མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱོས།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་བོད་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོར་གསུང་འཕྲིན་སྩལ་ཏེ་ད་ལྟའི་དུས་འདིར་གཙོ་ཆེ་ཤོས་བོད་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཆགས་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཚེས་ ༢༡ དང་ ༢༢ བཅས་ཉིན་གཉིས་རིང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བོད་ཀྱི་ཐེབས་རྩ་ཁང་ (Tibet House Trust) གི་གོ་སྒྲིག་འོག ཕ་མ་གཉིས་ལས་གཅིག་བོད་རིགས་ཡིན་པའི་མི་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོ་ཚོགས་ཡོད་པ་དང་། དེར་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་འགྲུབ་མཆོག་དང་། དབྱིན་ཡུལ་དང་འཇར་མན། སུད་སི། ཧྥ་རན་སི། བྱང་ཨ་རི་བཅས་ནས་རང་ལོ་ ༡༨ ནས་ ༤༠ བར་ཡིན་པའི་མི་ ༢༠ བཅས་ཚོགས་ཞུགས་གནང་ཡོད་འདུག

ལྷན་ཚོགས་འདི་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ། ཕྱེད་བོད་རིགས་ཡིན་པའི་མི་རབས་གསར་པ་ཚོ་ཕན་ཚུན་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུའི་གོ་སྐབས་བསྐྲུན་ཆེད་དང་། རང་གི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སོགས་ཀྱི་གལ་གནད་རྣམས་གསལ་རྟོགས་ཐུབ་ཆེད་ཡིན་འདུག

ཐེངས་འདིའི་ལྷན་ཚོགས་ཐོག་༸གོང་ས་མཆོག་གི་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་། དེ་རིང་དེ་གར་ཁྱེད་རང་ཚོ་མི་རིགས་འདྲེས་མའི་བོད་ཕྲུག་ཚོ་འཛོམས་ཀྱི་ཡོད་འདུག་པས་ཧ་ཅང་དགའ་པོ་བྱུང་།  ང་རང་གིས་ནམ་རྒྱུན་འགྲོ་བ་མིའི་རིགས་ཚང་མ་ལུས་སེམས་གཉིས་ཀྱི་ཐོག་ནས་གཅིག་མཚུངས་ཡིན་ཡང་།  འགྲོ་བ་མིའི་རིགས་རུས་དང་མཚོན་མདོག  ཆོས་ལུགས། མི་རིགས་བཅས་མི་འདྲ་བའི་ཕྱོགས་དེ་གལ་ཆེན་དེ་འདྲ་མ་རེད་ཅེས་བརྗོད་ཀྱི་ཡོད། བོད་པ་ཚོ་འཛམ་གླིང་ནང་ཡོད་པའི་མི་རིགས་འདྲ་མིན་དང་འབྲེལ་འདྲིས་བྱེད་དགོས་སྟབས། མི་རིགས་གཞན་དང་མཉམ་དུ་ཆང་ས་རྒྱག་དགོས་པ་བརྗོད་མི་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། སྤྱིར་བཏང་གནས་ཚུལ་དེའི་རིགས་ཕྱི་ལོ་ ༡༩༥༩ ལོའི་གོང་བལ་ཡུལ་དང་འབྲུག འབྲས་ལྗོངས་སོགས་དང་ལྷན་བོད་རིགས་ཆང་ས་བརྒྱབ་པ་དེ་འདྲ་བྱུང་མྱོང་ཡོད་ལ། བོད་རང་བཙན་ཤོར་རྗེས་སུ་རྒྱལ་ཁབ་གཞན་མི་རིགས་དང་ལྷན་ཆང་ས་བརྒྱབ་པའི་གནས་ཚུལ་ཡང་བྱུང་ཡོད། ཁོང་ཚོའི་བུ་ཕྲུག་གིས་བོད་ཀྱི་གནད་དོན་ཐོག་གཟེངས་སུ་ཐོན་པའི་ལས་ཀ་བྱས་ཡོད། ད་ལྟའི་དུས་སྐབས་འདིར་ང་ཚོའི་ལས་དོན་གཙོ་ཆེ་ཤོས་བོད་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཆགས་ཡོད། དེ་དག་ཀྱང་གཙོ་བོ་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་ཡོང་དགོས་པ་རེད། ང་རང་གི་གོ་སྐབས་འདི་བརྒྱུད་དེ་ཕ་དང་མ་གང་རུང་བོད་མི་ཡིན་པའི་བོད་ཕྲུག་ཚོར་བོད་པའི་ཐུན་མོང་མ་ཡིན་པའི་ནང་ཆོས་དང་རིག་གཞུང་ཐོག་གོ་རྟོགས་ཡག་པོ་ཞིག་ཡོང་ཐུབ་པ་ཡིན་ན། དེས་བོད་པའི་ལས་འགུལ་ཙམ་མ་ཟད་རང་ཉིད་སྒེར་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་སྟབས། ཁྱེད་རང་ཚོས་སྔར་ལྷག་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་པ་རེད། ཅེས་སོགས་གསུངས་ཡོད་འདུག

ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནང་བའི་འཚམས་འཕྲིན་ནང་། དེ་རིང་ཁྱེད་རང་ཚོ་ན་གཞོན་ཁག་ཅིག་དེ་གར་འཛོམས་ཀྱི་ཡོད་འདུག་པས་ང་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོའི་ཚོགས་འདུ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཁྱེད་ཚོའི་ནང་ང་ཚོ་བོད་པའི་འཐབ་རྩོད་ཐོག་ལས་ཀ་དང་ཉམས་མྱོང་གསོག་འདོད་ཡོད་མཁན་སུ་ཡིན་རུང་རྒྱ་གར་ནང་ཡོང་ཐུབ་ན་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། ཚོགས་འདུ་གཉིས་པ་དེ་བཞིན་རྒྱ་གར་ནང་གོ་སྒྲིག་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་སོགས་འཁོད་འདུག

ལྷན་ཚོགས་ཐོག་སྐུ་ཚབ་དོན་གཅོད་མཆོག་གིས་༧གོང་ས་མཆོག་དང་སྲིད་སྐྱོང་རྣམ་གཉིས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་འབྲེལ་གཏམ་བཤད་གནང་སྟེ། བོད་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོ་ཚོགས་ཐུབ་པར་དགའ་སྤོབས་ཆེན་པོ་སྐྱེས་ཡོད་པ་དང་། གལ་སྲིད། ང་ཚོས་ཕྱེད་བོད་རིགས་ཡིན་པའི་མི་རབས་གསར་པ་རྣམས་བསྡུ་སྐོང་གིས་བོད་པའི་སྤྱི་ཚོགས་ནང་འཁྲིད་མ་ཐུབ་ཚེ། མི་རབས་རྗེས་མ་རྣམས་བོད་པའི་སྤྱི་ཚོགས་དང་འབྲེལ་མེད་ཆགས་རྒྱུའི་ཉེན་ཁ་ཡོད་སྟབས། ཐེངས་འདིའི་ཚོགས་འདུས་ཁོང་ལ་རེ་བ་གསར་བ་ཞིག་བྱིན་ཡོད་སྐོར་སོགས་བརྗོད་ཡོད་འདུག

ཐེངས་འདིའི་ཚོགས་འདུ་དང་སྟབས་བསྟུན་ཏེ་ཚོགས་བཅར་བ་རྣམས་༼རང་གི་ངོ་བོ་ངོས་འཛིན༽ཞེས་པའི་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་ཡོད་པར་མ་ཟད། ཡུ་རོབ་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་པ་བཀྲས་མཐོང་ལྷ་སྒྲོན་གཉིས་ཀྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་དང་། བོད་རིགས་སྒྱུ་རྩལ་བ་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་བོད་ཀྱི་ཐུན་མིན་ལག་ཤེས་དང་སྒྱུ་རྩལ་ངོ་སྤྲོད་ཀྱི་གཏམ་བཤད། ལོན་ཌོན་ཧོར་ནི་མན་འགྲེམས་སྟོན་ཁང་ (Horniman Museum) དུ་བོད་ཀྱི་རིག་གཞུང་འགྲེམས་སྟོན་ངོ་སྤྲོད་བཅས་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུས་ཏེ་ཉན་ཞིབ་གནང་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་གནད་དོན་ཐད་ཉན་ཞིབ་གནང་།

ཆུ་ཚོད་ ༥ སྔོན་ལ།
ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༧།༢༣  དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
Vladimir Putin, left, and Xi Jinping in 2019.Source: Pool/Getty Images
Mobile App

རྒྱ་ནག་དང་ཨུ་རུ་སུ་ལ་འབྲེལ་བ་ཡོད་པའི་ཡུ་ཊུབ་ཁ་བྱང་ ༡༡༠༠༠ ལྷག་ནག་གསུབ་བཏང་།  

ཆུ་ཚོད་ ༧ སྔོན་ལ།
འཇང་སྒང་དགོན། པར་དབང་། བོད་ཀྱི་དུས་བབ། ༢༠༢༥།༧།༢༣
Mobile App

རྒྱ་ནག་གཞུང་གིས་བོད་བྲག་མགོ་རྫོང་ནས་མཆོད་རྟེན་དང་གུ་རུའི་སྐུ་བརྙན་བཙན་གྱིས་གཏོར་ཡོད་འདུག

༢༠༢༥/༠༧/༢༢
ཉེ་ལམ་ནག་ཉེས་ཕོག་པའི་བོད་རང་སྐྱོང་ལྗོངངས་ཟེར་བའི་མཐོ་རིམ་མགོ་འཁྲིད་ཁག་ཅིག པར་དུས་བབ་ཀྱིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་ཆེ་དགྲ་ལྷར་ནག་ཉེས་ཚབས་ཆེན་བཙུགས།  

༢༠༢༥/༠༧/༢༢
Mobile App

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༢༢

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    བརྩེ་དུང་ལ། རྒྱལ་མཚམས་མེད།
    གཉེན་སྒྲིག་ལ། ཕྱོགས་རིས་མེད།

    མི་རིགས་ལ། དབྱེ་འབྱེད་མེད།
    ལས་ཀ་ལ། བཟང་ངན་མེད།

    གཉིས་ལྡན་ལ། ར་མ་ལུག་ཟེར།
    ཟུང་ལྡན་ལ། འདྲེས་མ་ཟེར།

    འདྲེས་མས། ཞི་བདེ་ལ་ཕན།
    འདྲེས་མས། མ་འདྲེས་པ་ལའང་ཕན།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    བརྩེ་དུང་ལ་རྒྱལ་མཚན་མེད། གཉེན་སྒྲིག་ལ་ཕྱོགས་རིས་མེད། མི་རིགས་ལ་དབྱེ་འབྱེད་མེད། བྱ་བ་ལ་བཟང་ངན་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese