རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་འདས་པའི་ཉིན་གཉིས་རིང་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ནང་གཟིགས་སྐོར་གནང་སྟེ་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དང་བདེ་འཇགས་སོགས་ལ་གྲོས་མོལ་གནང་ཡོད་འདུག
ཟླ་འདིའི་ཚེས་ ༡༥ ནས་ ༡༦ བར་གྱི་ཉིན་གཉིས་རིང་རྒྱ་གར་གྱི་སྲིད་བློན་ནཱ་རན་ཌ་མུ་དྷི་མཆོག་གི་ཕྱི་རྒྱལ་གྱི་གཞུང་འབྲེལ་གཟིགས་སྐོར་ཐོག་མ་དེ་ཁྱིམ་མཚེས་རྒྱལ་ཁབ་འབྲུག་བདམས་ཏེ། ཁོང་གིས་སྣེ་ཁྲིད་པའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སོ་ཞི་མཱ་ (Sushma Swaraj) ལགས་དང་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་ཇེ་ཊི་ཌོབ་ཝལ་ (Ajit Doval) ལགས། ཕྱི་སྲིད་དྲུང་ཆེ་སྐུ་ཞབས་སོ་ཇ་ཐཱ་སིན་ (Sujatha Singh) བཅས་འབྲུག་གི་རྒྱལ་ས་ཐིམ་ཕུ་ནང་འབྱོར་སྐབས། སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་དང་བློན་ཆེན་རྣམ་པ་གཙོས་དམག་མིས་འབུད་རྡུང་དཀྲོལ་གསུམ་དང་མང་ཚོགས་སྟོང་ཕྲག་ལྷག་གིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག
དེའི་རྗེས་སྲིད་བློན་མུ་དྷི་མཆོག་འབྲིག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་རྒྱལ་མོ་རྗེ་བཙུན་པདྨ་མཆོག དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་དང་གནད་ཡོད་མི་སྣ་བཅས་ལ་ཐུག་འཕྲད་དང་། རྒྱ་གར་གཞུང་གི་རོགས་སྐྱོར་འོག་འཛུགས་སྐྲུན་བྱས་པའི་ཆེས་མཐོའི་ཁྲིམས་ཁང་གསར་བ་དབུ་འབྱེད་བཅས་གནང་ཡོད་འདུག དེ་བཞིན། འབྲུག་གི་གྲོས་ཚོགས་གོང་འོག་ལྷན་འཛོམས་ཐོག་སྲིད་བློན་མུ་དྷི་མཆོག་གིས་གཏམ་བཤད་གནང་དོན། ཐུན་མོང་གི་ཡར་རྒྱས་དང་མངོན་འདོད་འོག་རྒྱལ་ཁབ་གཉིས་བར་ས་བབ་དང་ལོ་རྒྱུས། རིག་གཞུང་བཅས་འབྲེལ་ལམ་དམིགས་བསལ་ཡོད་སྟབས། ངས་རང་བཞིན་གྱིས་གཞུང་འབྲེལ་གཟིགས་སྐོར་ཐོག་མ་འབྲུག་བདམས་པ་ཡིན་ལ། རྒྱ་གར་གཞུང་གིས་འབྲུག་གི་དཔལ་འབྱོར་ཡར་རྒྱས་དང་བདེ་སྐྱིད་ལ་རོགས་སྐྱོར་བྱེད་པར་ཁས་ལེན་བྱས་ཡོད་ཅེས་སོགས་བརྗོད་འདུག
སྲིད་བློན་མུ་དྷི་མཆོག་དང་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་ཆུ་ཤུགས་གློག་བཏོན་ས་ཚིགས་གསར་རྒྱག་དང་ཞིང་ལས་ཐོན་སྐྱེད། ཤེས་ཡོན། འགྲིམ་འགྲུལ། སྨན་རྩྭ་འདེབས་འཛུགས། ལག་ཤེས། ཁོར་ཡུག་སྲུང་སྐྱོབ་སོགས་ཚུད་པའི་དཔལ་འབྱོར་ཚོང་ལས་ཡར་རྒྱས་གཏོང་ཕྱོགས་བཅས་ལ་གྲོས་ཆོད་མིང་རྟགས་བཀོད་ཡོད་པ་དང་། རྒྱ་གར་གཞུང་གིས་འབྲུག་ནང་བརྡ་འཕྲིན་འཛུགས་སྐྲུན་དང་དྲ་རྒྱ་སྟངས་འཛིན་བྱེད་སྟངས། ཚོང་ལས་ཁྲོམ་ར་རྒྱ་སྐྱེད་དང་ཆེད་ལས་མི་སྣ་གསོ་སྐྱོང་བཅས་ལ་རོགས་སྐྱོར་གནང་འཆར་ཡོད་འདུག
ཐེངས་འདིའི་གྲོས་མོལ་བརྒྱུད་རྒྱ་གར་གཞུང་གིས་འབྲུག་ལ་དབོར་འདྲེན་བྱེད་བཞིན་པའི་རྒྱ་གར་གྱི་འོ་སྐམ་དང་གྲོ། སྣུམ། སྲན་མ་དང་འབྲས་རིགས་བཅས་ལ་དམིགས་བསལ་དཔྱ་ཁྲལ་ཆག་ཡང་དང་། ལྷག་པར་དུ་སྲིད་བློན་མུ་དྷི་མཆོག་གིས་རྒྱ་གར་ནང་ཡོད་པའི་འབྲུག་གི་སློབ་མ་ཚོར་སློབ་ཡོན་རོགས་སྐྱོར་ཧིན་སྒོར་ས་ཡ་ ༢༠༠ ཡི་སློབ་ཡོན་སྤར་རྒྱུ་དང་། རྒྱ་གར་གྱི་བྱང་ཤར་དང་འབྲུག བལ་ཡུལ་གསུམ་བར་ལོ་རེར་ལུས་རྩལ་དུས་ཆེན་ཚོགས་ཐུབ་པར་འབོད་སྐུལ་ཡང་ཞུས་ཡོད་ འདུག
རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་བསྒྲགས་གཏམ་སྤེལ་བ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་མངོན་འདོད་བདེ་འཇགས་སྲུང་སྐྱོབ་ཡིན་སྟབས། ཕྱོགས་གཉིས་ཀྱིས་སོ་སོའི་མངའ་ཁོངས་གཞན་ལ་བེད་སྤྱོད་གཏོང་བཅུག་སྟེ་ཕན་ཚུན་ གྱི་མངོན་འདོད་ལ་གནོད་སྐྱོན་མི་བཟོ་བར་མོས་མཐུན་དང་། རྒྱལ་ཁབ་གཉིས་ཀྱིས་རང་དབང་ཚོང་ལས་གོ་སྒྲིག་བྱས་ཏེ་ཚོང་ལས་རྒྱ་སྐྱེད་དང་འབྲེལ་ལམ་ཇེ་ཟབ་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག
སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་གིས་རྒྱ་གར་གཞུང་གིས་རོགས་སྐྱོར་དང་རྒྱབ་སྐྱོར་འོག་འབྲུག་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་བཏང་བར་ཕྱོགས་གཉིས་བློ་ཁ་ཁེངས་ཡོད་པ་དང་། རྒྱ་གར་གཞུང་གི་སྐབས་ ༡༡ པའི་ལོ་ལྔའི་འཆར་གཞིའི་ནང་འབྲུག་གཞུང་ལ་ཧིན་སྒོར་ཐེར་འབུམ་ ༤༥ དང་དེ་རྗེས་ཧིན་སྒོར་ཐེར་འབུམ་ ༥ བཅས་རིམ་པར་བགོ་འགྲེམས་གནང་བར་ཐུགས་རྗེས་ཆེ་ཞེས་སོགས་བརྗོད་འདུག
སྲིད་བློན་མུ་དྷི་མཆོག་གིས་འབྲུག་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་བར་རྒྱ་གར་ལ་འགན་ཡོད་སྟབས། ལྡི་ལི་གསར་བའི་གཞུང་འཛིན་ཚོགས་པ་བརྗེ་བོ་བརྒྱབ་ཀྱང་འབྲུག་ལ་འཛིན་པའི་འབྲེལ་ལམ་ལ་འགྱུར་ལྡོག་གང་མེད་པ་མ་ཟད་། ཁོང་གི་གཞུང་གིས་འབྲུག་ནང་གི་ཤེས་ཡོན་དང་བརྡ་འཕྲིན་བཟོ་རིག་ཡར་རྒྱས་གཏོང་བར་དམིགས་བསལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བརྗོད་འདུག
རྒྱ་གར་གྱི་བལ་ཡུལ་གཞུང་ཚབ་ཟུར་བ་དང་རྒྱ་གར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་བ་སྐུ་ཞབས་རན་ཇེ་ཊི་(Ranjit Gupta) ལགས་ཀྱིས་གསར་འགོད་པར། རྒྱ་དཀར་ནག་གཉིས་བར་ཀྱི་འབྲུག་ནི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ཡང་དམག་ཇུས་གནད་དོན་ཐོག་ནས་གལ་ཆེན་ཆགས་ཡོད་སྟབས། ཁྱིམ་མཚེས་རྒྱལ་ཁབ་ཆུང་ཆུང་རེད་ཅེས་སྣང་ཆུང་གཏོང་མི་རུང་ཅེས་བརྗོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་པ་ཀི་སི་ཐན་དང་སིང་གྷ་ལ། བྷང་གྷ་ལ་བཅས་ཀྱི་ནང་གྲུ་གཟིངས་འབབ་ཚུགས་གསར་རྒྱག་དང་། བལ་ཡུལ་ནང་དུའང་གཞུང་ལམ་དང་གནམ་ཐང་སོགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་ རོགས་སྐྱོར་བྱེད་ཀྱི་ཡོད་ཀྱང་། སྲིད་བློན་མུ་དྷི་མཆོག་གིས་འབྲུག་ནང་གཞུང་འབྲེལ་གཟིགས་སྐོར་གནང་བ་དེས། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་མགོ་ཁྲིད་ཚོར་མཐོང་སྣང་གསར་བ་དང་གསལ་འདེབས་བྱས་ཡོད་སྐོར་བརྗོད་འདུག
༡༩༤༩ ལོའི་ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་དང་འབྲུག་གཉིས་བར་གྲོགས་པོ་ཆིངས་ཡིག་བཞག་སྟེ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ནང་སྲིད་གནད་དོན་ལ་ཐེ་གཏོགས་མི་བྱེད་པ་དང་ཕན་ཚུན་ཞི་བདེ་བྱེད་དགོས་པའི་གྲོས་མཐུན་བཞག་ཡོད་ཅིང་། འབྲུག་གིས་རྒྱ་གར་གཞུང་གིས་འབྲུག་གི་ཕྱི་འབྲེལ་ལ་ལམ་སྟོན་གནང་བར་མོས་མཐུན་བྱས་ཡོད། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པར་བརྟེན། ༡༩༥༨ ལོར་སྲིད་བློན་ནེ་རུ་མཆོག་གིས་རྒྱ་གར་གྲོས་ཚོགས་ནང་རྒྱལ་ཁབ་སུ་ཞིག་གིས་འབྲུག་ལ་བཙན་འཛུལ་བྱས་ཚེ་རྒྱ་གར་ལ་བཙན་འཛུལ་བྱས་པ་དང་གཅིག་མཚུངས་ཡིན་སྐོར་གསལ་བསྒྲགས་དང་། ད་བར་འབྲུག་གི་བདེ་འཇགས་རྒྱ་གར་གཞུང་གི་སྲུང་སྐྱོབ་འོག་ཡོད་འདུག
༢༠༡༢ ལོར་རྒྱ་གར་དང་འབྲུག་གཉིས་བར་ཚོང་ལས་ཨ་སྒོར་ས་ཡ་ ༣༩༧.༢༢ དང་། ༢༠༡༣ ལོར་ཨ་སྒོར་ས་ཡ་ ༤༨༨ ལྷག་བྱས་ཞིང་། ༢༠༡༤ ལོར་ཨ་སྒོར་ས་ཡ་ ༦༠༠ ལྷག་བརྒལ་ཐུབ་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
འབྲུག་གི་ལོ་རྒྱུས་ངོ་མི་འདི་ན་འདུག
འབྲུག་རྒྱལ་ཁབ་ཀྱི་ལོ་རྒྱུས་སྐྱ་ཐིག
རྒྱལ་མིང་། འབྲུག་རྒྱལ་ཁབ།
གླིང་ཁུངས། ཨེ་ཤ་ཡ།
ཆགས་ཡུལ། ཧི་མ་ལའི་ཤར་རྒྱུད།
རྒྱལ་མཚམས། བོད་དང་རྒྱ་གར། བལ་ཡུལ་དང་སྦང་ལ་རྡེ་ཤི་སོགས་ལ་འབྲེལ་ཡོད།
རྒྱལ་ས། ཐིམ་ཕུག
རྒྱལ་བོ་ཐོག་མ། ཨོ་རྒྱན་དབང་ཕྱུག <ཁྲི་འདོན་དུས་ཕྱི་ལོ ༡༩༠༧ ལོ་ཡིན།>
ས་ཁྱོན། སྤྱི་ལེ་གྲུ་བཞི་མ ༤༧༠༠༠ ཡོད།
མི་གྲངས། ༡༦༨༩༠༠༠ ཡོད།
སྒོར་མོ། དངུལ་ཀྲམ།
གཞུང་འབྲེལ་སྐད་ཡིག རྫོང་ཁ།
གདོད་མའི་འབྲུག་ཡུལ།
ཕྱི་ ལོའི་སྔོན་གྱི་ལོ ༡༥༠༠ ཡས་མས་སུ་འབྲུག་པ་རྣམས་ཀྱི་འཚོ་བ་ནི་ཕྱུགས་ལས་ལ་རྟེན་གྱི་ཡོད། ཕྱི་ལོའི་དུས་རབས་བདུན་པའི་ནང་ལ་འབྲུག་ཡུལ་དུ་རྒྱ་གར་ནས་ནང་བསྟན་དར་མགོ་ བརྩམས། དུས་རབས་བརྒྱད་པའི་ནང་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ནང་བསྟན་འབྲུག་ཡུལ་ དུ་སྤེལ་བར་སྐུལ་སློང་ཆེན་པོ་བྱས་པས་ནང་བསྟན་རིག་གནས་འདི་འབྲུག་པའི་འཚོ་བ་ དང་རིག་གནས་ལ་ཤ་འཐིམ་ཁྲག་འཐིམ་དུ་གྱུར། འབྲུག་པ་རྣམས་དུས་རབས་མང་བོའི་རིང་ལ་སིལ་བུར་གནས། འོན་ཀྱང་། ཕྱི་ལོ ༡༦༡༦ ལོར་ངག་དབང་རྣམ་རྒྱལ་(བོད་མི་ཡུལ་གྱར་བ་ཞིག)ཞེས་པ་ཞིག་འབྲུག་ཡུལ་གྱི་ཆོས་ཀྱི་དབུ་ཁྲིད་དུ་གྱུར། ཁོ་བོས་<Shabdrung>ཞབས་ དྲུང་རིན་པོ་ཆེ་ཞེས་པའི་མཚན་བྱང་གི་འོག་ནས་འབྲུག་ཡུལ་འདི་གཅིག་གྱུརད་ཀྱི་ རྒྱལ་ཁབ་ཅིག་ཏུ་བསྒྱུར། ངག་དབང་རྣམ་རྒྱལ་གྱིས་འབྲུག་གི་ཆོས་སྲིད་ཁ་ཁར་ཕྱེ་སྟེ་ཞབས་དྲུང་ཆོས་ཀྱི་ དབུ་ཁྲིད་དང་སྡེ་སྲིད་སྲིད་ཀྱི་རྗེ་བོར་བསྐོས་ཏེ་སྲིད་ཕྱོགས་ཀྱི་ལས་དོན་ ཡོད་རྒུ་ཁོང་ལ་སྒྲུབ་ཏུ་བཅུག
ཕྱི་ལོ ༡༦༢༧ ལོར་འབྲུག་ཡུལ་ཏུ་ཕོ་ཆུ་རྒོའི་ཡི་ཤུའི་ཆོས་པ<Portuguese>གཉིས་བསླེབས་ཤིང་ཁོང་གཉིས་ནི་ལོ་རྒྱུས་སྟེང་འབྲུག་ཡུལ་དུ་ཡོང་མཁན་གྱི་ཡོ་རོབ་པ་ཐོག་མ་དེ་ཡིན། དུས་རབས ༡༨ པ་ནི་འབྲུག་གི་ཆབ་སྲིད་ལ་བརྟན་བརླིང་མེད་པའི་དཀའ་ངལ་གྱིས་བཙུར་པའི་དུས་ སྐབས་ཤིག་ཡིན། རྒྱུ་མཚན། སྐབས་དེར་འབྲུག་པ་ཚོས་ནང་ཁུལ་ནས་སྡེ་སྲིད་མང་བོ་ལྐོག་གསོད་བྱས་པ་དང་ཕྱི་ ཕྱོགས་ནས་དབྱིན་ཇིའི་སྟོབས་ཤུགས་རྒྱ་གར་དུ་བསླེབས་པས། ཕྱི་ལོ ༡༧༧༤ ལོར་འབྲུག་གིས་དབྱིན་ཇི་དང་མཉམ་དུ་ཆིངས་ཡིག་ཐོག་མ་དེ་འཇོག་དགོས་བྱུང་། གང་ལྟར། ཕྱི་ལོ ༡༨༦༤ ལོར་དབྱིན་འབྲུག་གཉིས་ཀྱིས་སྒྲོར་སུ་<Duars >བྱ་བའི{འབྲུག་ཡུལ་གྱི་རི་དམའ་ཤོས་འགའ}ས་ཆ་ཞིག་བརྩད་ནས་དམག་འཁྲུག་བྱས་ཤིང་མཐར་ས་ཆ་དེ་དབྱིན་ཇིར་ཤོར།
དེང་དུས་ཀྱི་འབྲུག་ཡུལ།
ཕྱི་ལོ ༡༩༠༧ ལོར་ཨོ་རྒྱན་དབང་ཤུགས་འབྲུག་ཡུལ་གྱི་རྒྱལ་བོར་བསྐོས་པ་དང་ཕྱི་ལོ ༡༩༡༠ ལོར་དབྱིན་འབྲུག་གཉིས་ཀྱི་བར་ལ་ཆིངས་ཡིག་ཅིག་བཞག དེ་ ནི་དབྱིན་ཇིས་འབྲུག་གི་ཕྱི་འབྲེལ་མ་གཏོགས་ནང་སྲིད་ལ་ཐེ་གཏོགས་མ་བྱས་ཚེ་ འབྲུག་པ་ཚོས་ཀྱང་གྲོས་ཆོད་དེ་དང་ལེན་བྱ་རྒྱུར་ཁས་བླངས་པའི་སྐོར་རོ། །ཕྱི་ལོ ༡༩༤༧ ལོར་རྒྱ་གར་ལ་དབྱིན་བཙན་རྒྱལ་རིང་ལུགས་ཀྱི་འོག་ནས་རང་བཙན་ཐོབ་པ་དང་ཕྱི་ལོ ༡༩༤༩ ལོར་རྒྱ་འབྲུག་གཉིས་ཀྱི་བར་ལ་ཡང་ཆིངས་ཡིག་ཅིག་བཞག དེའི་ནང་ལ་གལ་ཏེ་འབྲུག་པ་ཚོས་ནང་ཁུལ་གྱི་ལས་དོན་རྒྱ་གར་གྱི་བཀོད་པ་ལྟར་ བསྒྲུབ་རྒྱུ་ཚེ་རྒྱ་གར་གྱིས་ཀྱང་འབྲུག་གི་དོན་དག་ལ་ཐེ་གཏོགས་ཡེ་ནས་མི་བྱ་ ཞེས་བཀོད་ཡོད།
ཕྱི་ལོ ༡༩༦༠ ནང་ལ་འབྲུག་པའི་རྗེས་ལུས་ཀྱི་རྣམ་པ་མཇུག་རྫོགས་ཏེ་ཕྱི་ལོ ༡༩༦༢ ལོར་འབྲུག་རྒྱལ་ཁབ་ཁོ་ལུམ་པོའི< Colombo Plan>འཆར་གཞིའི་ནང་དུ་ཞུགས། ཕྱི་ལོ ༡༩༦༩ ལོར་འབྲུག་རྒྱལ་ཁབ་རྒྱལ་སྤྱིའི་སྦྲག་སྲིད་མཐུན་ཚོགས་<Universal Postal Union >ཀྱི་ ནང་དུ་ཞུགས་པ་མ་ཟད་ཕྱི་ལོ ༡༩༧༡ ལོར་འབྲུག་རྒྱལ་ཁབ་དངོས་སུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་ཤིང་ འབྲུག་རྒྱལ་གྱིས་རྒྱལ་ཁབ་ཀྱི་རྒྱལ་ཚོགས་དང་དམག་སྒར་བཅས་གསར་འཛུགས་བྱས། ཕྱི་ལོ ༡༩༩༩ ལོར་འབྲུག་ཡུལ་ལ་རྒྱང་བསྒྲགས་བརྙན་འཕྲིན་འཛུགས་ཆོག་པའི་ཆོག་མཆན་ཐོག་མར་ཐོབ་པ་དང་། དུས་རབས་ཉེར་གཅིག་པའི་སྟོད་ལ་འབྲུག་རྒྱལ་ཁབ་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར། ཕྱི་ལོ༢༠༠༥ ལོར་འབྲུག་རྒྱལ་བོས་རྩ་ཁྲིམས་གསར་བ་འགའ་ཁྱབ་བསྒྲགས་བྱས་ཤིང་། འབྲུག་ཡུལ་གྱི་དམངས་གཙོའི་གྲོས་ཚོགས་ཀྱི་འོས་བསྡུ་ཐོག་མ་ནི་ཕྱི་ལོ ༢༠༠༨ ལོར་བསྐོངས། མདོར་ན་དེང་དུས་ཀྱི་འབྲུག་ཡུལ་ནི་ཞིང་ལས་རྒྱལ་ཁབ་ཅིག་ཡིནད་ཅིང་བཟོ་གྲྭ་ཚང་མའང་ཁྱིམ་ལས་བཟོ་གྲྭ་(ས་གནས་རང་གི་བཟོ་གྲྭ)<cottage industry>ཞེས་པ་དེ་ཡིན་ལ།
འབྲུག་རྒྱལ་ཁབ་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༤༧༠༠༠ ཡོད་པ་དང་མི་འབོར ༡༦༨༩༠༠༠ཡོད།
སྔ་ལོང་།
ལར་འབྲུག་ནི་མི་རིགས་མང་བོས་གྲུབ་པའི་རྒྱལ་ཁབ་ཅིག་ཡིནད་ཀྱང་དེའི་ནང་ནའང་བྱེ་བྲག་གི་མི་རིགས་གྲངས་མང་གཙོ་བོ་འགའ་ཡོད། དེ་དག་ནི་སྔ་ལོང་། <Ngalop>ཤར་ཕྱོགས།<Sharchop>ཡུལ་མི་དང་བོ། ལྷོ་མཚམས་པ།<Lhotsampa>ཉེ་རབས་བོད་མི་བྱེས་པ་སོགས་ཡིན་ལ། སྔ་ལོང (དེ་ནི་སྔ་མོ་ནས་བསླེབས་མཁན་ཞེས་པའི་བརྡ་ཡིན།)ཞེས་པའི་རུས་ཚན་འདི་ནི་རིགས་རུས་བོད་ཡིན། ཕྱི་ལོ ༨༢༤ ལོར་བོད་རྒྱལ་རལ་བ་ཅན་གྱིས་འབྲུག་ཡུལ་དུ་དམག་བརྒྱབས་ཤིང་དེའི་རྒྱལ་བོ་(སྐབས་དེར་འབྲུག་ཡུལ་དབང་བསྒྱུར་མཁན་གྱི་རྒྱ་གར་གྱི་གར་བོ་ཞིག)རྒྱ་གར་དུ་མཐར་སྐྲོད་བཏང་། བོད་དམག་རྣམས་ཀྱང་དེར་སྡོད་དུ་བཅུག་སྟེ་མིང་ལའང་མི་ལོག་(རྒྱལ་བོའི་བཀའ་མི་ལྡོག་ཅེས་པའི་དོན།)ཅེས་བཏགས། མ་ ཟད་ཕྱི་ལོ ༨༤༢ ལོར་གླང་དར་གྱིས་རལ་བ་ཅན་བཀྲོངས་རྗེས་ཆོས་ལུགས་དང་ཆབ་སྲིད་ཀྱི་གནད་དོན་མང་ བོས་རྐྱེནད་ཀྱིས་བོད་མི་རྣམས་མུ་ནས་འབྲུག་ཡུལ་ལ་སྐྱབས་བཅོལ་དུ་སོང་། མཐར་དུས་རབས ༡༡ ནང་དུ་བོད་དང་སོག་པའི་དམག་གིས་ད་ལྟའི་འབྲུག་ཡུལ་གྱི་ས་ཆ་ཡོངས་རྫོགས་དབང་ བསྒྱུར་ཅིང་སྔ་ལོང་རིག་གཞུང་གོང་འཕེལ་དུ་བཏང་། དེ་དག་གི་མིང་དུ་བྷོད <Bhote> (བོད་ཅེས་པའི་དོན།) ཅེས་འབོད་ལ། དེས་ བོད་བརྒྱུད་ནང་བསྟན་དང་རིག་གཞུང་སོགས་འབྲུག་ཡུལ་དུ་ཁྱབ་སྤེལ་ཆེན་པོ་བྱས་པས་ དུས་དེང་སང་ཡང་བོད་ཀྱི་ནང་བསྟན་ཆོས་ལུགས་དང་རིག་གཞུང་སོགས་འབྲུག་པའི་ཆབ་ དཔལ་རིག་གསུམ་གྱི་ཕྲ་ཕུང་གཙོ་བོ་ཞིག་ཏུ་གྱུར་ཡོད། ཡང་གཅིག་བཤད་ན། འབྲུག་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ནི་རྫོང་ཁ་<བོད་ཡིག>ཞེས་པ་དེ་ཡིནད་ཅིང་དེ་ནི་བོད་ཀྱི་བརྡ་རྙིང་ལས་བྱུང་བར་གྲགས་ལ། སྔ་ལོང་ནི་རྫོང་ཁའི་སྐད་ཡིག་སྤྱོད་རྒྱུགས་ཆེ་བའི་ས་ཆ་ཐིམ་ཕུག<Thimphu><རྒྱལ་ས>སོགས་འབྲུག་ཡུལ་ནུབ་རྒྱུད་དང་བྱང་རྒྱུད་དུ་གནས་ཡོད།
རྒྱལ་རྟགས།
འབྲུག་རྒྱལ་ཁབ་ཀྱི་རྒྱལ་རྟགས་ནི་མུ་ཁྱུད་རིན་པོ་ཆེས་བརྒྱན་ཅིང་བཟོ་དབྱིབས་སྒོར་མོ་ཅན་ཞིག་ཡིན།
མུ་ཁྱུད་ཀྱི་ནང་གི་ཕྱོགས་གཡས་གཡོན་གཉིས་སུ་གྱེན་ལ་ལང་བའི་འབྲུག་ཕོ་མོ་ཟུང་ཞིག་གདའ་ལ།
དེ་གཉིས་ཀྱི་བར་ན་རྡོ་རྗེ་རྒྱ་གྲམ་ཞིག་ཡོད་པ་དང་དེའི་འོག་ན་པདྨ་དང་སྟེང་ན་ནོར་བུ་འོད་འབར་ཞིག་ཡོད།
རྡོ་རྗེ་རྒྱ་གྲམ་གྱིས་ཆོས་སྲིད་གཉིས་བར་གྱི་མཐུན་སྒྲིལ་གྱི་སྟོབས་ཤུགས་མཚོན་པ་དང་པདྨས་དྲི་མ་མེད་པ་མཚོན།
དེ་ བཞིན་འབྲུག་ཕོ་མོ་ཟུང་ཞིག་ཡུལ་འདིའི་མཚན་བྱང་གི་ཚུལ་དུ་ལང་ཡོད་པ་དང་རྒྱལ་ རྟགས་ཀྱི་ཕྱིའི་རིན་པོ་ཆེའི་མུ་ཁྱུད་ཀྱིས་འབྲུག་རྒྱལ་ཁབ་ཀྱི་བླ་ན་མེད་པའི་ སྟོབས་ཤུགས་མཚོན་ནོ། །
རྒྱལ་དར།
འབྲུག་ གི་རྒྱལ་དར་གྱི་བཟོ་དབྱིབས་ནི་སྲིད་རིང་ཞིང་དཔངས་དམའ་བའི་གྲུ་བཞི་ཡིན་པ་དང་ ཁ་དོག་སེར་བོ་དང་དམར་སེར་གཉིས་ཀྱིས་གྲུབ་པ། ཁ་དོག་གཉིས་ཀྱི་མུ་མཚམས་ནི་གཡས་མཐོ་ས་ནས་གཡོན་དམའ་སར་གསེག་ལ་ཡོད་པ། སྟེང་གི་ཁ་དོག་སེར་བོ་ཕྱེད་ཀས་འབྲུག་གི་རྒྱལ་བོའི་དབང་ཆ་དང་ཆབ་སྲིད་ཀྱི་ སྟོབས་ཤུགས་མཚོན་ལ། འོག་གི་ཁ་དོག་དམར་སེར་གྱིས་ནང་བསྟན་གྱི་སྟོབས་ཤུགས་དང་ཆོས་ཀྱི་ཉམས་ལེན་དང་ དགོས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་གྲུབ་མཐའ་མཚོན། དེ་ བཞིན་དུ་འབྲུག་གིས་རྒྱལ་ཁབ་ཀྱི་ངོ་བོ་དང་དྲི་མ་མེད་པ་མཚོན་ལ་དེའི་སྡེར་ མོའི་ནང་གི་ནོར་བུས་འབྲུག་རྒྱལ་ཁབ་ཀྱི་ཕུན་ཚོགས་དང་འབྱོར་ཕྱུག་མཚོན་ནོ། །
གསར་འགོད་པ་ལྷ་སྐྱབས་ལགས། ང་རང་གིས་གོང་གི་གསར་འགྱུར་འདི་ཐེངས་ཁ་ཤས་ལ་ཞིབ་ཚགས་ཀྱིས་ཀློག་སྟེ་གཞི་ནས་ནང་དོན་ཕྲན་བུ་ཞིག་ཧ་གོ་སོང་། ད་དུང་གསར་འགོད་པ་ཁྱོད་རིང་གིས་ཡར་རྒྱས་སུ་གཏོང་དགོས་པའི་ཕྱོགས་ཆ་ཤིན་ཏུ་མང་པོ་འདུག གསར་འགྱུར་བཀོད་པ་ལེགས་བྱུང་།
ངས་འདིའི་འོག་ཏུ་འབྲུག་གི་ལོ་རྒྱུས་ཤིག་འགོད་ཆོག་པར་བགྱིས་སོ།།།
དེ་ཡང་དུས་རབས་དགུ་བའི་གོང་དུ་བྱུང་བའི་འབྲུག་ཡུལ་གྱི་གནས་ཚུལ་རྣམས་གསལ་བོ་ཤེས་རྟོགས་བྱུང་མེད་པ་དང་། དེའི་རྗེས་སུ། བོད་དུ་བླ་མ་ཆེ་ཁག་དང་ཆོས་ལ་དད་པ་ཡོད་མཁན་མང་བོ་དམར་གསོད་དུ་བཏང་བའི་དྲག་པོའི་ཟིང་ཆ་བྱུང་བའི་སྐབས་སུ་བོད་ཀྱི་གྲྭ་བ་མང་བོ་འབྲུག་ཏུ་བྲོས་བྱོལ་དུ་བསླེབས་ཤིང་། གནས་དེར་གཞིས་ཆགས་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་དར་སྤེལ་བྱུང་བ་ལ་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་ཁ་ཇེ་རྒྱས་སུ་ཕྱིན་པ་རེད། དུས་རབས་༡༢་བའི་ནང་དུ་འབྲུག་ཏུ་འབྲུག་པ་བཀའ་བརྒྱུད་དར་སྤེལ་བྱུང་བ་དང་། དེ་ནས་འབྲུག་གི་ཆབ་སྲིད་ཀྱི་ལོ་རྒྱུས་རྣམས་བོད་ཀྱི་ཆོས་བརྒྱུད་ཀྱི་ལམ་ལུགས་རྨང་གཞིར་བཟུང་བའི་སྟེང་ནས་གོང་འཕེལ་དུ་བྱུང་བ་དང་། འབྲུག་ཡུལ་ནི། ཡུན་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་སྣ་མང་ལ་བརྟེན་ནས་རིམ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཐུབ་པར་གྱུར་ཡོད། དུས་རབས་བདུན་པའི་དཀྱིལ་ནས་དུས་རབས་དགུ་བའི་བར་དུ་བོད་ཀྱི་རྒྱལ་རབས་ཀྱི་སྲིད་དབང་གི་འོག་ཏུ་གནས་ཡོད་པར་བཤད་པ་དང་། དེའི་རྗེས་སུ། འབྲུག་ཡུལ་དུ་གཅིག་གྱུར་གྱི་དབང་བསྒྱུར་མེད་པར་ས་གནས་ཁག་ཁ་འཐོར་དུ་གནས་པའི་ཡུལ་གྱི་དཔོན་པོ་བྱུང་བ་དང་། སྤྱི་ལོ་༡༦༡༦་ལོའི་ནང་དུ། བོད་ཀྱི་གཙང་སྟོད་ནས་ཡིན་པའི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འབྲུག་ཡུལ་དུ་ཕེབས་ནས། ཁོང་གིས་འབྲུག་ཡུལ་ནི་གཅིག་གྱུར་གྱི་ཡུལ་གྲུ་ཞིག་ཏུ་བཟོས་ཤིང་། འབྲུག་པའི་རིག་གཞུང་གི་ངོ་བོ་སོགས་བོད་ཀྱི་ཤེས་རིག་གི་ཁྱད་ཆོས་ལས་ཁ་བྲལ་དུ་གནས་པར་འབད་བརྩོན་གནང་བ་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ནི་བོད་ཀྱི་གཙང་རྭ་ལུང་དགོན་པ་ནས་ཡིན་པ་དང་འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་འཛིན་མཁན་འབྲུག་པ་མི་ཕམ་བསྟན་པའི་ཉི་མ་དང་སྡེ་བ་སྐྱིད་ཤོད་པའི་སྲས་མོ་བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་ཡིན། གཞོན་དུས་ཁོང་ནི་རྒྱལ་དབང་འབྲུག་ཆེན་གྱི་ཡང་སྲིད་ལ་ངོས་འཛིན་མཛད་དེ། གཙང་རྭ་ལུང་དགོན་པར་ཁྲི་འདོན་གནང་ནའང་འབྲུག་ཆེན་པདྨ་དཀར་བོའི་རྗེས་འབྲངས་པ་ལྷ་རྩེ་ངག་དབང་བཟང་བོ་སོགས་ཀྱིས་ངོས་ལེན་མ་གནང་པ་དང་། ཡིན་ཡང་། ཁོང་གིས་མུ་མཐུད་དུ་འབྲུག་པ་བཀའ་བརྒྱུད་ཀྱི་མ་དགོན་རྭ་ལུང་དུ་མུ་མཐུད་དུ་རྒྱུན་བཞུགས་དང་ཁྲི་འཛིན་གནང་བ་ལ་གཞན་གྱིས་དབྱེན་སྦྱོར་སྣ་མང་བརྩམས་པ་དང་། བོད་ཀྱི་གཙང་པ་སྡེ་སྲིད་ལགས་ཀྱིས་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འཛིན་བཟུང་བྱེད་པར་གྲ་སྒྲིག་བྱས་པ་ལ་བརྟེན་ནས། སྤྱི་ལོ་༡༦༡༦་ལོར་ཁོང་བོད་ནས་ཕྱོགས་ཐོན་མཛད་དེ་འབྲུག་ཏུ་ཕེབས་པ་དང་དེའི་ནུབ་ཕྱོགས་ཀྱི་ས་གནས་ཁག་ཏུ་རྟེན་གཞི་བྱས་ནས་རྒྱུན་བཞུགས་གནང་བར་མ་ཟད། ཐིམ་པུ་ལུང་གཞོངས་ཀྱི་སྟོད་ཕྱོགས་སུ། སྤྱི་ལོ་༡༦༢༠་ལོར་འབྲུག་པ་བཀའ་བརྒྱུད་ཀྱི་ཆག་རི་དགོན་པ་ཕྱག་འདེབས་མཛད་ཅིང་། འབྲུག་ཡུལ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་རྒྱུན་རིམ་བཞིན་གསར་བཏོད་གནང་བ་རེད། ད་དུང་སྤྱི་ལོ་༡༦༢༩་ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་གི་ཐིམ་པུ་ཕྱོགས་སུ་བསམ་སྟོད་ཀ་རྫོང་སྟེ་སྲིད་འཛིན་གྱི་ལྟེ་བ་གསར་འཛུགས་གནང་ཞིང་། དུས་རབས་༡༢་ནས་འབྲུག་གི་ནང་དུ་དར་ཁྱབ་བྱུང་བའི་ལྷ་པ་བཀའ་བརྒྱུད་དང་རྙིང་མ་ཆོས་བརྒྱུད་བཅས་ཀྱིས་བདག་འཛིན་བྱས་པའི་ས་ཆ་ཁ་ཤས་ཤིག་ལ་དབང་བསྒྱུར་མཛད་ཅིང་། དེ་ནས་རིམ་གྱིས་འབྲུག་གི་ས་ཁུལ་ཡོངས་སུ་ལས་འགུལ་སྣ་མང་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་ལ་བརྟེན་ནས། འབྲུག་ཡོངས་རྫོགས་གཅིག་གྱུར་གྱི་དབང་བསྒྱུར་མཛད་པའི་ཐབས་བྱུས་བཤམས་པ་རེད། འབྲུག་གི་ཁྲིམས་ཀྱི་བཅའ་ཡིག་ཆེན་མོ་བཟོས་ཤིང་། བོད་ཀྱི་སྡེ་བ་གཞུང་གི་སྲིད་ཀྱི་དབང་བསྒྱུར་ལས་ལོགས་སུ་བགར་བ་དང་། ཞབས་དྲུང་ཞེས་པའི་མིང་གི་གོ་གནས་སོགས་བཟུང་སྟེ་འབྲུག་གི་དགོན་སྡེ་དང་མི་སྡེ་ཁག་གི་སྲིད་ཀྱི་འཛིན་སྐྱོང་གི་ལམ་ལུགས་གསར་དུ་བཏོད་ཡོད། དེ་ནས་སྤྱི་ལོ་༡༦༥༡་ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་ སྐུ་འདས་གྲོངས་སུ་ཕྱིན་པ་རེད། དེའི་རྗེས་སུ་སྲིད་ཀྱི་དབང་ཆ་མཐའ་དག་ཁོང་གི་རྗེས་འབྲངས་བ་ཡིན་པའི་ས་གནས་དཔོན་སློབ་རྣམས་ཀྱིས་མཇུག་སྐྱོང་གནང་བ་དང་། ཁོང་སྐུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ནི་ས་གནས་དཔོན་སློབ་རྣམས་ཀྱིས་ལོ་ངོ་༥༤་རིང་དུ་གསང་རྒྱ་མཛད་དེ་མུ་མཐུད་དུ་ཁོང་གི་ལས་དོན་རྣམས་རྒྱུན་འཛིན་གནང་པ་རེད། ད་ལྟའང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འདས་གྲོངས་སུ་ཕྱིན་པའི་ཉིན་མོ་དེ་འབྲུག་རྒྱལ་ཡོངས་ཀྱི་གུང་གསེང་ཞིག་ལྟར་དུ་བོད་ལུགས་ཀྱི་ཟླ་བཞི་བའི་ཚེས་བཅུ་ལ་སྲུང་བརྩི་ཞུ་བཞིན་པ་རེད། དེ་ནས་རིམ་གྱིས་འབྲུག་གི་ས་གནས་ཁག་ཏུ་ལོ་ངོ་ཉིས་བརྒྱའི་རིང་དུ་མི་དམངས་ནང་ཁུལ་ལ་སྲིད་དབང་རྩོད་ལེན་དང་འཐབ་འཛིང་ནང་འཁྲུག་གི་རྒྱུན་མ་ཆད་པར་བསྟུད་མར་བྱུང་བ་ཁག་བརྒྱུད་ནས། སྤྱི་ལོ་༡༨༨༥་ལོར་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་གིས་འབྲུག་གི་སྲིད་དབང་མཐའ་དག་གཅིག་ཏུ་བསྒྲིལ་པ་དང་། དེ་ནས་ཨིན་ཇི་དང་རྒྱ་གར་མཉམ་དུ་མཐུན་སྒྲིལ་གྱི་ཆིངས་ཡིག་རྒྱུད་འཛིན་བྱས་པ་རེད། ཨོ་རྒྱན་དབང་ཕྱུག་ནི་སྤྱི་ལོ་༡༨༦༢་ལོར་ཀྲོང་གསར་རྫོང་གི་དཔོན་སློབ་ཀྱི་གོ་གནས་འཛིན་པའི་འཇིགས་མེད་རྣམ་རྒྱལ་དང་ཨ་ཞེ་པད་མ་ཆོས་སྐྱིད་གཉིས་སུ་འཁྲུངས་པ་དང་། ཡབ་དམ་པའི་དཔོན་སློབ་ཀྱི་གོ་གནས་རྒྱུན་འཛིན་དང་ཆབ་སྲིད་ཀྱི་དགྲ་བོ་རྣམས་ཕམ་པར་མཛད་པ་ལ་བརྟེན་ནས། འབྲུག་གི་རྒྱལ་ས་རྙིང་བ་སྤུ་ན་ཁའི་མི་དམངས་ཀྱིས་ཁོང་ནི་འབྲུག་གི་རྒྱལ་བོར་བདམས་པ་དང་། སྤྱི་ལོ་༡༩༠༧་ལོའི་ཟླ་༡༢་པའི་ཚེས་༡༧་ཉིན་ལ་འབྲུག་གི་རྒྱལ་བོའི་དབུ་ཞྭ་ལེགས་པར་བསྣམས་ཡོད་པ་རེད། སྤུ་ན་ཁ་ནི་འབྲུག་ཡུལ་ལ་རྫོང་ཁག་ཉི་ཤུ་ཡོད་པའི་ནང་གི་གཅིག་ཡིན་པ་དང་། དེ་ནི་སྤྱི་ལོ་༡༩༥༥་ལོའི་བར་དུ་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་དང་སྲིད་འཛིན་གྱི་ས་གནས་ཤིག་ཏུ་གྱུར་ཡོད། དེའི་རྗེས་སུ་རྒྱལ་ས་ཐིམ་པུ་ལ་གནས་སྤོར་གནང་ཡོད། སྤྱི་ལོ་༡༩༡༠་ལོའི་ནང་དུ་ཁོང་གིས་ཨིན་ཇི་དང་མཉམ་དུ་སྤུ་ན་ཁའི་ཆིངས་ཡིག་བཞག་ནས་ཨིན་ཇིའི་རྒྱ་གར་གཞུང་གིས་འབྲུག་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར་བཟོས་པ་རེད། སྤྱི་ལོ་༡༩༢༦་ལོར་ཨོ་རྒྱན་དབང་ཕྱུག་སྐུ་གྲོངས་པའི་རྗེས་སུ། ཁོང་གི་སྲས་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་རྒྱལ་བོའི་རྒྱུན་འཛིན་གནང་ནས་སྲིད་ཀྱི་གོ་གནས་བཟུང་བ་རེད། སྤྱི་ལོ་༡༩༤༧་ལོར་རྒྱ་གར་རང་བཙན་ཐོབ་པའི་སྐབས་སུ། རྒྱ་གར་གྱི་གཞུང་གསར་བས་འབྲུག་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་ཡོད། ལོ་དེར་རྒྱ་གར་དང་འབྲུག་གཉིས་ཀྱིས་ཞི་བདེ་དང་མཛའ་མཐུན་གྱི་ཆིངས་ཡིག་ལ་མཚན་རྟགས་བཀོད་པ་དང་། རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་ནང་དུ་རྒྱ་གར་གྱིས་འབྲུག་ལ་བཀོད་འདོམས་བྱེད་པ་ལས་འབྲུག་གི་ནང་སྲིད་ལ་ཐེ་བྱུས་མི་བྱེད་པར་འགན་ལེན་བྱས་ཡོད། སྤྱི་ལོ་༡༩༥༢་ལོར་ཁོང་གི་སྲས་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་རྒྱལ་བོའི་གོ་གནས་བཞེས་པ་དང་། དེ་ནས་འབྲུག་རྒྱལ་ཁབ་རིམ་བཞིན་ཡར་རྒྱས་ཀྱི་རྣམ་པ་བྱུང་ཞིང་། སྤྱི་ལོ་༡༩༧༡་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཚུད་ཡོད། ཁོང་གིས་འབྲུག་ཏུ་རྒྱལ་ཡོངས་གྲོས་ཚོགས་དང་རྒྱལ་བོའི་དམག་དཔུང་དང་མཐོ་རིམ་ཁྲིམས་ཁང་སོགས་བཙུགས་ནས་དེང་རབས་སུ་ཕྱོགས་སུ་བསྐྱོད་པའི་འགོ་བརྩམས་ཡོད། སྤྱི་ལོ་༡༩༧༢་ལོར་རྒྱལ་བོ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གློ་བུར་དུ་འདས་གྲོངས་སུ་ཕྱིན་པའི་རྗེས་སུ། ཁོང་གི་སྲས་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་ལགས་དགུང་ལོ་བཅུ་བདུན་སྟེང་རྒྱལ་བོའི་ཁྲི་ལ་འཁོད་ཅིང་། སྤྱི་ལོ་༡༩༧༤་ལོའི་ཟླ་༦་ཚེས་༢་ཉིན་ལ་འབྲུག་རྒྱལ་བོའི་དབུ་ཞྭ་གསོལ་བ་རེད། ཁོང་ནི་འཛམ་གླིང་འདིའི་ནང་གི་རྒྱལ་བོ་གཞོན་ཤོས་དེ་ཆགས་པ་དང་། འབྲུག་དང་། རྒྱ་གར། ཨིན་ཇི། ཨ་རི་སོགས་ཀྱི་མཐོ་སློབ་ཁག་ཏུ་དེང་རབས་ཀྱི་ཤེས་ཡོན་སྣ་མང་ལ་སློབ་སྦྱོང་བྱས་མྱོང་བའི་མི་སྣ་ཞིག་ཡིན་པས། རྒྱལ་སྤྱིའི་གནས་ཚུལ་ལ་ཤེས་རྟོགས་ཟབ་པ་དང་འབྲུག་ཏུ་དེང་གི་ཤེས་ཡོན་སློབ་གསོ་དང་། ཆབ་སྲིད་འཛིན་སྐྱོང་། ཡུལ་སྐོར་ལྗོངས་རྒྱུ། དཔལ་འབྱོར་བཅོས་བསྒྱུར། རྒྱལ་ཡོངས་བདེ་སྐྱིད། དམངས་གཙོའི་ལྟ་གྲུབ་ལ་སོགས་གོང་འཕེལ་དང་ཡར་རྒྱས་སུ་བཏང་བའི་རླབས་ཆེན་གྱི་མཛད་རྗེས་ཡོད་པ་ཞིག་ཡིན། འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ཡང་སྲིད་ཀྱི་སྐོར་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་སོགས་རྩོད་རྙོག་སྣ་མང་གི་ཁྲོད་དུ་འབྲུག་སྡེ་སྲིད་དང་། རྗེ་མཁན་པོ། དཔོན་སློབ་གསུམ་གྱིས་ངོས་འཛིན་སྟངས་མི་འདྲ་བ་མང་བོ་རིམ་པར་བྱོན་པ་དང་འབྲུག་གཞུང་གིས་ཁོང་གི་སྤྲུལ་སྐུ་ལ་བཀག་སྡོམ་གྱི་བྱེད་ཐབས་ཀྱང་མཛད་པ་རེད། གཞན་ཡང་། རྒྱ་གར་གྱི་མོན་རྟ་དབང་དགོན་པ་དང་། བོད་སོགས་སུའང་ཁོང་གི་ཡང་སྲིད་བྱུང་ཡོད་པ་སྟེ། དེང་སང་ཨི་ཏ་ལིར་བཞུགས་པའི་བོད་རིགས་མཁས་དབང་ནམ་མཁའི་ནོར་བུ་ཡང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་ཡིན་པར་བཤད་དོ། ། ད་དུང་དེང་སང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྤྲུལ་སྐུ་ལ་ངོས་འཛིན་གནང་བའི་ཕྲུ་གུ་ལོ་ཆུང་ཆུང་ཞིག་ཡོད་པ་སྤྱི་ལོ་༢༠༠༥་ལོ་ནས་བཟུང་ཕ་མ་དང་མཉམ་དུ་བཟང་བཙོན་དུ་བཞག་ཡོད་པར་བཤད་པ་རེད། སྤྱི་ལོ་༢༠༠༦་ལོའི་ཟླ་༡༢་བའི་ཚེས་༡༤་ཉིན་དུ་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་གིས་རྒྱལ་བོའི་སྲིད་དབང་གི་གོ་གནས་ལས་དགོངས་པ་ཞུས་ནས། སྲས་འབྲུག་རྒྱལ་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རྒྱལ་ཚབ་ཏུ་བསྐོ་བཞག་གནང་བ་རེད། སྤྱི་ལོ་༢༠༠༨་ལོའི་ཟླ་༡༡་པའི་ཚེས་༦་ཉིན་དུ་འབྲུག་གི་གནའ་བོའི་གྲོང་ཁྱེར་རྙིང་བ་སྤུ་ན་ཁ་རུ་གཞུང་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་གི་སྟེང་དུ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལ་རྒྱལ་བོའི་དབུ་ཞྭ་དེ་གསོལ་བ་རེད། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ཐེ་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་མང་བོ་མཉམ་ཞུགས་གནང་ཡོད། སྲས་འཇིགས་མེད་གེ་སར་ནི་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་<གེ་དབང་ཕྱུག་ལ་བཙུན་མོ་བཞི་ཡོད་པའི་ནང་གི་གསུམ་པ་ཨ་ཤེ་ཚེ་རིང་གཡང་སྒྲོན་གྱི་སྲས་རྒན་པ་ཡིན། ཁོང་གིས་ཆུང་དུས་འབྲུག་ཏུ་གཡང་ཆེན་པུ་འབྲིང་རིམ་སློབ་གྲྭར་སློབ་སྦྱོང་བྱས་པ་དང་། དེ་ནས་རིམ་བཞིན་ཨ་རི་ནང་དུ་མཐོ་སློབ་ཁག་ཁ་ཤས་ལ་འགྲིམས་པའི་རྗེས་སུ་ཨིན་ཇིའི་ཨོ་ཁུ་སི་ཕོར་ཏྲི་སློབ་ཆེན་དུ་ཕྱི་ཕྱོགས་ཀྱི་ཞབས་ཞུ་སྒྲིག་གཞི་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་ལ་སློབ་གཉེར་བྱས་ནས་སློབ་ཐོན་ཕྱིན་པ་རེད། སྤྱི་ལོ་༢༠༡༡་ལོའི་ཟླ་༥་བའི་ཚེས་༢༠་ཉིན་དུ་རྒྱལ་བོ་འཇིགས་མེད་གེ་སར་གྱིས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པའི་སྒོ་འབྱེད་མཛད་སྒོ་གནང་བའི་སྐབས་སུ། ཁོང་ནི་སྤྱི་ལོ་༢༠༡༡་ལོའི་ཟླ་༡༠་བའི་ཚེས་༡༣་ཉིན་དུ་སྤུ་ན་ཁ་གྲོང་ཁྱེར་དུ་རང་ལོ་ཉེར་གཅིག་ཡིན་པའི་འབྲུག་གི་མི་སེར་དཀྱུས་མ་རྗེ་བཙུན་པདྨ་ལགས་ལ་འཁྲུངས་ས་བསྐྱོན་རྒྱུ་ཡིན་པར་གསལ་བསྒྲགས་བསྐྱངས་པ་རེད། དེ་ལྟར་དུ་ཉིན་དེར་འབྲུག་གི་ཆུ་བོ་ཕོ་ཆུ་དང་མོ་ཆུ་ཟེར་བ་གཉིས་འཛོམས་སའི་གནས་ཏེ་པུ་ན་ཁ་རྫོང་དུ་མཛེས་སྡུག་གི་ཡོན་ཏན་ཡོངས་སུ་རྫོགས་པའི་རྗེ་བཙུན་པད་མ་མཆོག་འབྲུག་གི་སྲོལ་རྒྱུན་ཆོས་ལུགས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་དང་མཉམ་དུ་རྒྱལ་བོའི་ཁབ་ཏུ་བཞེས་ཡོད་པ་རེད།