མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲེགས་པ་སྐྱབས་གནས་དངོས་ལ་བརྩིས་ནས་བསྟེན་ན་ནོར་འཁྲུལ་ཆཊ་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ལ་ཏི་ཝི་ཡར་ཆོས་ཞུ་བ་ཚོར་དོལ་རྒྱལ་གྱི་སྐོར་ལ་བཀའ་སློབ་གནང་སྟེ། སྐྱབས་རྗེ་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་དེ་དྲེགས་པར་བརྩིས་པ་མ་གཏོགས་འཇིག་རྟེན་ལས་འདས་པའི་ལྷར་བརྩིས་གནང་མེད་སྟབས། དྲེགས་པ་སྐྱབས་གནས་དངོས་ལ་བརྩིས་ནས་བསྟེན་ན་ནོར་འཁྲུལ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་འདུག

ཁ་སང་ཚེས་ ༧ ཉིན་༧གོང་ས་མཆོག་གིས་ལ་ཏི་ཝི་ཡའི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཏེ། ནོར་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་གཟེངས་རྟགས་འབུལ་བཞེས་གནང་སྟེ་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོར་གདན་ཞུ་གནང་བ་ལྟར་ཆིབས་བསྒྱུར་གནང་ཡོད་པར་མ་ཟད། ནོར་ཝེ་སྲིད་བློན་ཟུར་པ་ཀེ་ཇེལ་མེག་ནེ་ (Kjell Magne Bondevik) མཆོག་དང་། ནོར་ཝེ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་མཇལ་འཕྲད། གསར་འགོད་པ་དང་ས་གནས་བོད་མི་ཚོར་ཐུག་འཕྲད་བཅས་གནང་ཡོད་པ་དང་། དེ་རིང་རྒྱལ་ས་ཨོ་སི་ལོར་ས་གནས་མི་མང་དང་ཕྱོགས་ཡོང་དད་ལྡན་པར་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་གནང་གི་ཡོད་འདུག་ལ།  སང་ཉིན་ཚེས་ ༩ ཉིན་མང་ཚོགས་ལ་ཉིན་རེའི་འཚོ་བའི་ནང་བྱམས་དང་སྙིང་རྗེ་ཁྱབ་སྤེལ་གཏོང་ཕྱོཊ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་ ༦ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་གིས་ལ་ཏི་ཝི་ཡར་ལ་ཏི་ཝི་ཡ་དང་ཨི་སི་ཊོ་ནི་ཡ། ཨུ་རུ་སུ། པོ་ལེན་ཌི། ནོར་ཝེ་བཅས་ཀྱི་གསར་འགོད་པ་ ༥༠ བརྒལ་བ་འདུ་འཛོམས་ཀྱི་གསར་འགོད་ལྷན་ཚོགས་ཐོག གསར་འགོད་པ་ཞིག་གིས་༧གོང་ས་མཆོག་ཕྱི་ཚེས་ ༧ ཉིན་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་ཆིབས་བསྒྱུར་སྐབས་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་མཇལ་ཁ་ཞུ་རྒྱུ་མིན་པའི་ཐད་དགོངས་ཚུལ་དྲིས་པའི་ལན་དུ། འདི་ནི་འཆར་ཅན་གྱི་གནད་དོན་ཞིག་རེད། ངོས་རང་འཛམ་གླིང་ཡུལ་གྲུ་གཞན་ཁག་དང་ད་ཐེངས་ནོར་ཝེར་ཡོང་དོན་གཙོ་བོ་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད། ངོས་ཀྱིས་དུས་རྟག་ཏུ་གཙོ་བོ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད། གྲོགས་པོ་རྙིང་པ་ཁག་གཅིག་ཐུག་འཕྲད་དང་ལྷག་པར་མི་མང་དཀྱུས་མ་རྣམས་ཐུག་འཕྲད་ཆེད་ཡོང་ཡོད། ཐེངས་འདིར་ངོས་རང་ནོར་ཝེའི་ནོ་བེལ་མཐུན་ཚོགས་ཀྱིས་འགྲོན་འབོད་གནང་བ་ཞིག་ཡིན། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་ས་གནས་དེའི་འགོ་ཁྲིད་རྣམས་ལ་ཕྱག་ལས་གནང་རྒྱུར་སྟབས་བདེ་མེད་པ་ཞིག་རྩ་བ་ནས་བཟོ་འདོད་མེད། ཅེས་སོཊ་གསུངས་འདུག

ཡང་ཉིན་དེར་ལ་ཏི་ཝི་ཡའི་ཀུབ་ས་ལ་རྒྱལ་སྤྱིའི་འགྲེམས་སྟོན་བསྟི་གནས་ཁང་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་སྐྱབས་འགྲོའི་སྐོར་ངོ་སྤྲོད་གནང་སྐབས་༸གོང་ས་མཆོག་གིས། ཆོས་ལུགས་གང་ཡིན་རུང་སོ་སོར་སྐྱབས་གནས་རེ་ཡོད། སངས་རྒྱས་པའི་ཆོས་ནང་སྐྱབས་གནས་དཀོན་མཆོག་གསུམ་གསུངས་ཡོད། དེ་ཡང་སྐྱབས་དངོས་ཆོས་དཀོན་མཆོག་རེད་མ་གཏོགས་སངས་རྒྱས་དང་དགེ་འདུན་མ་རེད། སངས་རྒྱས་དཀོན་མཆོག་སྨན་པ་དང་འདྲ་བ་དང་དགེ་འདུན་དཀོན་མཆོག་ནད་གཡོག་ལྟ་བུ་རེད། ཆོས་དཀོན་མཆོག་སྨན་དང་འདྲ་བ་རེད། དེ་ལྟ་བུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས། སྤྱིར་བཏང་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྤྱི་ཚོགས་ནང་ཡུལ་ལྷ་རེད་ཅེས་པ་མང་པོ་ཡོད། དེ་དག་ལ་ཁ་ཐུག་བསང་གསོལ་བྱས་ཏེ་འཕྲིན་ལས་བཅོལ་ན་ཁྱད་པར་གང་ཡང་མེད་པ་རེད་མ་གཏོགས། སེམས་གཏིང་ནས་དད་པ་དང་ཡིད་ཆེས་བྱས་ན་སྐྱབས་འགྲོ་ཉམས་རྒྱུའི་ཉེན་ཁ་ཡོད། གང་ལ་ཞེ་ན། དྲེགས་པ་རྣམས་རང་ཉིད་ལས་ཉོན་གྱི་གཞན་དབང་དུ་བསྡད་ཡོད། དེ་ལྟ་བུའི་འཇིག་རྟེན་པའི་ལྷ་ཞིག་གིས་སྐྱོབ་ཐུབ་ཀྱི་མ་རེད། དཀར་ཕྱོགས་སྐྱོང་བའི་དྲེགས་པ་ཡིན་རུང་དེར་སྐྱབས་གནས་བརྩིས་ན་ཡག་པོ་མེད། ཤུགས་ལྡན་སྔོན་མ་ངོས་ཀྱང་བསྟེན་པ་རེད། ཁྲི་བྱང་རིན་པོ་ཆེས་བསྟེན་གནང་གི་ཡོད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་གཙོ་བོ་བསྟེན་གནང་ཡོད། སྐྱབས་རྗེ་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེས་དེ་དྲེགས་པར་བརྩིས་པ་མ་གཏོགས་འཇིག་རྟེན་ལས་འདས་པའི་ལྷར་བརྩིས་གནང་གི་མི་འདུག དེར་བརྟེན་དྲེགས་པ་སྐྱབས་གནས་དངོས་ལ་བརྩིས་ནས་བསྟེན་ན་ནོར་འཁྲུལ་ཆགས་ཀྱི་ཡོད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ཕྱོགས་བསྒྲིགས་གནང་མཁན་ཁོང་གི་དྲུང་ཡིག་བློ་བཟང་རྡོ་རྗེས་བྲིས་པའི་རྣམ་ཐར་བོད་ནས་དཔར་བསྐྲུན་བྱས་པའི་ནང་ཧ་ཅང་གསལ་པོ་འདུག སྐུ་མདུན་སྐུ་གོང་མས་ཕ་བོང་ཁ་རིན་པོ་ཆེར་ཤུགས་ལྡན་སྐྱབས་གནས་ལ་བརྩིས་ནས་བསྟེན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་རེད། ཅེས་གསུངས་འདུག ངོས་རང་ཆུང་དུས་སྐབས་བསྟེན་པ་རེད། རྗེས་སུ་མཚམས་འཇོག་བྱས་ཏེ་གཞན་ལ་དེའི་དགེ་སྐྱོན་སྐོར་འགྲེལ་བཤད་རྒྱག་རྒྱུ་ངོས་ཀྱིས་ལས་འགན་རེད། ཉན་དང་མི་ཉན་སོ་སོའི་བསམ་བློ་དང་རང་དབང་རེད། ངོས་ལ་བརྗོད་རྒྱུ་གང་ཡང་མེད། རྒྱལ་ཆེན་ཤུགས་ལྡན་བསྟེན་ན་ངོས་ཀྱི་སར་ཆོས་དང་སྡོམ་པ་ཞུ་རྒྱུ་སོགས་མ་བྱེད་རོགས། གང་ཡིན་བརྗོད་ན། དམ་ཚིག་ཉམས་རྒྱུའི་སྐྱོན་ཡོད། ༸གོང་ས་ལྔ་པའི་སྐབས་ནས་དམ་ཚིག་ཉམས་ཡོད། ༸གོང་ས་ལྔ་པས་རྒྱལ་པོ་ཤུགས་ལྡན་འདི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ། བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞེས་གསུངས་ཡོད་སྟབས། སྐུ་མདུན་སྐུ་གོང་མས་དམ་བསྒྲགས་གནང་ཡོད། ངོས་ཀྱིས་ཚེ་སྟོད་མ་ཤེས་པར་དོལ་རྒྱལ་བསྟེན་པ་རེད། ཚེ་སྨད་ལ་ལོ་རྒྱུས་མང་པོ་ཞིག་ལ་ཉམས་ཞིབ་བྱས་ཏེ་ལྟ་སྐབས་དེར་མ་འགྲིག་པ་གཅིག་འདུག ཤུགས་ལྡན་བསྟེན་མཁན་ཚོ་རླུང་ལངས་ནས་ངོས་ལ་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་ཡོད། ད་ལྟ་ངོས་ཀྱིས་གོ་ཐོས་བྱས་ན་ནོར་ཝེར་ཤུགས་ལྡན་ངོ་རྒོལ་བྱེད་མཁན་ཚོ་གྲ་སྒྲིག་ཨང་གསར་བྱས་ཏེ་ངོས་རང་ལ་སྒུག་ནས་བསྡད་ཡོད་པ་གོ་བྱུང་། ཉེ་སྔོན་ཨ་རིར་ཤུགས་ལྡན་ངོ་རྒོལ་བྱེད་མཁན་ཚོས་སྐད་ཞེ་དྲག་བརྒྱབ་པ་རེད། ཁོང་ཚོས་དངོས་ཡོད་གནས་ཚུལ་སྐོར་ཤེས་རྟོགས་གང་ཡང་མེད། སྙིང་རྗེ། ངོས་ཀྱིས་ཁོང་ཚོར་ཡ་ང་སྙིང་རྗེ་སྐྱེས་བྱུང་། མ་ཤེས་པ་རྨོངས་དབང་གིས་གཞན་གྱི་དབང་འོག་ཕྱིན། དངོས་ཡོད་གནས་ཚུལ་གང་ཡིན་མ་ཤེས་པར་བརྟེན་ནས་རེད། ཅེས་སོགས་གསུངས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༧ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ ངོས་ཀྱིས་ཚེ་སྟོད་མ་ཤེས་པར་དོལ་རྒྱལ་བསྟན་པ་རེད། ཚེ་སྨད་ལ་ལོ་རྒྱུས་མང་པོ་ཞིག་ལ་ཉམས་ཞིབ་བྱས་ཏེ་ལྟ་སྐབས་དེར་མ་འགྲིག་པ་གཅིག་འདུག ཤུགས་ལྡན་སྟོན་མཁན་ཚོ་ཧ་ཅང་རླུང་ལངས་ནས་ངོས་ལ་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་ཡོད། ད་ལྟ་ངོས་ཀྱིས་གོ་ཐོས་བྱས་ན་ནོར་ཝེར་ཤུགས་ལྡན་ངོ་རྒོལ་བྱེད་མཁན་ཚོ་གྲ་སྒྲིག་ཨང་གསར་བྱས་ཏེ་ངོས་རང་ལ་སྒུག་ནས་བསྡད་ཡོད་པ་གོ་བྱུང་།
    ཉེ་སྔོན་ཨ་རིར་ཤུགས་ལྡན་ངོ་རྒོལ་བྱེད་མཁན་ཚོས་སྐད་ཞེ་དྲག་བརྒྱབ་པ་རེད། ཁོང་ཚོས་དངོས་ཡོད་གནས་ཚུལ་སྐོར་ཤེས་རྟོགས་གང་ཡང་མེད། སྙིང་རྗེ། ངོས་ཀྱིས་ཁོང་ཚོར་ཡ་ང་སྙིང་རྗེ་སྐྱེས་བྱུང་། མ་ཤེས་པ་རྨོངས་དབང་གིས་གཞན་གྱི་དབང་འོག་ཕྱིན། དངོས་ཡོད་གནས་ཚུལ་གང་ཡིན་མ་ཤེས་པར་བརྟེན་ནས་རེད། ཅེས་སོགས་གསུངས་་་་་་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༧གོང་ས་མཆོག་གིས།
    ་་་་་ ལ་ཏི་ཝི་ཡར་ཆོས་ཞུ་བ་ཚོར་དོལ་རྒྱལ་གྱི་སྐོར་ལ་བཀའ་སློབ་གནང་སྟེ། སྐྱབས་རྗེ་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་དེ་དྲེགས་པར་བརྩིས་པ་མ་གཏོགས་འཇིག་རྟེན་ལས་འདས་པའི་ལྷར་བརྩིས་གནང་མེད་སྟབས། དྲེགས་པ་སྐྱབས་གནས་དངོས་ལ་བརྩིས་ནས་བསྟེན་ན་ནོར་འཁྲུལ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་འདུག ་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese