མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕོ་བྲང་དཀར་པོའི་སྲིད་བྱུས་ནག་པོ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༡༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

     ཉེ་ལམ་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཕོ་བྲང་དཀར་པོ་རུ་མཇལ་འཕྲད་གནང་སོང་། ཨོ་བྷ་མས། བོད་རང་བཙན་ལ་རྒྱབ་སྐྱོར་མེད་པ་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ། རྒྱ་ནག་གིས་བོད་པའི་ཆོས་དང་རིག་གཞུང་ལ་བདག་སྐྱོང་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ད་དུང་༧གོང་ས་མཆོག་གི་འཚེ་མེད་ཞི་བདེའི་ཕྱག་ལས་ལ་བསྟོད་བསྔགས་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བརྒྱུད་བོད་དོན་སེལ་ཐབས་བྱ་དགོས་པ། བོད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་བསྐྱར་བརྗོད་བྱས་འདུག 

     ཨ་རིའི་སྲིད་འཛིན་རིམ་བྱུང་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་དེ་ཨ་རིའི་གཞུང་གི་སྲིད་བྱུས་ཤིག་ཆགས་ཡོད། ཐེངས་འདིའི་མཇལ་འཕྲད་དེ་ཧ་ཅང་གློ་བུར་བ་ཞིག་རེད། ཨ་རི་དང་ཉི་ཧོང་རྒྱ་གར་གསུམ་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་བཞིན་པའི་སྐབས་དང་། རྒྱ་ནག་གིས་བོད་དང་ཡུ་གུར་ལྷོ་སོག་གསུམ་གྱི་སྲིད་བྱུས་གཏན་འབེབས་བྱེད་བཞིན་པའི་སྐབས་ཡིན། ཕྱོགས་གཞན་ཞིག་ནས་བོད་དོན་རྒྱལ་སྤྱིའི་ཐོག་ནས་མར་འགྲིབ་བཞིན་པའི་སྐབས་དང་། ཨོ་བྷ་མ་སྐབས་གཉིས་པའི་སྲིད་འཛིན་དུ་བསྡད་དེ་ལས་དོན་མང་པོ་ཞིག་མཇུག་སྐྱོང་བྱེད་བཞིན་པའི་སྐབས་དང་ཁེལ་ཡོད།

     ཨོ་བྷ་མས་༧གོང་ས་མཆོག་ཐེངས་གསུམ་ལ་ཕོ་བྲང་དཀར་པོར་གདན་འདྲེན་ཞུས། གཞུང་འབྲེལ་གསལ་བསྒྲགས་ལྟར་ན། མཇལ་འཕྲད་རེ་རེའི་གསུང་མོལ་ནང་དོན་ཧ་ལམ་གཅིག་མཚུངས་རེད། ༧གོང་ས་མཆོག་གིས་དུས་རྒྱུན་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་གནད་དོན་ཐོག་ཐུགས་འཚབ་ཡོད་པ་སོགས་དང་། ཨོ་བྷ་མའི་ཕྱོགས་ནས་ཀྱང་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་། དབུ་མའི་ལམ་ལ་རྒྱབ་སྐྱོར། གྲོས་མོལ་གྱི་ལམ་ནས་བོད་དོན་སེལ་དགོས་པ་སོགས་རེད།

     མཇལ་འཕྲད་དང་པོ་དང་གཉིས་པར་གནད་དོན་མང་པོ་ཞིག་གི་ཐོག་ཨོ་བྷ་མས་ཁ་ཕྱི་ལ་འཁོར་ནས་བཤད་དགོས་པ་མང་པོ་ནང་ལ་འཁོར་ནས་བཤད་ཡོད། དཔེར་ན། ༧གོང་ས་མཆོག་གིས་བོད་པའི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་ཡོད་ཅེས་འགན་༧གོང་ས་མཆོག་ལ་བཀལ་ཡོད། བོད་རྒྱའི་བར་གྱི་མི་མཐུན་པ་དེ་དག་གྲོས་མོལ་བརྒྱུད་ནས་སེལ་རྒྱུར་ཕྱོགས་གཉིས་ཀར་རྒྱབ་སྐྱོར་ཡོད་ཅེས་ཚིག་གཉོམ་ཆུང་ཞིག་གིས་མཇུག་བསྡུས།། མཇལ་འཕྲད་སྔ་མ་ལས་ཕྱི་མ་ནང་དོན་ཁ་གསལ་བོ་དང་དོན་དག་ཐག་ཉེ་བོ་ཆགས་ཡོད། བརྗོད་བྱ་གཅིག་པ་ཡིན་ཡང་བརྗོད་སྟངས་ལ་ཁྱད་པར་ཆེན་པོ་ཕྱིན་འདུག ཐེངས་འདིའི་མཇལ་འཕྲད་རྗེས་ཕོ་བྲང་དཀར་པོའི་གསལ་བསྒྲགས་ནང་། རྒྱ་ནག་གིས་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་དགོས། རྒྱ་ནག་གིས་ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བརྒྱུད་བོད་དོན་སེལ་ཐབས་བྱེད་དགོས། ཞེས་ཁ་ཕར་འཁོར་ཏེ་འགན་ཡོངས་རྫོགས་རྒྱ་ནག་ལ་བཀལ་ཡོད།

      དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ་སོགས་འཛམ་གླིང་ཀུན་ཁྱབ་ཀྱི་གནད་དོན་ཞིག་ཡིན། བོད་དོན་ལ་འབྲེལ་བ་ཡོད་ཀྱང་བོད་དོན་དངོས་དེ་མ་རེད། གནད་དོན་འདི་དག་ཨ་རིའི་གཞུང་གིས་སྲོག་སྙིང་དང་རིན་ཐང་དུ་འཛིན་གྱི་ཡོད། བོད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཟེར་བ་དེ་ཨོ་བྷ་མས་སྔོན་ཆད་ཀྱང་བརྗོད་མྱོང་ཡོད་མོད། བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཟེར་བ་འདི་དང་པོ་རེད། འདི་ཕོ་བྲང་དཀར་པོའི་སྲིད་བྱུས་ནག་པོ་དེ་རེད་ལ། ཨོ་བྷ་མའི་ལངས་ཕྱོགས་ཇེ་གསལ་དུ་སོང་བའི་ཆ་ཡང་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese