མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་པིན་ཁྲིམས་ཁང་གི་བཀའ་ཁྱབ་རྩིས་མེད་བཏང་།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སི་པིན་མཐོ་རིམ་ཁྲིམས་ཁང་གིས་ཅང་ཙེ་མེན་སོགས་རྒྱ་ནག་གི་དཔོན་རིགས་ ༥ ལ་ནག་ཉེས་ཁྲིམས་བཤེར་གྱི་བཀའ་ཁྱབ་རྩིས་མེད་བཏང་ཡོད་འདུག

ཕྱི་ལོ་ ༢༠༠༦ ཙམ་ནས་བཟུང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སི་པིན་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་འབྲེལ་གྱིས། སི་པིན་མཐོ་རིམ་ཁྲིམས་ཁང་ལ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་དང་སྲིད་བློན་ཟུར་པ་ལིས་ཕུང་སོགས་མཐོ་རིམ་དཔོན་རིགས་ ༧ གྱིས། ལོ་རབས་ ༨༠ དང་ ༩༠ ནང་བོད་ཁུལ་དུ་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་སོགས་ཀྱི་ནག་ཉེས་ཞུ་གཏུག་གནང་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་སི་པིན་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་ཨེ་སི་མཱེལ་མོ་རི་ནོ་(Ismael Moreno)ལགས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་དང་ལིས་ཕུང་སོགས་མཐོ་རིམ་དཔོན་རིགས་ ༥ ལ་དངོས་སུ་ཁྲིམས་བཤེར་བྱ་རྒྱུ་གཏན་འབེབས་བྱུང་བ་བསྒྲགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ལ་ཁོ་ཚོ་འཛིན་བཟུང་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང་། རྒྱ་གཞུང་གི་གནོན་ཤུགས་འོག ཉེ་སྔོན་སི་པིན་མཐོ་རིམ་ཁྲིམས་ཁང་གིས་བཅའ་ཁྲིམས་ལ་བསྐྱར་བཅོས་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་དཔོན་རིགས་ ༥ འཇུ་བཟུང་ཁྲིམས་བཤེར་བྱེད་པའི་་བཀའ་ཁྱབ་རྩིས་མེད་བཏང་ཡོད་འདུག

ད་ལོའི་ཕྱི་ཟླ་ ༢ པའི་ཟླ་མཇུག་ཏུ་སྲིད་འཛིན་ཚོགས་པས་སྣེ་ཁྲིད་པའི་སི་པིན་གྲོས་ཚོགས་ཀྱིས། སི་པིན་མཐོ་རིམ་ཁྲིམས་ཁང་གི་རྒྱལ་ཕྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་ཉེས་དོན་ཁག་ལ་ཞིབ་བཤེར་བྱེད་པའི་ཁེ་དབང་ལ་ཚོད་འཛིན་དགོས་པའི་གྲོས་གཞི་བཏོན་ཡོད་པ་ལྟར། རྒྱལ་ཕྱིའི་ཁྲིམས་བཤེར་བཅའ་ཁྲིམས་ལ་བསྐྱར་བཅོས་བྱས་ཏེ། དེ་རིགས་ཀྱི་ཉེས་དོན་ཐོ་འགོད་བྱེད་པར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཁག་ཅིག་གཏན་འབེབས་བྱས་པའི་ནང་། དོགས་ཡོད་ཉེས་ཅན་སི་པིན་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་དང་། ཡང་ན་སི་པིན་ནང་གནས་སྡོད་བྱེད་མཁན་ཡིན་དགོས། གལ་སྲིད་ཉེས་དོན་དེ་བྱུང་སྐབས་གནོད་འཚེ་ཕོག་མཁན་སི་པིན་གྱི་མི་སེར་ཡིན་ན། ཁྲིམས་ཁང་གིས་ཉེས་དོན་དེ་ཞིབ་བཤེར་ཐོ་འགོད་བྱེད་ཆོག་ལ། ཉེས་དོན་ཞུ་གཏུག་སྐབས་ངེས་པར་དུ་གནོད་འཚེ་ཕོག་མཁན་དང་ཞིབ་བཤེར་ཁང་གིས། ཁྲིམས་ཁང་ལ་ཡིག་ཐོག་ནས་ཞུ་གཏུག་ཡི་གེ་འབུལ་དགོས་སྐོར་སོགས་བརྗོད་ཡོད་སྟབས། ཞུ་གཏུག་བྱས་པའི་རྒྱ་གཞུང་གི་དཔོན་རིགས་དེ་དག་གིས་བོད་ནང་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་སྤེལ་སྐབས། ཉེས་དོན་ཞུ་གཏུག་པ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སི་པིན་གྱི་མི་སེར་ཆགས་མེད་སྐོར་བརྗོད་དེ་ཁྲིམས་བཤེར་རྩིས་མེད་བཏང་ཡོད་འདུག

གོང་གི་གནད་དོན་ཐད་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གསར་ལམ་དུ། སི་པིན་མཐོ་རིམ་ཁྲིམས་ཁང་གི་འདེམས་ཤོག་བླུགས་པ་བརྒྱུད་འོས་གྲངས་ ༩ དང་ ༧ བཅས་འོས་གཉིས་ཀྱི་ཁྱད་པར་གྱིས། ད་རེབ་ཀྱི་ཁྲིམས་བཤེར་རྩིས་མེད་བཏང་ཡོད་ཀྱང་སེམས་ཤུགས་ཆགས་མེད། རྒྱུ་མཚན་ནི་ཞུ་གཏུག་བརྒྱུད་རྒྱ་གཞུང་གིས་བོད་ནང་བཙན་གནོན་བྱས་པའི་དངོས་ཡོད་གནས་ཚུལ་འཛམ་གླིང་མི་མང་ལ་ཤེས་རྟོགས་བྱུང་དུ་བཅུག་ཡོད་སྟབས། ལོ་མང་རིང་དཀའ་ལས་བརྒྱབ་པ་འབྲས་མེད་དུ་གྱུར་མེད། དེར་བརྟེན་གནད་དོན་དེ་ལ་དོ་ཁུར་གནང་མཁན་གྱི་བོད་མི་དང་འཛམ་གླིང་མི་མང་སེམས་ཤུགས་མ་ཆགས་པར་མུ་མཐུད་དུ་ལམ་ཐབས་སྣ་ཚོགས་བརྒྱུད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་ངོ་སྤྲོད་བྱེད་དགོས་པའི་འབོད་སྐུལ་གནང་འདུག

སི་པིན་སྲིད་འཛིན་ཚོགས་པས་བཅའ་ཁྲིམས་ལ་ཐབས་བརྒྱ་ཇུས་སྟོང་གིས་ཚོད་འཛིན་བྱས་པའི་བྱ་སྤྱོད་དེར། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༡༢༢ ཙམ་གྱིས། སི་པིན་གྲོས་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་རྒྱུན་འཁྱོངས་དང་ཡོངས་ཁྱབ་བདག་དབང་སྲུང་སྐྱོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སི་པིན་སྤྱི་ཚོགས་རིང་ལུགས་ལས་མི་ཚོགས་པས། སྲིད་འཛིན་ཚོགས་པའི་བྱ་སྤྱོད་དེ་སི་པིན་ཀྱི་རྩ་ཁྲིམས་དང་འགལ་ཡོད་པའི་ཁྲིམས་གཏུག་བྱས་པ་སོགས་སི་པིན་མི་མང་དང་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་མང་པོ་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡༧ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 2

  1. གནས་ཚང་། says:
    ལོ་ 12 སྔོན།

    དངུལ་དངོས་ཀྱི་མདུན་ནས་དྲང་བདེན་ཟེར་བར་ལྕི་ཚད་མི་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་དང་ལིས་ཕུང་སོགས་མཐོ་རིམ་དཔོན་རིགས་ ༥ ལ་དངོས་སུ་ཁྲིམས་བཤེར་བྱ་རྒྱུ་གཏན་འབེབས་བྱུང་བ་བསྒྲགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ལ་ཁོ་ཚོ་འཛིན་བཟུང་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང་། རྒྱ་གཞུང་གི་གནོན་ཤུགས་འོག ཉེ་སྔོན་སི་པིན་མཐོ་རིམ་ཁྲིམས་ཁང་གིས་བཅའ་ཁྲིམས་ལ་བསྐྱར་བཅོས་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་དཔོན་རིགས་ ༥ འཇུ་བཟུང་ཁྲིམས་བཤེར་བྱེད་པའི་་བཀའ་ཁྱབ་རྩིས་མེད་བཏང་ཡོད་འདུག ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese