ་སྡང་ཟུག་བྱས་པའི་ལོ་རྒྱུས་དངོས་བྱུང་ཡིན་ལ། ཐེར་འདོན་བྱེད་མཁན་གྱི་ལས་གནས་ཤོར་བའི་གནས་ཚུལ་ཡང་དངོས་སུ་བྱུང་ཡོད།”
༡། ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་སློབ་གྲྭ་ག་པར་དུས་ནམ་ཞིག་ལ་བྱུང་བ་རེད་དམ།
༢། ལྐོག་ཟ་རུལ་ཟུངས་ཀྱི་གནས་ཚུལ་ཤེས་རིག་ལས་ཁུངས་ལ་ཡར་ཞུ་བྱེད་མཁན་སུ་རེད་དམ།
༣། ཐེར་འདོན་བྱེད་མཁན་གང་ཟག་སུའི་ལས་གནས་ཤོར་བ་རེད་དམ།
གོང་གསལ་དྲིས་ལན་དངོས་འདེབས་བྱུང་ཚེ། གནས་ཚུལ་འདི་རིགས་ང་ཚོས་ངེས་པར་རྒྱ་ཡན་དུ་གཏོང་མི་རུང་།
དྲ་འབུ་ཚོ་འའདྲོག་སློང་མ་བྱེད། རྩོམ་པ་པོས་མཇུག་ཏུ་སུ་ཡིན་མིན་གསལ་ཁ་བཟོ་རྒྱུ་དམ་བཅའ་བཞག་འདུག།
གཞི་རྩའི་བཙན་བྱོལ་སྤྱི་ཚོགས་ནང་སྔར་ནས་ད་བར་གཞུང་རྒྱུ་སྒེར་བདག་བྱེད་མཁན་དང་ལྐོགས་ཟ་རུལ་སུངས་ཟམ་མ་ཆད་པ་མང་པོ་བྱུང་མྱོང་བ་རེད་ལ། གཞུང་སྒེར་སུས་ཀྱང་རྩད་གཅོད་དང་གཏུགས་བཤེར་ཐེར་འདོན་བྱེད་མཁན་མེད་ལ་དེ་ལས་ལྡོག་ཏེས་རྩོམ་པ་པོས་གསུངས་པ་ལྟར་རྒྱབ་སྐྱོར་དང་སྲུང་སྐྱོབ་སྦས་བསྐུངས་བྱེད་མཁན་ཡང་མི་ཆེན་དཔོན་ཆེན་དབང་ཆེན་མང་པོ་ཡོད་པ་རེད།
འོ་ན་གངས་སྐྱིད་ཀྱི་ཞབས་སྟེགས་བརྒྱུད་ནུབ་ཕྱོགས་ཁག་ནང་ནང་མི་བཅས་པ་གནས་སྤོར་བྱེད་མཁན་གྱི་སྐུ་དྲག་གསར་རྙིང་གཉིས་ཀ་ལྐོགས་ཟ་རུལ་སྲུངས་མིན་པའི་རྒྱུ་མཚན་ཞིག་བཤོད་དང་།
དེ་དེ་བཞིན་ཨ་རིའི་ཌོ་ལོར་མ་དངུལ་ཐེབ་རྩ་ཁང་དེ་དང་ཐོག་བོད་གཞུང་གི་མཚན་ཐོག་ཡོད་པ་རེད། ག་ལེར་རིན་ཆེན་དར་ལོ་སོགས་སྒེར་བདག་ཅན་ལ་ཇི་ལྟར་གྱུར་སོང་བ་རེད། ཡ་མཚན་རེད། དེ་དེ་བཞིན་ཨིན་ལཎ་ཌི་གྱི་Tibet Foundation ཡང་དང་ཐོག་བོད་གཞུང་གི་མཚན་ཐོག་རེད་སྙམ། འོན་ཀྱང་ག་ལེར་ཕུན་ཚོགས་དབང་རྒྱལ་སོགས་སྒེར་བདག་ཅན་ལ་ཇི་ལྟར་གྱུར་སོང་བ་རེད། དེ་དེ་བཞིན་རྡ་སའི་ཟླ་བ་ཚེ་རིང་གི་བསྐོར་དེ་མི་དམངས་ཀྱི་མིག་མདུན་དུ་ཕྲ་ལྷེམ་ལྷེམ་དུ་སྒེར་བདག་ཅན་ལ་གྱུར་སོང་བ་ཡ་མཚན་དངོས་བྱུང་མ་རེད་པས། ད་འདིའི་བསྐོར་དྲང་བདེན་དང་ཁྲིམས་ལུགས་རང་བཞིན་དཔང་དུ་བཙུགས་ནས་རྩད་གཅོད་བྱེད་ན་ས་ཡ་གིའི་ཡབ་གཞིས་བཟོ་གྲྭ་བར་སླེབས་རྒྱུ་རེད། རེད་དེ་བ་འདིའི་ཉལ་ལུགས་ལ་བལྟས་ན་བེའུ་འགྲམ་སྐྱོག་ལབ་པ་བཞིན། རང་ཡུལ་མེད། ཡུལ་བགྱར་གྱི་གནས་སྟངས་འདིའི་འོག་ནས་ཁག་པོ་ཁག་པོ་རེད་ལ་རྙོག་འཛིང་སྣ་མང་རང་བཞིན་ལ་གྱུར་ནས་ཆིག་སྒྲིལ་རྩ་ཐོར་འགྲོ་རྒྱུ་ཙམ་དུ་མ་ཟད་འཐབ་རྩོད་ཀྱི་ནུས་པ་ཉམས་དམས་སུ་འགྲོ་རྒྱུའི་ཉེན་ཁ་མེད་པ་མ་རེད།
ཅིག་ཤོད་རྒྱུ་ཡོད་ན་གསལ་བོ་བྱས་ནས་ཤོད་དང་མི་དམངས་བདེན་པའི་རྒྱབ་ཏུ་ཡོད། ཁྱེད་སྐྲག་མི་དགོས། གལ་སྲིད་ཤོད་རྒྱུ་མེད་ན་འདི་འདྲ་ལ་ཡིག་འཁྱམས་ཡང་ཟེར། ནང་དཀྲིགས་གཞི་ཞིག་ལས་མ་འདས། ང་ཚོ་མང་པོ་ཞིག་གི་རེ་འདུན་ཁ་གསལ་ནས་ཤོང་ཐུབ་པར་རེ་བ་ཞུ་ཀི་ཡོད།
བོད་མིའི་སྒྲིག་འཛུགས་ནང་ལྐོག་ཟ་རུལ་སུང་ཡོད་ན། མི་འདིས་འདི་ལྟས་ཟས་སོང་ཞེས་གསལ་པོ་བཟོ་དགོས་པ་རེད། དེ་འདྲ་བཤད་རྒྱུ་མེད་ན་སྐྱག་ཁ་ཚུམས། གནས་ལུགས་དང་ཁུང་ལུང་མེད་པའི་སྐད་ཆ་ལ་སུས་ཀྱང་ཆ་འཇོག་བྱེད་ཀྱི་མ་རེད།
རྡོ་རྗེ་དགྲ་འདུན། ཁྱོད་ཀྱིས་བཤད་པ་དེ་དག་བདེན་པ་མིན་པར་འདྲ། གང་ཡིན་ཞེ་ན། དོན་དངོས་ཀྱི་རྒྱུ་མཚན་གང་ཡང་བཀོད་མི་འདུག རྒྱུ་མེད་ན་བཞག་ནདགའ།
རྒྱ་མི་ནི་ཕྱི་ཡི་དགྲ་བོ་དང་། དོལ་རྒྱལ་ཚོགས་པ་དང་གཞུང་རྒྱུ་ལྐོག་ཟ་བྱེད་མཁན་ནི་ནང་གི་དགྲ་བོ་ཡིན། གང་ན་ལྐོག་ཟ་ཡོད་པ་རྣམས་ལ་བཀའ་ཤག་གསར་བས་དོ་གལ་ཆེན་པོས་ཉེས་ཆད་གཅོད་དགོས། མང་ཚོགས་ཚོས་ཀྱང་རང་གི་ཁ་ཕོར་སྐྱོར་ནས་མ་བསྡད་པར་གང་ན་ལྐོག་ཟ་ཡོད་པ་རྣམས་ཚགས་ཤོག་དང་། དྲ་རྒྱ། ངོ་དེབ། སྐད་འཕྲིན་ཚོགས་པ་སོགས་ལ་བཏང་སྟེ་མཐར་འདོན་དགོས་རྒྱུ་ནི། ནང་གི་རང་བཙན་ལེན་སྟངས་དེ་ཡིན་པས་ངེས་པར་གཙང་ཕྱགས་བརྒྱག་པའི་དུས་སུ་སླེབས་འདུག རྩོམ་ཡིག་འདི་འབྲི་བ་བོས་སློབ་གྲྭ་གང་དང་ལས་བྱེད་གང་གིས་ལྐོག་ཟ་བྱས་པ་གསལ་བོར་ཤོད་དགོས། ཚིག་ཚོགས་ནང་དུ་གབ་ནས་མ་བཞག་ན་ལེགས།
སྤྱི་ཚོགས་ཁ་ལ་འཁྱེར་བཞིན་སྒེར་ནད་ཁོག་ཏུ་བཅངས་མཁན་ཁྱེད་ཅག་ལ་ངས་འདི་ལྟར་ངོས་འཛིན་བྱེད་ཀྱིན་ཡོད། ཕྲག་དོགས་དང་འགྲན་སེམས་ཁོ་ན་མ་གཏོགས་གནས་ལུགས་འདི་ཡིན་ཏིལ་འབྲི་ཙམ་ཡང་སྟོན་རྒྱུ་མེད་པ་ནི་དེང་གི་དྲ་འབུ་འདི་དག་གིས་གཤིས་ངན་ཡིན། འདི་ཚོས་འཛམ་གླིང་གི་ཇུས་གཏོགས་བྱེད་ཀྱིན་འདུག་མོད། དོན་ངོ་ཐོག་ནས་བཤད་ན་སོ་སོའི་འདུན་ལམ་ཡང་ཡག་པོ་མི་ཤེས་མཁན་རེད་འདུག་ཟེར་ན་ཐལ་ཆ་ཆེ་བ་གང་ཡང་མིན། འདི་ཚོས་གཞན་གྱི་དཔལ་ཡོན་དང་། ཡར་རྒྱས། འདུན་སྐྱོད། ད་དུང་གཞན་ལ་རང་ཉིས་ལས་རིན་ཐོང་ཆེ་བ་དང་། རང་ཉིད་ལས་སྙན་གྲགས་ཆེ་བ། རང་ཉིད་ལས་མདུན་སྐྱོད་མགྱོགས་པ། རང་ཉིད་ལས་ཤེས་ཡོན་དང་ཀུན་སྤྱོད་ལེགས་པ་སོགས་ཡོད་པ་མཐོང་བ་དང་། དེར་བརྟེན་གཞན་གྱིས་ཆེ་མཐོང་དང་གུས་བཀུར་ཐོབ་མཐོང་ཚེ་འདི་དག་གིས་སྙིང་ལ་མདུང་ཐུང་བསྣུན་པ་བཞིན་དུ་ཟུག་གཟེར་དྲག་པོ་ལངས་འགྲོ །མདོར་ན་ཁོང་ཚོས་དམིགས་ཡུལ་དང་རེ་ངན་ནི་རང་ཉིད་དང་རང་ཉིད་ཀྱིས་ཕྱོགས་གཏོགས་ལས་དོན་དམ་གྱི་སྤྱི་སེམས་དང་ལྷག་བསམ་ཞིག་ཉིན་མོའི་སྐར་མ་དང་མཚུངས་ཆོས་སུ་གྱུར་ཡོད། ད་དུང་ཡོད་ཚད་རང་ཉིད་ཀྱིས་འདོད་དོན་ལྟར་ལེགས་སོ་བརྗོད་མཁན་ཁོ་ན་ཡིན་དགོས་པ་ལས་འདི་ཡིན་གསལ་བྱེད་ནམ་ཡང་མི་འགྲོ། དེ་འདྲ་བྱུང་ཚེ་ཁོང་ཚོ་ངོ་གདོང་འཛུམ་གྱི་ཁེངས་འགྲོ །སྤྱི་སེམས་དང་རྣམ་དཔྱོད། ཕན་སེམས་སོགས་སྒོ་དུས་མ་ནས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བསྟན་སྲིད་མི་རིགས་ཀྱི་དོན་དུ་ངལ་བ་བརྒྱ་ཕྲག་བསྟེན་མཁན་གྱི་མི་བུ་དག་ལ་ནི་ཁོང་ཚོས་འདྲེ་ལས་སྡང་བ་བྱེད་ཀྱིན་འདུག །འདི་དག་གི་རྒྱུ་རྐྱེན་ངོ་མ་ཡང་ནད་རྙིང་དང་གདོན་རྙིང་ཀྱིས་རང་རྒྱུད་ཟིན་སོང་བས་ལོས་ཡིན། ཡིན་ནའང་དུས་ནམ་ཞིག་སྐྲན་ནད་དེ་དག་ལས་ཐར་སྲིད།