མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་རག་གི་གྲོང་ཁྱེར་བཙན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་ཨི་རག་གི་མཱོ་སོལ་གྲོང་ཁྱེར་ནང་འཇབ་རྒོལ་བྱས་ཏེ་མངའ་སྡེའི་གཞུང་ལས་ཁང་དང་བརྙན་འཕྲིན་ཁང་སོགས་བཙན་བཟུང་བྱས་འདུག

ཁ་སང་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) ཞེས་པའི་དྲག་སྤྱོད་པ་ ༡༣༠༠ ཙམ་གྱིས་ཨི་རག་ནཱི་ནེ་ཝེ་མངའ་སྡེའི་མཱོ་སོལ་ ( Mosul) གྲོང་ཁྱེར་ནང་གློ་བུར་འཇབ་རྒོལ་བྱས་ཏེ། མངའ་སྡེའི་གཞུང་ལས་ཁང་དང་། བརྙན་འཕྲིན་ལས་ཁུངས། དངུལ་ཁང་བཅས་བཙན་འཕྲོག་བྱས་ཡོད་པ་མ་ཟད། བཙོན་པ་ ༢༤༠༠ ལྷག་ཀློད་གྲོལ་བཏང་ཡོད་འདུག གནས་ཚུལ་དེའི་འོག་གྲོང་མི་ཆིག་འབུམ་ལྔ་ཁྲི་ལྷག་མངའ་ཁུལ་གཞན་ནང་ཉེན་ཡོལ་དུ་འགྲོ་དགོས་བྱུང་ཡོད་འདུག

གནས་ཚུལ་དེ་བྱུང་རྗེས་ཨི་རག་གི་སྲིད་བློན་ནཱོ་རེ་ (Nouri al-Maliki) ཡིས་ཨི་རག་གྲོས་ཚོགས་ཀྱིས་རྒྱལ་ཡོངས་ནང་ཛ་དྲག་གནས་སྟངས་ཀྱི་ཁྲིམས་སྲོལ་བཀའ་རྒྱ་བསྡམས་ (state of emergency ) ཏེ་རྒྱལ་ཁབ་བདེ་འཇགས་བཟོ་དགོས་སྐོར་བརྗོད་འདུག སྲིད་བློན་ནཱོ་རེ་ཡིས་བརྗོད་དོན། “ ང་ཚོས་འཇིགས་སྐུལ་རིང་ལུགས་པས་མཱོ་སོལ་གྲོང་ཁྱེར་བཙན་བཟུང་བྱས་པར་འགོག་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་རྒྱབ་རོགས་ལ་བརྟེན་ཏེ་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་དགོས།” ཞེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་མཆོག་གིས། “ ཨི་རག་ནང་བསྟུད་མར་འཇིགས་སྐུལ་རིང་ལུགས་པས་བྱ་སྤྱོད་སྤེལ་བཞིན་ཡོད་སྟབས། རྒྱལ་སྤྱི་དང་ཨི་རག་གི་མགོ་ཁྲིད་ཚོས་མཉམ་རུབ་བྱས་ཏེ་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱེད་དགོས།” ཞེས་བརྗོད་འདུག

ཨ་རིའི་གཞུང་གི་མགྲིན་ཚབ་པ་ལྕམ་ཇཱན་ (Jen Psaki) ལགས་ཀྱིས། “ཨི་རག་མཱོ་སོལ་གྲོང་ཁྱེར་ནང་འཇིགས་སྐུལ་རིང་ལུགས་པས་དྲག་སྤྱོད་སྤེལ་ཏེ་མང་ཚོགས་ལ་བརྡབ་གསིག་གཏོང་གི་ཡོད་སྟབས། ཨ་རིས་ཨི་རག་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་རྒྱུ་ཡིན།” ཞེས་བརྗོད་འདུག

ཨོ་སོ་ཌོ་ལི་ཡའི་བདེ་སྲུང་བློན་ཆེན་ཌ་ཝུ་ཌི་ (David Johnston) ལགས་ཀྱིས། “ ཨི་རག་ནང་འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་སྟབས། མཐུན་གྲོགས་རྒྱལ་ཁབ་ཁག་དང་གོ་བསྡུར་གྱིས་ཨི་རག་གི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ཡིན།” ཞེས་བརྗོད་འདུག

༢༠༠༣ ལོར་ཨ་རིས་ཨི་རག་ལ་དམག་འཁྲུག་བརྒྱབ་སྟེ་སཱ་ཌམ་ཧུ་སན་གྱི་སྲིད་དབང་མགོ་རྟིང་སློག་རྗེས། སྐབས་དེའི་ཨ་རིའི་སྲིད་འཛིན་བྷུ་ཤི་ཡིས་དམངས་གཙོའི་ལམ་སྲོལ་ཐོག་ཨི་རག་གི་གཞུང་འཛིན་མི་སྣ་འོས་འདེམས་བྱ་རྒྱུར་སྐུལ་མ་བཏང་བ་ལྟར། ༢༠༠༣ ནས་ ༢༠༠༥ ལོའི་བར་འཕྲལ་སེལ་བར་བརྒལ་གཞུང་བཙུགས་ཏེ་སྐུ་ཞབས་ཨ་ཡེཌ་ཨལ་ལཱ་ཝེ ( Iyad Allawi) ལགས་སྲིད་བློན་ལ་བསྐོ་བཞག་དང་། ༢༠༠༦ ལོར་ཨི་རག་ནང་དམངས་གཙོའི་ལམ་ནས་འོས་བསྡུ་བྱས་ཏེ་སྐུ་ཞབས་ནཱོ་རེ་ (Nouri al-Maliki) ལགས་ཨི་རག་གི་སྲིད་བློན་ཐོག་མ་ཆགས་ཡོད།

༢༠༡༠ ལོའི་ཟླ་ ༣ པར་ཨི་རག་ནང་རྒྱལ་ཡོངས་འོས་བསྡུ་ཐེངས་གཉིས་པ་བྱས་ཡོད་ཀྱང་། ཆབ་སྲིད་ཚོགས་པ་གང་ལའང་མང་མོས་རྒྱལ་ཁ་ཐོབ་མེད་པ་མ་ཟད་དབང་ཆའི་འགྲན་རྩོད་ཤུགས་ཆེན་བྱུང་སྟེ། ཟླ་ ༩ ཙམ་རིང་ཨི་རག་སྲིད་བློན་མེད་པའི་རྒྱལ་ཁབ་ཀྱི་ངོ་བོར་གནས་དགོས་བྱུང་ཡོད་སྟབས། ༢༠༡༠ ལོའི་ཟླ་ ༡༢ པའི་ཚེས་ ༢༡ ཉིན་ཨི་རག་ཁྲིམས་བཟོ་ལྷན་ཁང་གིས་སྐུ་ཞབས་ནཱོ་རེ་ལགས་སྲིད་བློན་ལ་བསྐོ་བཞག་གནང་སྟེ་ཨི་རག་གི་སྲིད་བློན་ཐེངས་གཉིས་པ་གནང་ཡོད།

༢༠༡༤ ལོའི་ཟླ་ ༣ པར་ཨི་རག་ནང་རྒྱལ་ཡོངས་འོས་བསྡུ་ཁྱབ་བསྒྲགས་བྱེད་མགོ་བཙུགས་པ་ནས་བཟུང་། ཨལ་ཁཱལ་ཌ་འཇིགས་སྐུལ་བས་ཐེངས་ ༡༨ ཙམ་ལ་དོན་རྐྱེན་བཟོས་ཏེ་མི་སེར་ ༡༥༧༨ ཙམ་རྐྱེན་ལམ་དུ་བཏང་ཡོད་ཅིང་། ཟླ་ ༣ པའི་ཚེས་ ༢༨ ཉིན་རྒྱལ་ས་བྷག་ཋ་ཌ་ཡི་བྱང་ཕྱོགས་སུ་འབར་གས་དོན་རྐྱེན་བྱུང་སྟེ་དམག་མི་ ༧ དང་ཡུལ་མི་ ༥༠ ཙམ་རྐྱེན་འདས། མི་ ༣༡ ཙམ་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། ཟླ་ ༥ པའི་ནང་ཨལ་ཁཱལ་ཌ་འཇིགས་སྐུལ་དྲག་སྤྱོད་པས་ཨི་རག་གི་ས་ཁུལ་གང་སར་དོན་རྐྱེན་ཐེངས་ ༧ ཙམ་བཟོས་ཏེ་མི་སེར་ ༨༠༠ ལྷག་བསད་ཡོད་འདུག

༢༠༡༡ ལོར་ཨ་རིའི་དམག་དཔུང་ཨི་རག་ནས་ཕྱིར་ལོག་རྗེས་གཞུང་འཛིན་ཚོགས་པ་དང་ཀར་ཌི་ཤི་མི་རིགས་ (khurdish) བར་འཐབ་རྩོད་དང་། ཤཱཡེ་ ( Shia) དང་སུ་ནེ་ ( Sunni) ཆོས་ལུགས་རྗེས་འབྲང་པའི་འགལ་ཟླ་ཇེ་ཆེར་ཕྱིན་ཏེ་ ༢༠༡༢ ལོ་ནས་ ༢༠༡༣ ལོའི་བར་མི་མང་ ༡༢༦༨༧ ལྷག་དམར་གསོད་བཏང་ཡོད་འདུག

༢༠༠༦ ལོར་ཨི་རག་ནང་ཟིང་འཁྲུག་ལངས་པ་ནས་བཟུང་ད་བར་སུ་ནེ་དྲག་སྤྱོད་རིང་ལུགས་པས་མི་སེར་ ༢༥༩༨༢༤ དམར་གསོད་དང་། ཡུལ་མི་འབུམ་ལྔ་ ༥༠༠༠༠༠ ཙམ་སྐྱབས་བཅོལ་འགྲོ་དགོས་བཟོས་ཡོད་ཅིང་། དེ་དག་ལས་ ༢༠༡༢ ལོ་ནས་ ༢༠༡༣ ལོའི་བར་མི་སེར་ ༡༢༦༨༧ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་། ཁ་སང་ཚེས་ ༡༠ ཉིན་ཨི་རག་དྲག་སྤྱོད་ཤོག་ཁག་གིས་གྲོང་ཁྱེར་བྷ་ཁེའུ་བྷ་ (Baqubah) ནང་འབར་གས་དོན་རྐྱེན་གཉིས་བཟོས་ཏེ། དགེ་རྒན་ཆེན་མོ་བ་གཅིག་ཐེ་བའི་མི་ ༢༠ ཙམ་བསད་པ་དང་། གྲོང་ཁྱེར་མཱོ་སོལ་བཙན་བཟུང་བྱས་པ་སོགས་བྱུང་ཡོད།

ནུབ་ཨེ་ཤ་ཡའི་གནད་དོན་ཆེད་མཁས་པ་ (Michael Knights) ལགས་ཀྱིས། “ འཇིགས་སྐུལ་རིང་ལུགས་པས་ཨི་རག་གི་གྲོང་ཁྱེར་མཱོ་སོལ་བཙན་བཟུང་བྱས་པ་དེས། རྒྱལ་སྤྱིའི་ཐོག་ཁོ་ཚོའི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ར་སྤྲོད་བྱས་ཡོད་སྟབས། མ་འོངས་པར་འཛམ་གླིང་ནང་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་རྙོག་མང་དུ་འགྲོ་རྒྱུ་ཡིན།” ཞེས་བརྗོད་འདུག

ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) ཞེས་པ་འདི་ནི། ༢༠༡༣ ལོའི་ཟླ་ ༤ པའི་ཚེས་ ༡༡ ཉིན་ཨ་བྷུ་བྷ་ཁར་ (Abu Bakr al-Baghdadi) གྱིས་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ད་ཆ་ཚོགས་པ་འདིར་ཚོགས་མི་ ༦༥༠༠ ལྷག་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese