མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁན་པོ་མཁས་གྲུབ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཆབ་མདོ་ཁུལ་ཆབ་མདོ་རྫོང་སྨན་མདའ་མཚོ་ཤོད་འབོད་ཡག་དགོན་པའི་མཁན་པོ་འཛིན་བཟུང་བྱས་ཏེ། ད་ཆར་ཆབ་མདོ་རྫོང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ པ་ནས་བཟུང་ཆབ་མདོ་སྨན་མདའ་དགོན་པའི་རང་ལོ་ ༤༠ ཡིན་པའི་མཁན་པོ་མཁས་གྲུབ་བམ། ཡོངས་གྲགས་སུ་ཆབ་མདོ་མཁས་གྲུབ་ལགས་སུ་ལྟ་རྟོག་བྱས་ཡོད་པ་དང་། ༢༠༡༣ ལོར་ཟླ་ ༡ རིང་བཙོན་འཇུག་བཀག་ཉར་བཅས་བྱས་ཡོད་པ་མ་ཟད། ཟླ་འདིས་ཚེས་ ༡༣ ཉིན་མཁན་པོ་ལྷ་སར་ཡོད་པའི་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཚོགས་འདུ་ཞིག་ཏུ་བཅར་སྐབས་གློ་བུར་འཛིན་བཟུང་བྱས་ཡོད་འདུག ཉེ་ལམ་ཉེན་རྟོག་པ་དང་ལས་བྱེད་མི་སྣས་མཁན་པོའི་གྲྭ་ཤག་སྔོག་གཤེར་བྱས་ཏེ་གློག་ཀླད་སོགས་འཁྱེར་ཡོད་པ་མ་ཟད། ས་གནས་མང་ཚོགས་དགོན་པའི་གྲྭ་བ་ཚོར་མཁན་པོ་བཙོན་ཁང་ནང་གདན་འདྲེན་གྱིས་རབ་གནས་བྱེད་འཇུག་གི་ཡོད་ཅེས་དགོན་གྲོང་གཉིས་ཀྱི་སེམས་ལ་གནོད་པའི་སྐད་ཆ་མང་པོ་བཤད་ཡོད་འདུག

གནས་ཚུལ་འདིའི་ཐད་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་ཡི་གེ་ཞིག་བཏང་ཡོད་པའི་ནང་། རྒྱ་ནག་གཞུང་གིས་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་ཆབ་མདོ་ཁུལ་ཆབ་མདོ་རྫོང་སྨན་མདའ་མཚོ་ཤོད་དང་འབོད་ཡག་དགོན་པ་བཅས་སུ་སྤྱི་བདེ་ཉེན་རྟོག་པ་དང་ལས་བྱེད་མངགས་གཏོང་གིས། དེ་སྔོན་བོད་དོན་དང་འབྲེལ་བའི་ཡིག་ཆ་ཞིག་གཏོར་འགྲེམས་བྱས་པའི་ས་གནས་ཀྱི་མང་ཚོཊ་བསྡུ་སྐོང་གིས་༧གོང་ས་མཆོག་ལ་མཚན་དམོད་དང་། སྲིད་གཞུང་གིས་ས་གནས་བོད་མི་ཚོར་དབུལ་སྐྱོར་གྱི་སྒོར་མོ་མང་པོ་སྤྲོད་ཀྱི་ཡོད་ཚུལ། ས་གནས་མང་ཚོགས་སྲིད་གཞུང་ལ་དགའ་མོས་ཡོད་ཚུལ་སོགས་འཁོད་ཡོད་པའི་ཡི་གེ་ཞིག་ལ་བཙན་དབང་གིས་མཛུལ་ཐེལ་རྒྱག་བཅུག་ཡོད་སྐོར་བཀོད་འདུག

ཡི་གེ་དེའི་ནང་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༡༢ ཉིན་སྨན་མདའ་དགོན་པའི་དགེ་རྒན་འཇམ་དབྱངས་ཡེ་ཤེས་དང་། གྲྭ་སྒྲུབ་རྒྱུད་ཞུ་བ་གཉིས་ཀྱིས་ལོ་སར་ཚེས་ ༡ ཉིན་བོད་དོན་ཆེད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་གནང་ཡོད་པའི་ཉེས་འཛུཊ་འོག་འཛིན་བཟུང་བྱས་ཡོད་པར་མ་ཟད། གྲྭ་བ་ཁོང་གཉིས་གྲྭ་ཤག་ལ་སྔོག་གཤེར་གྱིས་སྐུ་པར་དང་འོད་སྡེར་སོགས་འཁྱེར་ཡོད་པ་དང་། སྐབས་དེར་དགོན་པའི་གྲྭ་ཤག་ཚང་མ་སྔོག་གཤེར་བྱེད་སྐབས་གྲྭ་སྐལ་བཟང་ཚེ་རིང་ལགས་ཀྱིས་ཞལ་འདོན་དཔེ་ཆའི་སྟེང་༼བོད་རང་དབང་༽ ཞེས་བྲིས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་། དགུང་ལོ་ ༦༥ ཡིན་པའི་སྤྲུལ་སྐུ་འཕྲིན་ལས་རབ་བརྟན་ཞུ་བར་སྙུང་གཞི་ཕོཊ་མིན་ལ་མ་ལྟོས་པར། བཙན་གྱིས་ཚོགས་འདུར་ཞུགས་བཅུག་སྟབས། ལོ་དེའི་ཟླ་ ༡༡ ཚེས་ ༡༤ ཉིན་དགོངས་པ་རྫོགས་ཡོད་སྐོར་བཀོད་ཡོད་འདུག

ད་དུང་སྐབས་དེར་དགོན་པའི་ནང་གྲྭ་བ་ ༣༠ ལས་འདུག་མི་ཆོག་པའི་བཙན་བཀའ་བཏང་བ་དང་། གྲྭ་བ་ ༤༠ ཙམ་ལ་བཙན་དབང་གིས་སྐྱ་ཆས་གྱོན་བཅུག་པར་མ་ཟད། ཡང་བསྐྱར་གྲྭ་བ་མི་བྱེད་པའི་མཛུབ་ཐེལ་རྒྱག་བཅུག་ཏེ་དགོན་པའི་བཤད་གྲྭ་སྟོང་པ་ཆགས་བཅུག་ཡོད་སྐོར་སོགས་བཀོད་འདུག

ཉེ་བའི་ཆར་རྒྱ་གཞུང་གི་མི་སྣ་ས་གནས་སུ་འབྱོར་དེ་ཉིན་བཅུའི་རིང་མཐུན་སྒྲིལ་དཔུང་རྟགས་བཏག་ཡོད་རིགས་ཀྱི་དཔང་རྟགས་སྲིད་གཞུང་ལ་རྩིས་སྤྲོད་བྱེད་དགོས་པ་དང་། རྩིས་སྤྲོད་མ་བྱས་ཚེ་དྲག་རྡུང་དང་བཙོན་འཇུག་གི་བྱ་འགུལ་སྤེལ་རྒྱུ་ཡིན་ཞེས་བཤད་དེ་ས་གནས་མི་མང་ལ་དམ་དྲག་དང་འཇིགས་སྐུལ་རབ་དང་རིམ་པ་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

སྐར་མ ༣༨ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨

མཆན། 3

  1. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 12 སྔོན།

    གསར་འགོད་པ་དོན་གོ་ལགས་སུ།
    བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་ཁུལ་གཅིག་དང་། ས་ཁུལ་དྲུག་ཡོད་པ་རེད། ལྷ་ས་ནི་ཁུལ་རེད། ཁུལ་གཅིག་ལྷ་ས་དང་། ས་ཁུལ་དྲུག་ནི་ཆབ་མདོ་ས་ཁུལ། གཞིས་རྩེ་ས་ཁུལ། ལྷོ་ཁ་ས་ཁུལ། མངའ་རིས་ས་ཁུལ། ནག་ཆུ་ས་ཁུལ། ཉིང་ཁྲི་ས་ཁུལ་བཅས་རེད།
    དེས་ན་ཁྱེད་ཀྱིས་ཆབ་མདོ་དེ་ཁུལ་ཡིན་མིན་རྟོགས་ཡོད་ཤག་ཡིན་ལགས།

    Reply
  2. དོན་གོ says:
    ལོ་ 12 སྔོན།

    ཀློག་པ་པོ་རྣམ་རྒྱལ་དོན་འགྲུབ་ལགས། ཁྱེད་ཀྱིས་ང་ལ་བོད་རང་སྐྱོང་ལྗོངས་ཁྱབ་ཁོངས་སུ་ས་ཁུལ་ག་ཚོད་དང་ཁུལ་ག་ཚོད་ཡོད་མེད་དང་། ལྷ་ས་ཁུལ་ཡིན་མིན། ཁྱེད་ཀྱིས་ལྷ་ས་ཁུལ་འོག་ན་ས་ཁུལ་དྲུག་ཟེར་བ་རེ་རེ་བཞིན་ངོ་སྤྲོད་གནང་ན་ཕན་ཐོགས་བྱུང་ས་རེད།

    ངས་ཤེས་ཚོད་ལྟར་ན། བོད་རང་སྐྱོང་ལྗོངས་ཁྱབ་ཁོངས་ན་ས་ཁུལ་དང་ཁུལ་བདུན་འདུག དེ་དག་ནི་ལྷ་ས་དང་། ཆབ་མདོ། གཞིས་ཀ་རྩེ། ནག་ཆུ། མངའ་རིས། ཉིང་ཁྲི། ལྷོ་ཁ་བཅས་རེད་འདུག

    Reply
  3. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 12 སྔོན།

    བཀུར་འོས་བོད་ཀྱི་དུས་བབ་གསར་འགོད་པ་དོན་གོ་ལགས།

    སྤྱིར་དེང་སང་དུས་བབ་དྲ་རྒྱའི་ནང་དུ་ཡིག་ནོར་ཅུང་མང་དུ་སོང་བ་ཚོར་གྱི་འདུག་ལ་དོན་གྱི་ཆ་ནས་ཀྱང་ཏག་ཏག་མ་བསྡད་པ་དེ་འདྲ་ཡོང་གི་འདུག་ཞུ་ཡ་ཡིན།
    དཔེར་ན་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཆབ་མདོ་ཟེར་བ་དེ་ཁུལ་གཏན་ནས་མ་རེད། ཁུལ་དང་ས་ཁུལ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ལྷ་ས་ནི་ཁུལ་དང་དེ་འོག་ས་ཁུལ་དྲུག་ཡོད་པ་ལས་ཆབ་མདོ་ནི་ས་ཁུལ་གཅིག་རེད། ཐུགས་རྗེ་ཆེ་ཕན་ཐོགས་འདྲ་བྱུང་ན་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese