དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་དུ། འོས་བསྡུའི་འགན་འཛིན་འཇམ་དཔོལ་ཆོས་བཟང་དང་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་རྣམ་གཉིས་ཀྱིས། མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུའི་དངོས་གཞིའི་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་ཏེ། མགོ་ལོག་གསེར་རྟའི་བཀྲ་ཤིས་དོན་གྲུབ་དང་། མགོ་ལོག་ཚངས་དབྱངས་རྒྱ་མཚོ། བྱ་ཁྱུང་ཀརྨ་དགེ་ལེགས་གསུམ་དངོས་གཞིའི་འོས་མིར་གསལ་བསྒྲགས་གནང་སོང་།
འོས་བསྡུའི་འགན་འཛིན་མཆོག་གིས་ངོ་སྤྲོད་གནང་བ་ལྟར་ན། འོས་བསྡུའི་སྒྲིག་གཞི་ལྟར། དངོས་གཞིའི་འོས་བསྡུ་གསལ་བསྒྲགས་བྱེད་པར་འོས་མི་གཅིག་འདེམས་དགོས་ཚེ། དེའི་ཉིས་ལྡབ་ལས་མ་ཉུང་བའི་སྟེང་ལ་དང་བླངས་ཡོད་ན། དང་བླངས་དེ་དག་གསལ་བསྒྲགས་བྱེད་དགོས་ཀྱང་། ད་རེབ་དང་བླངས་པ་གཅིག་ཀྱང་མ་བྱུང་སྟབས། གོང་གསལ་ལྟར་ཐག་གཅོད་གསལ་བསྒྲགས་གནང་བ་ཞིག་ཡིན་འདུག
བར་མའི་འོས་བསྡུའི་སྔོན་འགྲོའི་ཁྲོད་འོས་གྲངས་མང་ཤོས་ཨང་དང་པོ་མགོ་ལོག་གསེར་རྟའི་བཀྲ་ཤིས་དོན་འགྲུབ་དང་། ཨང་གཉིས་པ་ཨ་ཚོགས་ཀླུ་མཁར་བྱམས་ཡིན་ཡང་། ཐེངས་འདིར་དངོས་གཞི་བསླེབ་གྲབས་སྐབས་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་འོས་མི་ལས་དགོངས་པ་ཞུས་ཡོད་འདུག
སྔོན་འགྲོའི་འོས་བསྡུའི་སྐབས་རྒྱ་བལ་གཉིས་ནང་འོས་བསྡུའི་ས་གནས་ ༤༥ ཙམ་ཡོད་པ་དང་། དངོས་གཞིའི་འོས་བསྡུ་དེ་ཕྱི་ཟླ་ ༦ ཚེས་ ༩ ཉིན་ལ་ཁེལ་ཡོད་འདུག
སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་དགོངས་པ་ཞུས་པ་ནོར་མི་འདུག ཁོས་ད་རེབ་ཀྱི་འོས་བསྡུ་འཕར་མའི་ལས་རིམ་འདི་ཁྲིམས་མཐུན་ཞིག་མིན་པ་དང་། འདི་ལ་ངོས་ལེན་མེད་པ་གསལ་བོ་བཤད་ཚར་བ་རེད། ཁྲིམས་མཐུན་མ་རེད་ཟེར་གྱིན་རང་ཉིད་ཀྱང་དེའི་ནང་དུ་འཚང་ཁ་བརྒྱབ་ནས་བསྡད་ཚེ་རང་གིས་བཤད་པའི་སྐད་ཆ་ལ་འགན་མ་འཁུར་བ་ཞིག་དང་། རང་གི་ཁ་ནས་བཤད་པ་དང་དོན་གྱི་ལག་ལེན་གཉིས་འགལ་བ་ལྟག་སྤྲོད་ལྟ་བུ་ཞིག་ཏུ་འགྱུར་བ་གསལ་བོ་རེད། སྐབས་འཚོལ་རང་ལུགས་པ་ཟེར་བའང་འདི་འདྲའི་ཁྲིམས་དང་སྒྲིག་གཞི་ལ་ཅི་མི་སྙམ་པར་གང་དུ་ཁེ་བཟང་ཞིག་ལེན་རྒྱུ་རེག་ཚེ་དེ་རུ་འདུར་རྒྱུགས་བྱེད་མཁན་དག་ལ་ཟེར་བ་རེད། དེའི་ཕྱིར་སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་ཀྱང་ད་རེས་ཀྱི་སྐབས་འཚོལ་རང་ལུགས་པའི་བགོ་སྐལ་བཟང་བོ་འདི་བློས་གཏོང་བྱས་པ་རེད
ང་རང་སྔོན་མ་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། བར་ལམ་ཞིག་ནས་གོ་ཚོད་ལ་ཀླུ་མཁར་བྱམས་ཀྱི་སློབ་སྟོན་པ་ཁ་བ་དཀར་པོ་ཚང་གི་གསེར་རྟ་ཚུལ་ཁྲིམས་རེད་ཟེར་བ་དང་། ལྷག་པར་དུ་ཉེ་ལམ་ཁོ་རང་གི་ཕྲུ་གུའི་སྐྱེས་སྐར་ཉིན་སྐུ་མགྲོན་གཙོ་བོ་ཁག་བོན་སྤྱི་སྨོན་ལམ་མཐར་ཕྱིན་སོགས་མདོ་སྟོད་པ་མང་པོ་ཞིག་གདན་འདྲེན་ཞུས་ཡོད་པ་སོགས་ཀྱིས་ང་རང་ཁོང་ལ་དོགས་པ་ཟ་དགོས་པ་ཞིག་ཆགས་སོང་། མདོ་སྨད་ཁ་ལ་འཁྱེར་ནས་ཆོལ་ཁ་གཞན་ལ་སྲི་ཞུ་སྒྲུབ་མཁན་ཞིག་ཡིན་ན་རྩ་བའི་མ་འགྲིག་པ་ཡོད་པ་མ་རེད་ཆོལ་ཁ་གསུམ་ཀ་བོད་རེད་བོད་མའི་རྩ་དོན་གཅིག་རེད། ཡིན་ནའང་མདོ་སྨད་ཀྱི་མིང་ཐོག་ནས་སྤྱི་འཐུས་ནང་འཚང་བ་དང་ལྷག་པར་དུ་མདོ་སྨད་པ་ཞིག་གི་མིང་ཐོག་ནས་བྱ་བ་འདྲ་མིན་བྱས་ཏེ་མང་ཚོགས་ལ་མགོ་སྐོར་བཏང་ན་དེ་ཧ་ཅང་མ་འོས་པ་དང་མ་འགྲིག་པ་ཞགི་རེད།
ཀླུ་མཁར་བྱམས་གྱིས་དགོངས་པ་ཞུས་པ་མ་ནོར་ཐ། སྤྱི་འཐུས་ནང་ན་ཁོ་ལ་ལམ་ཞིག་མེད་པ་ཧ་གོ་གསལ་རེད། འོན་ཀྱང་མདོ་སྨད་སྤྱི་འཐུས་ཟུར་པ་སྒྲོལ་མ་འཚོ་མོ་ནང་བཞིན་འོས་ཤོག་ཐོབ་ཚར་ཕྱིན་དགོངས་པ་ཞུས་པ་མིན་པར། མ་ཐོབ་གོང་ནས་རང་ཉིད་ཕྱིར་འཐེན་བྱས་པ་དེ་ཡག་པོ་རེད།
སྐུ་ཞབས་སྐུ་མཁར་བྱམས་ལགས་སུ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དེ་དངོས་གཞིའི་འོས་ཁུངས་ནས་དགོངས་པ་ཞུ་བཅུག་པ་རེད།
དེར་བརྟེན་ང་རང་གིས་མདོ་སྨད་སྤྱི་འཐུས་དངོས་གཞིའི་ཆ་ཤས་ལེན་རྒྱུ་མིན། དེ་ཚོགས་གཙོ་སྤེན་ཚེ་དང་། འོས་ལྷན་འགན་འཛིན་སོགས་ཀྱིས་ཤེས་པར་བྱོས།
ངའི་འོས་མི་ཀླུ་མཁར་བྱམས་དགོངས་ཞུ་གནང་འདུག ཡིན་ཡང་ཡག་པོ་རེད། བོད་གཞུང་གི་ཁྲིམས་དེ་ཡག་པོ་གནས་ཡ་ཆེད་འགན་འཁུར་དང་གཟི་བརྗིད་བསྟན་སོང་། དཔའ་བོ་ཀླུ་མཁར་ཡག་པོ་རེད།
ང་རང་གི་འོས་མི་དེ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཡིན། དུས་ནམ་ཡང་འགྱུར་བ་མེད།