མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོལ་ཁ་གསུམ་གྱི་བསམ་ཚུལ་སྤུངས་ཐུབ་ས་ཞིག་ཡིན་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་ཐོག སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ནང་ཕན་ཐོགས་མེད་པའི་སྒྲིག་ཚོགས་མང་པོ་ཡོད་པ་ལས་སྒྲིག་འཛུགས་སྲ་ཐག་གཅོད་གཅིག་གཉིས་ཡོད་ན་ལེགས་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག ངྷ་ས་མེག་གྷན་བྷག་སོའུ་ཚོགས་ཁང་ (Club House ) དུ། གངས་ཅན་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་ཅིང་། དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཙོས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་དང་། དེ་བཞིན་ཚོགས་པ་དེའི་རྒྱུན་ལས་ཟུར་བ་དང་ཚོགས་མི་བཅས་མི་ ༧༠ ལྷག་འཛོམས་སོང་།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་༧གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་ཕུལ་བ་དང་སྣང་སེལ་སྒྲོན་མེ་ཞལ་འབྱེད། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། བོད་བསྟན་སྲིད་ཆེད་རང་སྲོག་བཏང་བའི་རྒྱལ་གཅེས་བ་དག་ལ་མྱ་ངན་གུས་འདུད་བཅས་དབུ་འཛུགས་ལས་རིམ་ཁག་གྲུབ་རྗེས། ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་གྲགས་པ་ལགས་ཀྱིས་ཚོགས་པ་ངོ་སྤྲོད་དང་འབྲེལ་བརྗོད་དོན། རྒྱ་མིས་བོད་ལ་བཙན་བཟུང་བྱས་རྗེས་བོད་བསྟན་སྲིད་མི་རིགས་རང་དབང་སླར་གསོ་ཡོང་སླད། ༡༩༥༩ ལོའི་གོང་དུ་ཀ་སྦུག་ཏུ་བདེ་དོན་ཚོགས་པ་ཞེས་པའི་བོད་ཆོལ་གསུམ་གྱི་གནད་ཡོད་སེར་སྐྱ་མི་སྣ་འདུས་པའི་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་ཅིང་། ༡༩༥༩ ལོར་༧གོང་ས་མཆོག་དང་བཀའ་ཤག་རྒྱ་གར་ནང་ཕེབས་ཏེ་འགན་གཙོ་གནང་བཞིན་ཡོད་པར་བརྟེན། བདེ་དོན་ཚོགས་པའི་ལས་འགན་ཇི་ཡོད་བཀའ་ཤག་ལ་རྩིས་འབུལ་བྱས་པར་ཞལ་བཞེས་ཐོབ་ཏེ་ཚོགས་པ་ཕྱིར་བསྡུ་བྱས་ཡོད་ཀྱང་། ༡༩༦༤ ལོའི་ཟླ་ ༤་ཚེས་ ༢༤ ཉིན་རྡོ་རྗེ་གླིང་དུ་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ལས་འགུལ་ཐོག་མར་དབུ་འཛུགས་ཞུས་ཡོད། དེ་ནས་དམིགས་ཡུལ་དོན་ཚན་ལྔ་ཅན་གྱི་ཟིན་བྲིས་བརྒྱབ་པ་དང་རྒྱུན་ལས་རྣམས་ཀ་རྡོར་སྒང་གསུམ་གཙོས་བོད་མི་འདུས་སྡོད་ཁག་ལ་སྐོར་སྐྱོད་ཕེབས་ཏེ། ཆོལ་ཁ་ཆོས་ལུགས་ཀྱི་མི་སྣ་ཆེ་ཁག་ལ་དམིགས་ཡུལ་སྐོར་ཞུས་པར་རྒྱབ་སྐྱོར་ཐོབ་ནས་ཚོགས་པའི་སྒྲིག་གཞི་ཕྱོགས་སྒྲིག་ཞུས་ཡོད་པ་དང་། དེའི་རྗེས་ཆོས་ལུགས་ཆོལ་གསུམ་གྱི་ཚོགས་མི་བརྒྱད་ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་དམིགས་ཡུལ་དོན་ཚན་ལྔ་རྩ་འཛིན་འོག་སྒྲིག་གཞི་དོན་ཚན་ ༡༧ འཁོད་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་ལྷན་རྒྱས་བརྒྱུད་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་བསྟུན་སྙན་འབུལ་ཞུས་ཏེ། ༧གོང་ས་མཆོག་གི་ཞལ་ནས་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་དམིགས་ཡུལ་དང་སྒྲིག་གཞི་གང་ལེགས་བྱུང་ལུགས་གསུངས་སྟབས། ཚོགས་པ་འདི་གཞུང་ནས་ངོས་བཞེས་གཙང་མ་གནང་རྒྱུའི་བཀའ་འཁྲོལ་གནང་ཡོད། ཅེས་སོགས་བརྗོད་སོང་།

དེའི་རྗེས་ཚོགས་པའི་དྲུང་ཆེ་སྨན་པ་བསོད་ནམས་ཕུན་ཚོགས་ལགས་ཀྱིས་ལས་བསྡོམས་སྙན་སེང་ཞུས་དོན་ལྟར་ན། ད་ལྟ་ཚོགས་པར་བདག་པའི་ཁང་མིག་ ༡༥ ཡོད་པའི་ཁོངས་ནས་ ༡༠ ཁྲིམས་མཐུན་ཐོག་གསར་རྒྱག་ཟིན་པ་དང་། གཞན་ ༥ གཏན་འཇགས་བཟོ་སྐྲུན་བྱེད་པར་འབད་བརྩོན་གནང་མུས། ༢༠༡༡ ལོ་ནས་བཟུང་ཚོགས་པའི་རྩིས་ཁྲ་ལ་རྒྱ་གར་གྱི་ཁྲིམས་ལུགས་དང་མཐུན་པར་རྩིས་བཤེར་འགྲོ་ཐུབ་ཡོད་པ་དང་། ཚོགས་པའི་ངོས་ནས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ཆེད་མཆོད་འབུལ་དང་། ཉམས་ཐག་སློབ་མ་དང་ནད་པར་རོགས་སྐྱོར་སོགས་བྱས་ཡོད་སྐོར་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཏམ་བཤད་གནང་དོན། སྔོན་མ་ཆོས་རྒྱལ་ཚོའི་སྐབས་ནས་བཟུང་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྡུས་དང་མ་བསྡུས་པའི་གནས་སྟངས་མང་པོ་བྱུང་ཡོད་པ་རེད། ལྷག་པར་དུ་བོད་ས་མ་ཤོར་བའི་གོང་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་ཡོང་བ་ཕར་ཞོག ཆོལ་ཁ་སོ་སོའི་ནང་ས་ཁུལ་དང་ལུང་ཚན་བར་མ་མཐུན་པའི་གནས་སྟངས་མང་པོ་ཞིག་ཆབ་སྲིད་ཀྱི་ཐོག་ནས་བྱུང་ཡོད། འོན་ཀྱང་། ཆོས་ཕྱོགས་ཀྱི་ཐོག་ནས་བོད་མི་ཚོ་རྡོག་རྩ་ཆིག་བསྒྲིལ་བྱུང་ཡོད། ལྷག་པར་དུ་བཙན་བྱོལ་ལ་གྱར་རྗེས། ང་ཚོས་རྒྱ་གར་སྐད་དང་འགྲོ་ལུགས་འགྲོ་སྟངས་མ་ཤེས་བ་དང་ལྟ་རྒྱ་མཐོང་རྒྱ་མེད་པའི་དཀའ་ངལ་འོག ཆིག་སྒྲིལ་ཚོགས་པ་བཙུགས་ཏེ་ཆོལ་ཁ་ཙམ་མ་ཡིན་པའི་ཆོས་རྒྱུད་ཁག་གི་སྐུ་ཚབ་ཡོད་པའི་ཚོགས་པ་ཞིག་ཆགས་ཡོད། ཚོགས་པ་དེ་བརྒྱུད་ནས་ཆོལ་ཁ་གསུམ་གྱི་གནད་ཡོད་མི་སྣ་ཚོ་ཕན་ཚུན་ཐུག་འཕྲད་དང་བསམ་བློ་བརྗེ་རེས་བྱས་པའི་སྡིངས་ཆ་བསྐྲུན་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད།

འོན་ཀྱང་བར་ལམ་ཞིག་ནས་ཆིག་སྒྲིལ་ཚོགས་པའི་ལས་དོན་བྱེད་ཕྱོགས་ལ་ཉམས་ཆགས་ཕྱིན་པ་རེད། དེང་སང་ང་ཚོའི་སྤྱི་ཚོགས་ནང་སྤྱི་པའི་སྒྲིག་འཛུགས་ལ་ཤུགས་རྒྱག་རྒྱུ་ཉུང་དུ་སོང་སྟེ། ཡན་ལག་བྱེ་བྲག་པ་ཚོ་ཤུགས་ཆེན་པོ་ཆགས་པའི་གནས་སྟངས་ཤིག་ལོ་རྒྱུས་ཐོག་བྱུང་བསྡད་པ་རེད། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཕྱོགས་སུ་བཀའ་སློབ་གནང་བའི་ནང་། དཔེར་ན། དགོན་སྡེ་ཁག་ནང་བླ་སྤྱི་ཤུགས་ཆུང་རུ་ཕྱིན་པ་དང་གྲྭ་ཚང་ཚོ་ཤུགས་ཆེ་རུ་ཕྱིན་ཡོད་། དེ་བཞིན་ང་ཚོ་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་ཡིན་ན་མར་ཉམས་པ་དང་ཆོལ་ཁ་སོ་སོའི་ཚོགས་པ་ཤུགས་ཆེར་ཕྱིན་པ་ཡོང་བསྡད་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། གངས་ཅན་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་བཙུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་བྱེད་བཞིན་ཡོད་སྟབས། ང་ཚོས་བསམ་བློ་གཟབ་གཟབ་གཏོང་དགོས་གལ་ཆེན་པོ་རེད། སྒྲིག་འཛུགས་མང་པོ་ཞིག་ཡོད་ན་ཕན་ཐོགས་གང་ཡང་མི་འདུག སྒྲིག་འཛུགས་ཡོད་པ་སྲ་ཐག་ཐག་གིས་སྤྱི་ཚོགས་ལ་ཕན་ཐོགས་པའི་ལས་ཀ་བྱེད་ཐུབ་པ་ཞིག་གལ་ཆེན་པོ་རེད། ད་ལྟའི་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་རྒྱུན་ལས་རྣམ་པ་ཡིན་ན་རེད། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་ཟེར་དུས་ཆོལ་ཁ་གསུམ་གྱི་འཐུས་མི་ཆ་ཚང་ཡོད་པའི་ཐོག་ནས་ཆོལ་ཁ་གསུམ་གྱི་བསམ་ཚུལ་ཚང་མ་སྤུངས་ཐུབ་ས་དང་ཆོལ་ཁ་གསུམ་གྱི་ནུས་པ་འདོན་ཐུབ་ས་ཞིག་ཡིན་དགོས། མ་འོངས་བར་ཚོགས་པའི་སྒྲིག་གཞི་དང་ལས་གཞི་ག་འདྲ་ཞིག་བཟོ་དགོས་མིན་ཆབ་སྲིད་ཐོག་ལ་རྣམ་འགྱུར་ག་འདྲ་ཞིག་སྟོན་དགོས་མིན་ལའང་ལ་བསམ་བློ་གཏོང་དགོས་བ་གལ་ཆེན་རེད། གཞན། ངྷ་རམ་ས་ལར་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་རྒྱུ་ཆེ་ཤོས་ཡིན་པའི་བཤད་སྲོལ་ཞིག་ཡོད། ངས་རྒྱུ་ཆེ་ཤོས་ཡིན་མིན་མི་ཤེས་ཀྱང་། མེག་གྷན་གྱི་ས་ཆ་ཁག་ཅིག་ཆིག་སྒྲིལ་ཚོགས་པའི་མིང་ཐོག་ཡོད་པ་བདག་གཅེས་ཡག་པོ་བྱ་དགོས་རེད། ཆིག་སྒྲིལ་ཚོགས་པའི་ས་ཆ་རེད་ཟེར་བའི་ཟ་ཁང་དང་ཚོང་ཁང་། ཚོགས་ཁང་སོགས་འཛུགས་སྐྲུན་བྱས་པར་མེད་པར་རྙིང་པ་རང་འཇགས་བཞག་ཡོད་སྟབས། འཛུགས་སྐྲུན་སྐོར་ལ་བསམ་བློ་བཏང་སྟེ་ཚད་ལྡན་ཞིག་བཟོ་རྒྱུ་གལ་ཆེན་རེད། ཅེས་སོགས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱུན་ལས་ཟུར་པ་ཁག་ཅིག་ལ་ཐུགས་རྗེ་ལེགས་གསོལ་གྱི་ཐང་ཀ་རེ་དང་མཇལ་དར་རེ་ཕུལ་རྗེས་དུས་དྲན་མཛད་སྒོ་མཇུག་སྒྲིལ་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

སྐར་མ ༤༠ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

སྐར་མ ༤༩ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 3

  1. ས་ལེ་སྦྲམ། says:
    ལོ་ 12 སྔོན།

    དཔལ་ལྡན་ཚོགས་གཙོ་མཆོག་ནས་བཀའ་སློབ་ལམ་སྟོན་ཡག་པོ་གནང་འདུག ཚང་མས་བསམ་གཞིག་ནན་ཏན་གཏོང་དགོས་ཀྱི་འདུག སྤྱིར་ང་ཚོ་བཙན་བྱོལ་སྤྱི་ཚོགས་མི་འབོར་ཧ་ཅང་ཉུང་རེད། དེའི་སྟེང་ཚོགས་པ་འདྲ་མིན་མང་བོ་བཙུགས་ཚེ་ཁ་འཐོར་དགུ་འཐོར་དུ་འགྲོ་བའི་ཉེན་ཁ་ཆེན་པོ་རེད། ཚང་མས་ནུས་པ་ཚོགས་པ་སྒྲིག་འཛུགས་གཅིག་གི་ཐོག་ལ་སྤུངས་ཐུབ་ན་དངོས་གནས་ཡག་པོ་ཡོང་གི་རེད་བསམ། ཡིན་ཡང་། ཚོགས་པ་སྒྲིག་འཛུགས་མང་དུ་བཙུགས་དགོས་པ་དེ་ཡང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད། ཚོགས་པ་སྒྲིག་འཛུགས་ག་གེ་མོ་ཞིག་གིས་བྱ་བཞག་སྐྱོང་སྟངས་ཀྱིས་འདོད་པ་མ་ཁེངས་པར་ཚོགས་པ་ཟུར་བ་མང་བོ་བཙུགས་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་མཐོང་གི་འདུག འདི་ལ་ངེས་པར་དུ་གཞུང་སྒེར་ཚང་མས་ཉམས་འཇོག་བྱ་དགོས་པར་སེམས།

    Reply
  2. རྣམ་རྒྱལ། says:
    ལོ་ 12 སྔོན།

    ཚོགས་པ་འདིའི་སྔོན་ཆད་རྙོག་དྲའི་གནས་ཚུལ་མང་པོ་ཞིག་བཟོས་ཡོད་པ་རེད། ལྷག་པར་དུ་ཚོགས་པའི་རྒྱུན་ལས་དང་ཚོགས་པའི་ཚོགས་མི་རེ་ཟུང་གི་བྱེད་སྟངས་ཁྱད་ཚར་བྱུང་ཡོད་ཀྱང་། རྐྱེན་ངན་གྲོགས་ཤར་ལྟ་བུར་བར་ལམ་ཚོགས་པ་འདིའི་སྟེང་ལབ་གླིང་མང་པོ་ཞིག་བྱུང་བ་དང་ཚོགས་པ་ཉམས་རྒུད་དུ་ཕྱན་པ་བཅས་ལ་བརྟེན་ཏེ། ད་ལྟ་གང་ལ་གང་འཚམས་གཞུང་གི་འོག་ཏུ་ཡོང་ཡོད་པ་མ་ཟད་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དང་། དེ་བཞིན་བོད་ཕྱི་ནང་གི་གནས་ཚུལ་དང་རྡ་སའི་མི་མང་བཅས་ལ་ཕྱག་ལས་གང་ལ་གང་འཚམས་ཡག་པོ་གནང་གི་ཡོད་པ་རེད། མ་འོངས་པར་ཡང་ཚོགས་པ་འདིས་བོད་སྤྱི་བའི་ལས་དོན་དང་ལྷག་པར་དུ་ཆོལ་ཁ་གསུམ་ལ་ཕྱོགས་རེས་མེད་པའི་ལས་དོན་མང་པོ་ཞིག་བསྒྲུབ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    ཚོགས་པ་འདིའི་བཙན་བྱོལ་ནང་རྙོག་དྲ་བཟོས་པ་ཉུང་ཉུང་ཞིག་མ་རེད། དགོས་དོན་ཞིག་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese