མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་མོས་གཉེན་སྒྲིག་པ་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་པཱ་ཀི་སི་ཐན་གྱི་བུ་མོ་ཞིག་གིས་རང་མོས་གཉེན་སྒྲིག་བྱས་སྟབས་ཁྱིམ་མི་ཚོས་ཁོ་མོར་མེ་མདའ་བརྒྱབ་སྟེ་མཚོའི་ནང་དུ་གཡུགས་ཡོད་ཀྱང་། མཚོ་འགྲུལ་བ་གཉིས་ཀྱིས་ཁོ་མོ་བསྐྱབས་ཡོད་འདུག

པཱ་ཀི་སི་ཐན་གྱི་རང་ལོ་ ༡༨ ཡིན་པའི་བུ་མོ་སཱ་བྷ་མཱ་སོ་ཌི་ (Saba Maqsood) ཟེར་བ་ཞིག་གིས། རང་ཉིད་དགའ་བའི་སྐྱེས་པ་ཞིག་དང་གཉེན་སྒྲིག་བྱས་པར་བརྟེན། ཁ་སང་ཕྱི་ཚེས་ ༦ ཉིན་ཁྱིམ་མི་ཚོས་ཁོ་མོར་མེ་མདའ་བརྒྱབ་ཡོད་པ་མ་ཟད། གདོང་དང་ལག་པ་སོགས་ལ་གྲི་ཡིས་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་རྗེས། ཁོ་མོ་སྒྱེ་མོ་ཞིག་གི་ནང་བཅུག་སྟེ་ཧཱ་ཧྥི་ཛ་བྷ་ཌི་གྲོང་ཁྱེར་ཉེ་འགྲམ་གྱི་མཚོ་ནང་དུ་གཡུགས་ཡོད་པ་དང་། སྟབས་ལེགས་པ་ཞིག་ལ་མཚོ་འགྲུལ་བ་གཉིས་ཀྱིས་ཁོ་མོ་སྲོག་ཉེན་ལས་བསྐྱབས་ཏེ། ད་ལྟ་སྨན་ཁང་ཞིག་ཏུ་ཉེན་རྟོག་པའི་ལྟ་སྲུང་འོག་སྨན་བཅོས་བྱེད་བཞིན་ཡོད་འདུག

ས་གནས་ཉེན་རྟོག་ཁང་ནས་དབྱིན་ལན་གྱི་ཨ་ཡེ་བརྙན་འཕྲིན་ཁང་ལ་བརྗོད་པ་ལྟར་ན། བུ་མོ་དེར་མེ་མདའ་དང་གྲི་རྒྱག་མཁན་ཁོ་མོའི་པ་ལགས་དང་ཨ་ཞང་། ཕུ་བོ། ཨ་སྲུ་བཅས་ཡིན་པ་དང་། ཁོ་མོ་མཚོའི་ནང་དུ་གཡུགས་རྗེས་སྒྱེ་མོའི་ནང་ནས་ཕྱིར་ཐོན་ཐུབ་ཡོད་པ་དང་། དེ་ནས་མཚོ་འགྲུལ་བ་ཚོས་ཁོ་མོ་བསྐྱབས་ཡོད་ལུགས་བརྗོད་འདུག ཁོ་མོར་བཤག་བཅོས་བྱེད་མཁན་གྱི་སྨན་པ་མོ་ཧཱ་མཱ་ཌི་ཨེ་ཊི་ཛ་ཧྥར་( Muhammad Atif Zafar) ལགས་ཀྱིས། མེ་མདའ་རྒྱག་མཁན་དེས་དང་ཐོག་བརྒྱ་ཆ་བརྒྱ་ཁོ་མོ་གསོད་རྩིས་བྱས་ཡོད་ཀྱང་། མེ་མདའ་རྒྱག་སྐབས་ཅུང་ཙམ་ཐེ་ཚོམ་ཤོར་ཏེ་གསོད་ཐུབ་མེད་སྐོར་བརྗོད་འདུག

བུ་མོ་སཱ་བྷ་མཱ་སོ་ཌི་ལགས་ཀྱིས་གསར་འགོད་པར་བརྗོད་དོན། “ད་ལྟ་ཉེན་རྟོག་པའི་ལྟ་སྲུང་འོག་ང་ལ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། ངའི་ཁྱིམ་མི་ཚོས་ང་དང་ངའི་ཁྱོ་ག་གསོད་རྩིས་བྱེད་ངེས་རེད་བསམ་ནས་ཞེད་སྣང་ཆེན་པོ་འདུག ”ཅེས་བརྗོད་འདུག

གཞན་ཡང་། ཉེ་སྔོན་པཱ་ཀི་སི་ཐན་གྱི་གྲོང་གསེབ་ཅིག་ནས་ཡིན་པའི་མོ་ཧཱ་མཱ་ཌི་ཨེ་བྷལ་ཟེར་བའི་སྐྱེས་པ་ཞིག་དང་། བུད་མེད་ཧྥར་ཛ་ནཱ་པཱར་ཝན་ཞེས་པ་གཉིས་ཀྱིས་རང་མོས་ལྟར་གཉེན་སྒྲིག་བྱས་ཡོད་པ་དང་། བུ་མོའི་ཁྱིམ་ཚང་གིས་སྐྱེས་པ་དེས་ཁོ་མོ་བཙན་ཁྲིད་བྱས་ལུགས་ཀྱི་ཉེས་འཛུགས་བྱས་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༨ ཙམ་ལ་ཁྱོ་ཤུག་གཉིས་སྲིད་གཞུང་ལ་ཞུ་གཏུག་བྱེད་དུ་སོང་སྟེ། ལཱ་ཧོར་མཐོ་རིམ་ཁྲིམས་ཁང་(Lahore High Court )ཟེར་བའི་ཉེ་འགྲམ་དུ་སླེབ་སྐབས། གློ་བུར་དུ་བུ་མོའི་པ་ལགས་དང་ནུ་མོ། ཕུ་བོ་སོགས་ཁྱིམ་མི་ ༢༠ ལྷག་གིས་ཁོ་མོར་རྡོ་ཡིས་བརྒྱབ་སྟེ་མངལ་དུ་ཡོད་པའི་བྱིས་པ་བཅས་དམར་གསོད་བཏང་ཡོད་འདུག

ཁོ་མོའི་ཁྱོ་གས་གསར་འགོད་པ་ལ། “ཁོ་ཚོས་ངའི་ཆུང་མ་དམར་གསོད་གཏོང་སྐབས། ང་ལམ་སང་ཉེ་འགྲམ་གྱི་མཐོ་རིམ་ཁྲིམས་ཁང་དུ་རྒྱུགས་ཏེ་ཁོ་མོ་སྐྱོབས་རོགས་ཟེར་ནས་ཞུ་བ་བྱས་ཀྱང་། ཁྲིམས་ཁང་གིས་གནད་དོན་དེ་ང་ཚོའི་ལས་འགན་མ་རེད་ཟེར་ནས་རོགས་པ་བྱེད་ཀྱི་མི་འདུག དེ་ནས་ངས་རང་གི་སྟོད་གོས་ཕུད་དེ་ཁོ་མོར་གཡོགས་ནས་སྐྱོབ་ཐབས་བྱས་ཀྱང་སྐྱོབ་ཐུབ་མ་སོང་། ངེད་གཉིས་ཀྱི་བརྩེ་དུང་འདིའི་ཆེད་དུ་ངས་རང་གི་ཆུང་མ་དང་པོ་དེའང་བསད་བཞག་པ་ཡིན། ”ཞེས་བརྗོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བསྡོམས་རྩིས་ལྟར་ན། ད་ལྟའི་བར་འཛམ་གླིང་ཐོག་ཉུང་མཐར་རང་མོས་གཉེན་སྒྲིག་ཆེད་བུད་མེད་ ༥༠༠༠ བརྒལ་བ་ཁྱིམ་མིས་དམར་གསོད་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་པཱ་ཀི་སི་ཐན་གཅིག་པུའི་ནང་རང་མོས་གཉེན་སྒྲིག་ཆེད་བུད་མེད་གཞོན་ནུ་མ་ ༨༦༩ ཁྱིམ་མི་གཉེན་འབྲེལ་ཚོས་དམར་གསོད་བཏང་ཡོད་པ་དང་། པཱ་ཀི་སི་ཐན་གྱི་ཁ་ཆེ་བ་ས་ཡ་ ༡༨༠ ལྷག་གིས། བུད་མེད་ཚོས་ཁྱིམ་མིའི་བཀའ་བཀོད་ལྟར་གཉེན་སྒྲིག་བྱེད་དགོས་པ་ལས། རང་མོས་ལྟར་སྐྱེས་པ་ཞིག་ལ་བརྩེ་དུང་ཆགས་པའམ་ཡང་ན་གཉེན་སྒྲིག་བྱས་པ་ཡིན་ན། ཁྱིམ་མི་ཚོས་སྔར་སྲོལ་རྒྱུན་འཛིན་གྱིས་རང་གི་བུ་མོ་དམར་གསོད་གཏོང་རྒྱུ་ནི་རྒྱུན་ལྡན་ཞིག་དང་། ཡབ་མེས་ལ་བསྙེན་བཀུར་བྱས་པའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུས་ཏེ་ཉན་ཞིབ་གནང་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་གནད་དོན་ཐད་ཉན་ཞིབ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༧།༢༣  དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Vladimir Putin, left, and Xi Jinping in 2019.Source: Pool/Getty Images
Mobile App

རྒྱ་ནག་དང་ཨུ་རུ་སུ་ལ་འབྲེལ་བ་ཡོད་པའི་ཡུ་ཊུབ་ཁ་བྱང་ ༡༡༠༠༠ ལྷག་ནག་གསུབ་བཏང་།  

ཆུ་ཚོད་ ༡༥ སྔོན་ལ།
འཇང་སྒང་དགོན། པར་དབང་། བོད་ཀྱི་དུས་བབ། ༢༠༢༥།༧།༢༣
Mobile App

རྒྱ་ནག་གཞུང་གིས་བོད་བྲག་མགོ་རྫོང་ནས་མཆོད་རྟེན་དང་གུ་རུའི་སྐུ་བརྙན་བཙན་གྱིས་གཏོར་ཡོད་འདུག

༢༠༢༥/༠༧/༢༢
ཉེ་ལམ་ནག་ཉེས་ཕོག་པའི་བོད་རང་སྐྱོང་ལྗོངངས་ཟེར་བའི་མཐོ་རིམ་མགོ་འཁྲིད་ཁག་ཅིག པར་དུས་བབ་ཀྱིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་ཆེ་དགྲ་ལྷར་ནག་ཉེས་ཚབས་ཆེན་བཙུགས།  

༢༠༢༥/༠༧/༢༢
Mobile App

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese