མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མའི་ཤར་སྐྱོད་ཉིན་མཐའ་མ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཧྥི་ལེ་པིན་ནང་སྐོར་སྐྱོད་དང་འབྲེལ་ཚོང་དོན་དང་དམག་དོན་གྲོས་མཐུན་ཁག་ལ་མིང་རྟགས་བཀོད་ཡོད་འདུག

དེ་རིང་ཨོ་བྷ་མའི་ཉིན་བརྒྱད་རིང་གི་ཨེ་ཤ་ཡའི་མཐུན་གྲོགས་རྒྱལ་ཁབ་བཞིར་སྐོར་སྐྱོད་ཧྥི་ལེ་པིན་ནས་མཇུག་སྒྲིལ་བཞིན་ཡོད་ཅིང་། ཁ་སང་ཧྥི་ལེ་པིན་གྱི་སྲིད་འཛིན་བྷེ་ནེག་ནཱོ་ཨ་ཁའེ་ནཱོ་(Benigno Aquino III)ལགས་དང་ཐུག་འཕྲད་གནང་སྟེ། ཧྥི་ལེ་པིན་བདེ་སྲུང་དྲུང་ཆེ་ཝལ་ཌར་གྷ་ཛེ་མིན་(Voltaire Gazmin)ལགས་དང་། ཨ་རིའི་གཞུང་ཚབ་ཆེན་མོ་ཧྥེ་ལེབ་གྷོལ་ཌེ་བྷག་(Philip Goldberg)ལགས་རྣམ་གཉིས་བར་བཞག་པའི་ཨ་རིའི་དམག་མི་ཧྥི་ལེ་པིན་མངའ་ཁོངས་ནང་ལོ་ ༡༠ སྐོར་སྐྱོད་བྱེད་ཆོག་པའི་གྲོས་མཐུན་(Enhanced Defense Cooperation Agreement) དང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་རྙོག རྒྱལ་སྲུང་བདེ་འཇགས། དེ་བཞིན། ཚོང་དོན་སོགས་ཀྱི་སྐོར་ལ་གོ་བསྡུར་མིང་རྟགས་བཀོད་ཡོད་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མས། “ ཨ་རིས་ཧྥི་ལི་པིན་ནང་ཡོད་པའི་ཨ་རིའི་དམག་ས་དག་བཙན་འཕྲོག་བྱེད་ཀྱི་མེད་ལ། ཧྥི་ལེ་པིན་ནང་ཨ་རིའི་དམག་ས་གསར་རྒྱག་དེ་བས་ཀྱང་བྱེད་ཀྱི་མེད།འོན་ཀྱང་ཨ་རིས་ཧྥི་ལེ་པིན་དང་མཉམ་ལས་བྱས་ཏེ་ཨེ་ཤ་ཡའི་མངའ་ཁུལ་དང་། ལྷོ་རྒྱ་ནག་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་བརྟན་བརླིང་བཟོ་ཐབས་བྱེད་ཀྱི་ཡོད།” ཅེས་དང་། ཨ་རིས་རྒྱ་ནག་ལ་ཁ་གཏད་དང་རྒོལ་རྡུང་གཏོང་གི་མེད་པ་མ་ཟད།དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་ནང་ཞི་བདེ་ཡོང་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད། ངས་རྒྱ་ནག་དང་ཨ་རིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་སྲིད་ཇུས་གཅིག་པ་འཛིན་གྱི་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་ལས། རྒྱ་ནག་ཨ་རིའི་དགྲ་བོར་བརྩིས་ཏེ་ཁ་གཏད་གཅོག་པའི་བྱེད་ཐབས་ཤིག་ནམ་ཡང་གཏོང་གི་མེད་ཅེས་སོགས་བརྗོད་འདུག

ཧྥི་ལེ་པིན་གྱི་སྲིད་འཛིན་བྷེ་ནེག་ནཱོ་ཨ་ཁའེ་ནཱོ་ལགས་ཀྱིས། “ཧྥི་ལེ་པིན་རང་ངོས་ཀྱིས་དམག་རྒྱག་གནམ་གྲུ་གཅིག་ཀྱང་གསར་བཟོ་ཐུབ་ཀྱི་མེད་སྟབས། རྒྱ་གཞུང་གིས་ཧྥི་ལེ་པིན་དང་ཨ་རིའི་བར་བཞག་པའི་གྲོས་མཐུན་ལ་སེམས་འཚབ་གང་ཡང་བྱེད་དོན་མེད།”ཅེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་གིས། “ ཨོ་བྷ་མ་ཨེ་ཤ་ཡའི་མཐུན་གྲོགས་རྒྱལ་ཁབ་བཞིའི་ནང་སྐོར་སྐྱོད་བྱས་པ་དེས་རྒྱ་ནག་ལ་ཁ་གཏད་གཅོག་མིན་ནི་ཨ་རིས་གང་བྱེད་ཀྱི་ཡོད་མེད་དང་། ཨོ་བྷ་མས་རྒྱ་ནག་སྐོར་ལ་ག་རེ་ཤོད་ཀྱི་ཡོད་མེད་ལ་རག་ལུས་ཡོད།” ཅེས་བརྗོད་འདུག

༡༩༩༡ ལོར་ཧྥི་ལེ་པིན་གྱི་གྲོས་ཚོགས་གོང་མས་ཧྥི་ལེ་པིན་གྱི་སུ་བྷེག་དང་ཁཱེ་ལག་ས་ཁུལ་དུ་ཡོད་པའི་ཨ་རིའི་དམག་མི་ཕྱིར་ལོག་དགོས་པའི་བཀོད་ཁྱབ་བཏང་སྟེ་ཕྱིར་ལོག་བྱས་ཡོད་ཀྱང་། རྒྱ་ནག་དམག་མིས་ཧྥི་ལེ་པིན་གྱི་མངའ་ཁོངས་ས་ཆ་འགའ་བཙན་བཟུང་བྱས་ཡོད་པར་བརྟེན། ཧྥི་ལེ་པིན་གཞུང་གིས་ ༡༩༩༩ ལོར་ཨ་རིའི་དམག་མི་ཧྥི་ལེ་པིན་ནང་སྒར་ས་འཛིན་ཆོག་པའི་ཆོག་མཆན་སྤྲད་མཐར། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཕྱིན་ཏེ་ཨ་རིའི་དམག་མིས་ཧྥི་ལེ་པིན་གྱི་དམག་མིར་དམག་སྦྱོང་དང་། ཧྥི་ལེ་པིན་གྱི་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་རོགས་སོགས་བྱེད་ཀྱི་ཡོད་འདུག

༢༠༠༤ ལོ་ནས་ ༢༠༡༡ ལོའི་བར་ཨ་རི་དང་ཧྥི་ལེ་པིན་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ། ཨ་རིའི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་དག་ལ་གཞུང་འཛིན་ཚོགས་པ་འདྲ་མིན་གྱིས་སྐྱོན་བརྗོད་བྱས་ཡོད་སྟབས། རྒྱ་ནག་དང་ཧྥི་ལེ་པིན་གཞུང་བར་འབྲེལ་ལམ་ཇེ་བཟང་དུ་ཕྱིན་ཏེ་ལོ་རེ་བཞིན་ཨ་སྒོར་ཐེར་འབུམ་ ༦༥ ལྷག་གིས་ཚོང་འབྲེལ་བྱེད་བཞིན་ཡོད་ཀྱང་། ༢༠༡༢ ལོར་རྒྱ་ནག་གི་དམག་གྲུས་ཧྥི་ལེ་པིན་དང་རྒྱ་ནག་བར་རྩོད་ཉོག་ཡོད་པའི་མཚོ་ཁུག་སེ་ཁར་བྷོ་རོག་ཤོལ་(Scarborough Shoal) དང་། དེ་རྗེས་ཋོ་མཱ་སེ་ཤོལ་(Thomas Shoal) མཚོ་ཁུག་བཅས་སུ་བཙན་འཛུལ་བྱས་ཡོད་པ་མ་ཟད། ༢༠༡༣ ལོའི་ནང་ཞི་བདེ་རྒྱ་མཚོ་དང་ལྷོ་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་ཤུགས་ཆེན་བྱུང་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་སླར་ཨ་རི་དང་མཉམ་འབྲེལ་གྱི་རྣམ་འགྱུར་མངོན་གསལ་ཆགས་ཡོད་འདུག

ལྷོ་ཤར་ཨེ་ཤ་ཡའི་ཐབས་ཇུས་མཁས་པ་ར་མན་(Ramon Casiple)ལགས་ཀྱིས།“ ཧྥི་ལེ་པིན་གཞུང་གིས་ཨ་རིའི་རྒྱབ་རོགས་ལ་བརྟེན་ཏེ་མངའ་ཁུལ་གྱི་བདག་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། ཨ་རིས་ཨེ་ཤ་ཡའི་མངའ་ཁུལ་ནང་ཨ་རིའི་སྟོབས་ཤུགས་ཉམས་དམས་ཕྱིན་པ་དག་སླར་གསོ་བྱ་ཆེད། ཨེ་ཤ་ཡའི་ནང་ཐབས་ཇུས་གསར་པ་ཞིག་གསལ་སྟོན་བྱས་ཏེ་ཨ་རིའི་སྟོབས་ཤུགས་བསྐྱར་གསོ་བྱེད་བཞིན་ཡོད།’’ ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨ་རིས་ཧྥི་ལེ་པིན་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་བསྟུན་ཏེ། དམག་དོན་གྲོས་ཆོད་ལ་མིང་རྟགས་བཀོད་པ་དེ་ནི་ཞི་བདེ་རྒྱ་མཚོའི་བདག་དབང་རྩོད་ཉོག་ཞི་འཇགས་དང་། སྒོས་སུ་ཨེ་ཤ་ཡའི་ནང་རྒྱ་ནག་གི་སྟོབས་ཤུགས་ཉམས་དམས་གཏོང་ཐབས་ལ་རྩོད་ལེན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese