མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ཨ་རིའི་གཞུང་ཚབ་བསྐོ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་མཇུག་སྒྲིལ་རྗེས། རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་གསར་པ་བསྐོ་བཞག་གནང་རྒྱུ་ཡིན་འདུག

ཟླ་སྔོན་མའི་ཚེས་ ༣༡ ཉིན་རྒྱ་གར་ཨ་རིའི་གཞུང་ཚབ་ཆེན་མོ་ལྕམ་ཎན་སི་པཱ་ཝལ་ (Nancy J. Powell) ལགས་གཞུང་ཚབ་ནས་དགོངས་པ་ཞུས་ཡོད་པ་ལྟར། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་གྲུབ་པ་དང་། སྲིད་གཞུང་གསར་པ་བརྗེ་བསྒྱུར་བྱེད་མཚམས་སུ་ཨ་རིའི་གཞུང་ཚབ་པ་གསར་བ་ཞིག་བསྐོ་བཞག་གནང་རྒྱུ་ཡིན་སྐོར་བསྒྲགས་འདུག

ཐེངས་འདིའི་རྒྱ་གར་ཨ་རིའི་གཞུང་ཚབ་ཀྱི་འོས་མིའི་ཁྲོད། ཨ་རིའི་རོགས་སྐྱོར་ཚན་པ་ (USAID) ཡི་འགན་འཛིན་སྐུ་ཞབས་ར་ཇིབ་ཤཱ་ (Rajiv Shah) ལགས་དང་། ཨ་རིའི་བདེ་སྲུང་ལྷན་ཁང་གི་དྲུང་འཕར་ཟུར་པ་སྐུ་ཞབས་ཨ་ཤི་ཌོན་ཁར་ཌར་ (Ashton Carter) ལགས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་འཕར་ཟུར་བ་རེ་ཆར་ཌི་ཝོར་མཱ་ (Richard Verma) ལགས། ཨེ་ཛེམ་ (Exim) དངུལ་ཁང་གི་འགན་འཛིན་ཧྥེར་ཌི་ (Fred Hochberg) ལགས་བཅས་ཡོད་འདུག་ལ། དེ་དག་ཁྲོད་རེ་བ་ཆེ་ཤོས་སྐུ་ཞབས་ཨ་ཤི་ཌོན་ཁར་ཌར་ལགས་ཆགས་ཡོད་སྐོར་བསྒྲགས་འདུག

སྐུ་ཞབས་ཨ་ཤི་ཌོན་ཁར་ཌར་ལགས་རེ་བ་ཆེ་ཤོས་ཆགས་དོན། ཁོང་ཨ་རི་དང་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཐད་ཀྱི་འབྲེལ་ལམ་ཇེ་ཟབ་དུ་གཏོང་རྒྱུར་མེད་དུ་མི་རུང་བའི་མི་སྣ་ཞིག་ཆགས་ཡོད་པ་མ་ཟད། དེ་སྔོན་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ཤིབ་ཤན་ཁར་མེ་ནོན་ (Shivshankar Menon ) ལགས་དང་མཉམ་དུ་རྒྱ་གར་དང་ཨ་རི་ཐུན་མོང་གི་དམག་དོན་མཚོན་ཆ་དང་གོ་མཚོན་འཕེལ་རྒྱས་གཏོང་ཕྱོགས་ཐད་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་འདུག་ལ། ད་ཆར་རྒྱ་གར་དང་ཨ་རིའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཕྱོཊ་གཉིས་ཀྱི་གོ་མཚོན་དང་དམག་སྤྱོད་འཕྲུལ་ཆས་སོཊ་ཀྱི་ཚོང་འབྲེལ་དང་། དཀའ་ངལ་རྒྱུས་ལོན། ཕན་ཚུན་གྱི་འབྲེལ་ལམ་བཅས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སླར་གསོ་ལ་མེད་དུ་མི་རུང་ཆགས་ཡོད་སྟབས། ཁོང་ནི་ཤེས་འཇོན་དང་ཉམས་མྱོང་བཅས་ཐོག་ནས་གཞུང་ཚབ་ཀྱི་འོས་མི་ཡག་ཤོས་ཆགས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། སྐུ་ཞབས་ཨ་ཤི་ཌོན་ཁར་ཌར་ལགས་ཨ་རིའི་རྒྱལ་སྲུང་ཐད་ཀྱི་ཆེད་ལས་མི་སྣ་ཞིག་དང་། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་ལ་འགན་འཁུར་ཐུབ་མཁན་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ཤིབ་ཤན་ཁར་མེ་ནོན་ལགས་གཙོས་རྒྱ་གར་གྱི་གནད་ཡོད་མི་སྣ་དག་དང་འབྲེལ་བ་ཡག་པོ་ཡོད་མཁན་ཞིག་ཡིན་པ་དང་། ཁོང་གཞུང་ཚབ་ལ་བསྐོ་བཞག་གནང་བ་ཡིན་ན། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

སྐུ་ཞབས་ཨ་ཤི་ཌོན་ཁར་ཌར་ (Ashton Carter) ལགས་ནི། ༡༩༥༤ ལོའི་ཟླ་ ༩ ཚེས་ ༡༤ ཉིན་ཧྥེ་ལཱ་ཌལ་ཧྥེ་ཡཱ (Philadelphia) རུ་སྐྱེས་ཤིང་། ཨེ་བྷན་ཌོན་ (Abington High School) སློབ་གྲྭ་ནས་མཐོ་འབྲིང་སློབ་སྦྱོང་གནང་ཡོད་འདུག ཕྱིས་སུ་ཡེ་ལི་ ( Yale) མཐོ་སློབ་ཏུ་འཛུལ་ཞུགས་ཀྱིས་དངོས་ཁམས་ཚན་རིག་སྐོར་ལ་རིག་གནས་རབ་འབྱམས་པ་གནང་ཡོད་པ་དང་། དེའི་རྗེས་ཨོ་ཁི་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་ནང་དངོས་ཁམས་ཚན་རིག་གི་རྣམ་གཞག་ཐོག་འབུམ་རམས་པ་ཐོན་ཡོད་འདུག

༡༩༩༡ ལོ་ནས་ ༡༩༩༣ ལོའི་བར་ཨ་རིའི་རྒྱལ་སྲུང་བདེ་འཇགས་ཚན་རིག་ལྷན་ཚོགས་ཀྱི་ཚོགས་མི་དང་། ༡༩༩༣ ལོ་ནས་ ༡༩༩༦ ལོའི་བར་ཨ་རིའི་བདེ་སྲུང་ལྷན་ཁང་གི་རྒྱལ་སྲུང་སྲིད་ཇུས་སྐོར་གྱི་དྲུང་འཕར་གནང་ཡོད་འདུག ༡༩༩༧ ལོ་ནས་ ༢༠༠༡ ལོའི་བར་ཨ་རིའི་རྒྱལ་སྲུང་བདེ་འཇགས་སྲིད་ཇུས་ལྷན་ཚོགས་ཀྱི་ཚོགས་མི་དང་། ༢༠༠༡ ལོ་ནས་ ༢༠༠༢ ལོའི་བར་ཨ་རིའི་རྒྱལ་ཡོངས་ཚན་རིག་དང་འཕྲུལ་ལས་ཚན་རྩལ་ལྷན་ཚོགས་ཀྱི་ཚོགས་མི་གནང་ཡོད་འདུག

༢༠༠༦ ལོ་ནས་ ༢༠༠༨ ལོའི་བར་རྒྱལ་སྤྱིའི་སྲུང་སྐྱོབ་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་དང་། ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༣ ནས་ ༢༠༡༣ ལོའི་ཟླ་ ༡༢ ཚེས ༣ བར་ཨ་རིའི་བདེ་སྲུང་ལྷན་ཁང་གི་དྲུང་འཕར་གནང་ཡོད་པ་མ་ཟད། ད་བར་ཚན་རིག་དང་བདེ་སྲུང་། གཞུང་འཛིན་སྐྱོང་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་ཕྱག་དེབ་ ༡༡ བརྩམས་གནང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese