མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་སྐྱོ་བོར་ཆོས་འབྲེལ་ཆེད་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ལ་ཏི་ཝི་ཡའི་མི་མང་དང་ཨུ་རུ་སུའི་དད་ལྡན་པ་རྣམས་ལ་ཆོས་འབྲེལ་དབུ་འཛུཊ་གནང་སྟེ། ཁོང་རྒྱལ་ཁབ་དེའི་ནང་ཕེབས་དོན་མི་དམངས་དཀྱུས་མ་ཚོར་ཆོས་འབྲེལ་བྱེད་ཆེད་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཚེས་ ༣ ཉིན་༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་བསྒྱུར་གནང་ཡོད་པ་དང་། ཚེས་ ༤ ཉིན་ཏེ་ལོ་རིན་པོ་ཆེ་མཆོག་དང་། ཡུ་རོབ་རྒྱལ་ཁབ་ལ་ཏི་ཝི་ཡ་ (Latvia) བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ། ཨུ་རུ་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུའི་ཁྲོད་ལ་ཏི་ཝི་ཡའི་རྒྱལ་ས་རེ་གྷར་ (Riga) རུ་ཞབས་སོར་བདེ་བར་འཁོད་ཡོད་འདུག སྐབས་དེར་གསར་འགོད་པས་ལ་ཏི་ཝི་ཡའི་རང་བཙན་ཉིན་མོའི་སྐོར་ལ་བཅར་འདྲི་ཞུས་པའི་ལན་དུ་༧གོང་ས་མཆོག་གིས། དུས་རབས་ ༢༠ པའི་མགོ་སྟོད་དང་མཇུག་བཅས་སུ་འཛམ་གླིང་ནང་བཟང་ཕྱོཊ་ཀྱི་འགྱུར་བ་ཕྱིན་པར་བལྟ་སྐབས་སེམས་ནང་དགའ་སྤོབས་སྐྱེ་བཞིན་ཡོད་པ་དང་། ཁོང་ ༡༩༩༦ ལོར་དབྱིན་ཇིའི་རྒྱལ་མོའི་ཨ་མ་དང་མཇལ་ཏེ། ད་ལྟའི་འཛམ་གླིང་གི་གནས་སྟངས་དེ་སྔ་དང་གཅིག་མཚུངས་ཡིན་མིན་དྲིས་སྐབས། ཁོ་མོས་ཐེ་ཚོམ་མེད་པར་འཛམ་གླིང་གི་གནས་སྟངས་དེ་སྔ་དང་བསྡུར་ན་བཟང་དུ་ཕྱིན་ཡོད་པ་དང་། ཁོ་མོ་ཆུང་དུས་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་མེད་ཀྱང་། དེང་སྐབས་དེའི་སྐོར་འཛམ་གླིང་ཡོངས་གྲགས་ཆགས་ཡོད་སྐོར་གསུངས་ཡོད་ཚུལ་སོགས་དང་འབྲེལ། ད་ལྟའི་ཆར་འཛམ་གླིང་གང་སར་རང་དབང་ཆེ་རུ་ཕྱིན་ཡོད་ཀྱང་། མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་གཞི་རྩའི་ཆ་ནས་འགྲོ་བ་མིའི་རིགས་གཅིག་ཡིན་སྟབས། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་བྱེད་དགོས་པ་དང་། དེ་ལྟའི་ལས་འགུལ་ཐད་བྷེལ་ཊེ་ཀི་ཡུལ་གྲུ་ (Baltic States) ལྟ་བུའི་རྒྱལ་ཁབ་ཆུང་བ་ཚོས་སྐབས་རེ་སྣེ་འཁྲིད་དེ་ཞབས་འདེགས་ཡག་པ་ཞུ་ཐུབ་པར་ངོས་འཛིན་བྱེད་བཞིན་ཡོད་སྐོར་སོགས་གསུངས་འདུག

ཁ་སང་ཚེས་ ༥ ཉིན་༧གོང་ས་མཆོག་གིས་ལ་ཏི་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཨུ་རུ་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ། ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ལས་ཁང་བཅས་ཀྱི་གོ་སྒྲིག་གནང་བ་ལྟར། ལ་ཏི་ཝི་ཡའི་ཀེ་ཕི་ས་ལྰ་ (Kipsala) ཚོགས་ཁང་ནང་དད་ལྡན་པ་ ༣༥༠༠ བརྒལ་བ་ཤེས་རབ་སྙིང་པོ་དང་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དབུ་འཛུཊ་གནང་ཡོད་འདུག ཆོས་འབྲེལ་དབུ་འཛུཊ་མ་གནང་གོང་༧གོང་ས་མཆོག་གིས་དེར་ཡོད་མི་མང་ལ་བཀའ་སློབ་གནང་དོན། དེ་རིང་ངོས་རང་འདི་གར་ཡོང་སྟེ་ཁྱེད་རང་ཚོར་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་བཏང་ངོས་རང་དེ་སྔ་ཁུལ་འདིར་ཡོང་སྐབས་ཨུ་རུ་སུའི་མི་ཞིག་གིས་རྒྱལ་ཁབ་འདིའི་ནང་མི་དམངས་དཀྱུས་མ་མང་ཆེ་བ་ཞིག་དཔལ་འབྱོར་གྱི་དཀའ་ངལ་གྱི་རྐྱེན་པས་རྒྱ་གར་དུ་ངོས་ཀྱིས་ཆོས་འབྲེལ་བྱེད་སྐབས་ཡོང་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་སྟབས། དེ་རིང་ངོས་རང་འདིར་ཡོང་དོན་མི་དམངས་དཀྱུས་མ་ཚོར་ཆོས་འབྲེལ་བྱེད་ཆེད་ཡིན། དཔལ་འབྱོར་གྱི་དཀའ་ངལ་ཡོད་མེད་ལ་མ་ལྟོས་པར་ད་རེས་འདིར་ཨུ་རུ་སུ་གཙོ་བོར་གྱུར་བའི་མི་དམངས་མང་དག་ཅིག་བསླེབས་འདུག ཧ་ཅང་དགའ་བོ་བྱུང། ཚང་མར་འཚམས་འདྲི་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཉིན་གྲངས་གཉིས་རིང་ངོས་ཀྱིས་འདི་གར་གཙོ་བོ་ཤེས་རབ་སྙིང་པོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ཡང་༧གོང་ས་མཆོག་གིས་དེང་གི་དུས་འདིར་ཕྱི་དངོས་པོས་ནང་སེམས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མེད་པ་ཧ་ཅང་གསལ་པོ་ཆགས་ཡོད་པ་དང་། འཛམ་གླིང་འདིའི་ནང་རྒྱུ་དཔལ་འབྱོར་ཧ་ཅང་ཕྱུག་པོ་ཡོད་པའི་འབྱོར་ལྡན་པ་ཚོ་སེམས་མ་སྐྱིད་པ་བྱེད་མཁན་མང་པོ་ཡོང་གི་ཡོད་པ་ང་ཚོའི་མཐོང་ཆོས་སུ་འདུག་སྟབས། དུས་རབས་ཉེར་གཅིག་པའི་ནང་ཆོས་ལུགས་མང་ཆེ་བ་མི་ལ་དཀའ་ངལ་འཕྲད་སྐབས་སེམས་ལ་བདེ་སྐྱིད་ཀྱི་ཚོར་བ་སྦྱིན་མཁན་ཞིག་ཆགས་ཡོད་སྐོར་སོགས་གསུངས་འདུག

ཐེངས་འདིའི་ཉིན་གཉིས་རིང་གི་གསུང་ཆོས་ཨི་སི་ཊོ་ནི་ཡ་དང་ལ་ཏི་ཝི་ཡ། ཨུ་རུ་སུ། དབྱིན་སྐད་སོགས་ཀྱི་ནང་གསུང་བསྒྱུར་ཞུ་བཞིན་ཡོད་འདུག་ལ། ལ་ཏི་ཝི་ཡའི་མཛད་འཕྲིན་གྲུབ་རྗེས་༧གོང་ས་མཆོག་གིས་མུ་མཐུད་ནོར་ཝེ་དང་ཧོ་ལན་ཌི། འཇར་མན་བཅས་རྒྱལ་ཁབ་ཁག་ནང་ཆོས་ཕྱོཊ་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༨ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༢ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese