མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷེ་ཇེ་པེ་ལ་རྒྱལ་ཁ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྐབས་ ༡༦ པའི་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་འོས་གྲངས་རྩིས་བཤེར་བྱས་ཏེ། བྷེ་ཇེ་པེ་སྲིད་དོན་ཚོགས་པར་རྐུབ་སྟེགས་མང་ཤོས་ཐོབ་ཡོད་སྟབས་སྐབས་རྗེས་མའི་གཞུང་འཛིན་ཚོགས་པ་ཆགས་རྒྱུ་ཡིན་འདུག

དེ་རིང་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་ ༡༦ པའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོའི་འོས་གྲངས་རྩིས་བཤེར་བྱེད་བཞིན་ཡོད་ཅིང་། རྒྱ་གར་གྲོས་ཚོགས་འོག་མའི་ནང་རྐུབ་སྟེགས་ ༥༤༣ ཡོད་པའི་ཁྲོད། ད་སྔ་འོས་གྲངས་རྩིས་བཤེར་བྱས་འབྲས་སུ་སྲིད་བློན་འོས་མི་སྐུ་ཞབས་ནཱ་རན་ཌི་མུ་དྷེ་ (Narendra Modi) ལགས་ཀྱིས་སྣེ་ཁྲིད་པའི་བྷེ་ཇེ་པེ་སྲིད་དོན་ཚོགས་པར་རྐུབ་སྟེགས་ ༢༧༨ ཙམ་ཐོབ་ཡོད་པ་དང་། ད་ལྟའི་གཞུང་འཛིན་ཀོང་རེ་སི་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ཡོད་འདུག བྷེ་ཇེ་པེ་སྲིད་དོན་ཚོགས་པས་སྣེ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོའི་མཐུན་སྒྲིལ་ཚོགས་པ་(NDA) ཡིས་རྒྱ་གར་གྱི་གཞུང་འཛིན་པར་རྐུབ་སྟེགས་ ༣༣༢ ལྷག་འཐོབ་དགོས་ཀྱི་ཡོད་འདུག

ཐེངས་འདིའི་རྒྱ་གར་གྲོས་ཚོགས་འོག་མའི་འོས་བསྡུའི་ཁྲོད་བྷེ་ཇེ་པེ་སྲིད་དོན་ཚོགས་པར་འོས་གྲངས་མང་ཤོས་ཐོབ་སྟེ་མི་འགྱངས་བར་རྒྱ་གར་གཞུང་འཛིན་ཚོགས་པ་ཆགས་རྒྱུ་ཡིན་པར་བརྟེན། རྒྱ་གར་སྲིད་བློན་མན་མོ་ཧན་སིན་མཆོག་གིས་ཁ་པར་བརྒྱུད་བྷེ་ཇེ་པེ་ཚོགས་པའི་སྲིད་བློན་འོས་མི་སྐུ་ཞབས་ནཱ་རན་ཌི་མུ་དྷེ་ལགས་སུ་འཚམས་འདྲི་ཞུས་ཡོད་འདུག དེ་བཞིན། ལྡི་ལིར་རྟེན་གཞི་བྱས་པའི་བྷེ་ཇེ་པེ་སྲིད་དོན་ཚོགས་པའི་བསྟི་གནས་དང་གྷོ་ཇི་རེ་ཐའེ་རྒྱལ་ས་གཙོས་བྷེ་ཇེ་པེ་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་མང་ཚོགས་ཀྱིས་ས་གནས་གང་སར་དགའ་བསུ་རྟེན་འབྲེལ་བྱེད་བཞིན་ཡོད་འདུག

ཐེངས་འདིར་བྷེ་ཇེ་པེ་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རའ་ཇི་ནཱ་ཐི་སིན་(Rajnath Singh) ལགས་ཀྱིས་རྒྱལ་ཁ་ཐོབ་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་གར་མི་མང་གིས་ཡིད་ཆེས་བློ་འགེལ་ཆེན་པོ་བྱས་པ་དེར་ལས་འགན་ཆེན་པོ་ཞིག་ཡོད་སྐོར་དང་། ཐེངས་འདིའི་འོས་བསྡུ་དེ་ནི་རྒྱ་གར་མི་མང་གི་རྒྱལ་ཁ་ཆེན་པོ་ཞིག་ཡིན་ཚུལ་སོགས་བརྗོད་འདུག ཀོང་རེ་སི་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཤཱ་ཀེལ་(Shakil Ahmed) ལགས་ཀྱིས་གསར་འགོད་པར། ད་ལྟའི་འོས་གྲངས་རྩིས་བཤེར་གནས་སྟངས་ལ་བལྟས་ཡོང་ན་ང་ཚོར་འོས་གྲངས་མང་པོ་ཐོབ་མེད་པ་གསལ་བོ་རེད། ང་ཚོས་མི་མང་གི་ཐག་གཅོད་ལ་གུས་ཞབས་ཀྱིས་ཁས་ལེན་བྱེད་བཞིན་ཡོད། ཅེས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིར་ནེའུ་རོ་གྷན་དྷི་ཁྱིམ་རྒྱུད་ཀྱིས་སྣེ་ཁྲིད་པའི་ཀོང་རེ་སི་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་དང་། ཀོང་རེ་སི་ཚོགས་པས་རྒྱ་གར་གཞུང་འཛིན་སྐྱོང་བྱས་པའི་རིང་ལྐོག་ཟ་རུལ་སུངས་ཤུགས་ཆེན་བྱུང་ཡོད་སྟབས། ཐེངས་འདིའི་འོས་བསྡུ་བརྒྱུད་དེ་མང་ཚོགས་ཀྱིས་གཞུང་ལ་གསལ་བཤད་ཅིག་བྱས་ཡོད་སྐོར་བརྗོད་བཞིན་ཡོད་འདུག

ཐེངས་འདིར་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་ ༡༦ པའི་རྒྱལ་ཡོངས་འོས་བསྡུའི་བདེ་འཇགས་དང་འོས་ཤོག་ལྡུག་སྟངས་བཅས་ལ་ཕྱི་གསལ་ནང་གསལ་ཡོང་ཆེད། འོས་བསྡུ་བྱེད་སྟངས་ལ་འགྱུར་བ་བཏང་སྟེ་མངའ་སྡེའི་རིམ་པར་འོས་བསྡུའི་ས་ཁུལ་ཁག་དགུ་ལ་ཆ་བགོས་བྱས་ཏེ། ཟླ་སྔོན་མའི་ཚེས་ ༧ ཉིན་ནས་ཟླ་འདིའི་ཚེས་ ༡༢ ཉིན་བར་འོས་བསྡུ་བྱས་ཏེ་མཇུག་སྒྲིལ་ཡོད་པ་དང་། ཟླ་རྗེས་མའི་ཚེས་མགོར་རྒྱ་གར་སྲིད་འཛིན་མཆོག་ལྷན་བཞུགས་ཐོག་སྐུ་ཞབས་ནཱ་རན་ཌི་མུ་དྷེ་ (Narendra Modi) ལགས་སྲིད་བློན་ལ་བསྐོ་བཞག་དང་ཀོང་རེ་སི་གཞུང་འཛིན་ཚོགས་པས་སྲིད་གཞུང་རྩིས་སྤྲོད་བྱ་རྒྱུ་ཡིན་འདུག

སྐུ་ཞབས་ནཱ་རན་ཌི་མུ་དྷི་ལགས་ནི། ༡༩༥༠ ལོའི་ཟླ་ ༩ ཚེས་ ༡༧ ཉིན་གྷོ་ཇི་རྰ་ཐའེ་ནང་ཟས་རིགས་འཚོང་མཁན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོ་རང་ཆུང་དུས་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་ཇ་འཚོང་ཞོར་དུ་སློབ་ཆུང་མཐར་ཕྱིན་པ་དང་། ལོ་ ༡༨ སྟེང་ཆང་ས་བརྒྱབ་ཡོད་འདུག ༡༩༧༠ ལོར་གྷོ་ཇི་རྰ་ཐའི་མེ་འཁོར་གྱི་ཐབ་ཚང་ཞིག་ཏུ་ལས་ཀ་བྱས་པ་དང་། ཕྱིས་སུ་ཡིག་འབྲེལ་ལམ་ནས་ལྡི་ལི་མཐོ་སློབ་ནས་སྲིད་དོན་ཚན་རིག་གི་རིག་གནས་རབ་འབྱམས་པའི་ལག་འཁྱེར་དང་གྷོ་ཇི་རྰ་ཐའེ་གཙུག་ལག་སློབ་གྲྭ་ནས་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་ཡོད་འདུག ༡༩༩༥ ལོར་བྷེ་ཇེ་པེ་སྲིད་དོན་ཚོགས་པའི་དྲུང་ཆེར་བདམས་ཐོན་བྱུང་སྟེ་ཧི་མ་ཅལ་དང་ཧ་རེ་ཡཱ་ནཱ་མངའ་སྡེ་གཉིས་ནང་སྲིད་དོན་གྱི་ཕྱག་ལས་གནང་བ་དང་། ༡༩༩༨ ལོར་གྷོ་ཇི་རྰ་ཐའེ་གྲོས་ཚོགས་ནང་བདམས་པ་དང་། ༢༠༠༡ ལོ་ནས་བཟུང་གྷོ་ཇི་རྰ་ཐའེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་དང་གནང་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 7

  1. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    ངས་བསམ་ན་གསར་འགྱུར་བྲིས་པ་ཧ་ཅང་བཟང་གི ངས་ནི་བཀླགས་གཅིག་གིས་ནང་དོན་མ་ལུས་གོ་སོང་ལ། ཚིག་ཉུང་དོན་འདུས་ཤིག་བྲིས་བསམ་བྱུང་། མ་གཞི་ནས་མི་ལེགས་ས་ཡོད་པར་ཁ་གསལ་མཛུབ་མོ་བཙུག་པ་བཟང་མོད། དེ་ཡང་སྐྱོན་གར་ཡོད་དང་ནོར་འཁྲུལ་གང་ཡིན་ཁ་གསལ་བྲིས་ན་རང་གཞན་ཚང་མས་ཕན་པ་ཡོད་རེད། དེ་མོན་གསར་འགྱུར་གང་ནས་མོ་གོ་བ་དང་བཟློས་སྐྱོན་གར་ཡོད་སོགས་བཤད་ན་བཟོ་བཅོས་བྱ་དགོས་ཀྱང་ལས་བོ་རེད།

    Reply
  2. ཕུན་ཚོགས་ཉི་མ། says:
    ལོ་ 12 སྔོན།

    གསར་འགོད་པ་ལྷ་སྐབས་ཀྱི་གསར་འགྱུར་ཁག་ཐེངས་ཁ་ཤས་རེར་མ་ཀློག་ཚེ་གོ་རྒྱུ་གང་ཡང་མེད། ཞིབ་ཚགས་མོས་ཡང་དང་བསྐྱར་དུ་ཀློག་ན་གཞི་ནས་ནང་དོན་ཆལ་ཆོལ་ཞིག་གོ་ཐུབ་ཀྱང་གནས་ཚུལ་ཆུང་ཆུང་ཞིག་ལས་འཇུ་ཐུབ་མེད་་་

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    གནས་ཡུལ་རྒྱལ་ཁབ་ཀྱི་ སྲིད་བློན་གསར་མཆོག་མཚམས་བཀྲ་ཤིས་བདེ་ལེགས་ཞུ་པ་དང་རྒྱ་ནག་ལ་གཉའ་ཞུམ་མགོ་སྒུར་མ་བྱེད་ནེ་པ་ལེ་ལ་ཞེད སྣང་བྱེད་དགོས་མ་རེད་

    Reply
  4. ལྷ་སྐྱབས་རྒྱལ། says:
    ལོ་ 12 སྔོན།

    ཨ་མའི་བུ་ལགས། ཁ་སང་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་འོས་གྲངས་རྩིས་བཤེར་བྱེད་བཞིན་ཡོད་སྟབས་སྲིད་དོན་ཚོགས་པ་གང་ལ་འོས་གྲངས་ག་ཚོད་ཐོབ་མིན་འོས་གྲངས་ལ་འགྱུར་བ་འགྲོ་བཞིན་ཡོད་ལ། ད་དུང་འོས་བསྡུ་ལྷན་ཁང་གིས་གཞུང་འབྲེལ་གསལ་བསྒྲགས་གང་ཡང་སྤེལ་མེད་པ་མ་ཟད། བྷེ་ཇི་པེ་སྲིད་དོན་ཚོགས་པ་རང་ལ་ཞབས་སྟེགས་ ༢༨༤ ཟེར་བ་ཁ་སང་ཕྱི་དྲོའི་ཆུ་ཚོད་བདུན་པའི་རྗེས་ཀྱི་སྐད་ཆ་རེད། བྷེ་ཇི་པེ་སྲིད་དོན་ཚོགས་པས་གཞན་ལ་རེ་བ་རྒྱག་མི་དགོས་ཟེར་དུས། བྷེ་ཇེ་པེ་སྲིད་དོན་ཚོགས་པས་སྣེ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོའི་མཐུན་སྒྲིལ་ཚོགས་པ་(NDA) ཟེར་བེད་མེད་ཆགས་པ་རེད་དམ། མ་ཤེས་ཤེས་མདོག་གིས་དོན་མེད་སྐྱོན་འཛུགས་མ་བྱེད་རོགས།
    རྒྱལ་མཚན་ལགས། ཁྱེད་ཀྱིས་བསམ་ཚུལ་བཤད་པར་ཡིད་རངས་ཡོད། གསར་འགྱུར་འབྲི་སྟངས་གང་ནས་ཁྱད་མཚར་ཡོད་པ་དང་གང་ནས་མགོ་མཇུག་ལྡོག་འདུག

    Reply
  5. དགའ་བུ། says:
    ལོ་ 12 སྔོན།

    རྒྱ་གར་གྱི་འབྱུང་འགྱུར་སྲིད་བློནNarendra Modiམཆོག་ལ་མཚམས་འབྲིའི་བཀྲ་ཤིས་བདེ་ལེགས་ཞུ། སྔོན་ཆད་བཙན་བྱོལ་བོད་མིའི་ཞུ་གཏུག་ལས་འགུལ་སྐབས་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་སྐོར་གོ་སོང་། མ་འོངས་པར་བོད་དོན་ཐོག་སྐྱབ་སྐྱོར་ཡོང་བ་རེ་བ་ཡོད།

    Reply
  6. རྒྱལ་མཚན། says:
    ལོ་ 12 སྔོན།

    གསར་འགོད་པ་ལྷ་སྐྱབས་ཀྱིས་གསར་འགྱུར་འབྲི་སྟངས་ཁྱད་མཚར་མང་པོ་རེད། ཚིག་རྐང་གོང་འོག་བརྗེ་བ་། ནང་དོན་གྱི་ཆ་ནས་ཀྱང་མགོ་མཇུག་ལྡོག་ནས་འབྲི་བ་སོགས་ཡོད།

    Reply
  7. ཨ་མའི་བུ། says:
    ལོ་ 12 སྔོན།

    BJP སྲིད་དོན་ཚོགས་པར་ཞབས་སྟེགས་ ༢༧༨ མ་རེད། ཞབས་སྟེགས་ ༣༣༩ རེད། མཐུན་སྒྲིལ་སྲིད་དོན་ཚོགས་པའི་ཞབས་སྟེགས་ཁག་མ་རྩིས་ན་ BJP སྲིད་དོན་ཚོགས་པ་རང་ལ་ཞབས་སྟེགས་ ༢༨༤ ཐོབ་སྟེ་ཚོགས་པ་གཞན་ལ་རེ་མི་དགོས་པར་ཚད་མཐོའི་གཞུང་འཛིན་ཚོགས་པར་གྱུར་འདུག དུས་བབ་ཚང་གི་རྗེས་སུ་ནོར་འཁྲུལ་ཆེན་པོ་དེ་འདྲས་མི་་ཤོར་བའི་རེ་བ་ཡོད།ོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese